ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་སྲིད་བསྡུ་དབང་གཏོང་དང་དབང་གཏོང་དང་དོ་དམ་གཉིས་ཟུང་འབྲེལ། ཞབས་ཞུ་ལེགས་བཅོས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

李克强.jpg

ཟླ་བཅུ་གཅིག་པའི་ཚེས་ཉེར་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཧྲང་ཧེ་ནས་མགོ་འཛིན་མཛད་དེ་སྲིད་བསྡུ་དབང་གཏོང་དང་དབང་གཏོང་དང་དོ་དམ་གཉིས་ཟུང་འབྲེལ། ཞབས་ཞུ་ལེགས་བཅོས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཅུ་གཅིག་པའི་ཚེས་ཉེར་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཧྲང་ཧེ་ནས་མགོ་འཛིན་མཛད་དེ་སྲིད་བསྡུ་དབང་གཏོང་དང་དབང་གཏོང་དང་དོ་དམ་གཉིས་ཟུང་འབྲེལ། ཞབས་ཞུ་ལེགས་བཅོས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཧྲང་ཧེ་དང་ཧི་པེ། ནང་སོག ཧེ་ལུང་ཅང་། ཀྲེ་ཅང་། ཟི་ཁྲོན། ཞ་མིན། ཝུའུ་ཧན། དབྱིན་ཁྲོན། སུའུ་ཆན། ཅང་མིན་བཅས་ཞིང་ཆེན་དང་ས་གནས་རིམ་པའི་གྲོང་ཁྱེར་བཅུ་གཅིག་གི་འགན་ཁུར་བ་གྲོས་ཚོགས་སུ་ཞུགས།

ལིས་ཁི་ཆང་གིས་གསུངས་རྒྱུར། སྲིད་བསྡུ་དབང་གཏོང་དང་དབང་གཏོང་དང་དོ་དམ་གཉིས་ཟུང་འབྲེལ། ཞབས་ཞུ་ལེགས་བཅོས་བཅས་བཅོས་སྒྱུར་བྱེད་པ་ནི་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པ་དང་ཁྱད་པར་དུ་འདོན་སྤྲོད་རང་བཞིན་གྱི་བཅོས་སྒྱུར་གྱི་ནང་དོན་གལ་ཆེན་ཡིན་ལ། དཔལ་འབྱོར་སྒྲིག་གཞི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། སྲིད་གཞུང་དང་ཚོང་རའི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་པར་རག་ལས་ས་གཙོ་བོའང་ཡིན་པས། འདུ་ཤེས་སྔར་ལས་བསྒྱུར་ཏེ། སྲིད་བསྡུ་དབང་གཏོང་དང་དབང་གཏོང་དང་དོ་དམ་གཉིས་ཟུང་འབྲེལ། ཞབས་ཞུ་ལེགས་བཅོས་བཅས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་དགོས་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། སྲིད་བསྡུ་དབང་གཏོང་དང་དབང་གཏོང་དང་དོ་དམ་གཉིས་ཟུང་འབྲེལ། ཞབས་ཞུ་ལེགས་བཅོས་ཀྱི་བཅོས་སྒྱུར་དེ་ཁྱོན་ཡོངས་ལ་འབྲེལ་བ་ཡོད་པས། ངེས་པར་དུ་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ནས། སྤོབས་པ་ཆེན་པོས་འཚོལ་ཞིབ་བྱེད་པ་དང་། སྔོན་ཐོན་བརྩོན་ལེན་བྱེད་པ། རང་དབང་ཉོ་ཚོང་ས་ཁུལ་གྱི་བཅོས་སྒྱུར་ཉམས་མྱོང་ལ་སློབ་སྦྱོང་དང་ཁྱབ་གདལ་དུ་བཏང་སྟེ། ཚོང་རའི་སྟོབས་ཤུགས་དང་སྤྱི་ཚོགས་གསར་གཏོད་ཀྱི་སྟོབས་ཤུགས་སྔར་ལས་ཇེ་ཆེར་གཏོང་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།