ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་ཨེ་ཁཱ་ཏོར་གློག་འཕྲིན་ཚགས་པར་སྟེང་ཁ་ཡིག་ལ་ཀྲུང་གོ་དང་ཨེ་ཁཱ་ཏོར་བར་དུ་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་འཛུགས་དགོས་ཞེས་པའི་མིང་བཀོད་རྩོམ་ཡིག་ཅིག་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཅུ་གཅིག་པའི་ཚེས་བཅུ་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཨེ་ཁཱ་ཏོར་གློག་འཕྲིན་ཚགས་པར་སྟེང་ཁ་ཡིག་ལ་ཀྲུང་གོ་དང་ཨེ་ཁཱ་ཏོར་བར་དུ་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་འཛུགས་དགོས་ཞེས་པའི་མིང་བཀོད་རྩོམ་ཡིག་ཅིག་སྤེལ།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཨེ་ཁཱ་ཏོར་ནི་བདག་གིས་ད་ཐེངས་ལཱ་ཏེན་མེ་གླིང་ལ་འཚམས་འདྲི་བྱེད་པའི་ས་ཚིགས་ཐོག་མ་ཡིན་ལ། དེ་ནི་ཀྲུང་གོ་དང་ཨེ་ཁཱ་ཏོར་བར་འབྲེལ་བ་བཙུགས་པའི་ཚུན་ལ་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞིས་ཐེངས་དང་པོར་ཨེ་ཁཱ་ཏོར་ལ་འཚམས་འདྲི་བྱས་པ་ཡིན། བདག་གིས་ཀྲུང་གོ་མི་དམངས་ཀྱི་མཛའ་བཤེས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་རེ་འདུན་བཅངས་ཏེ་ཡོང་བ་དང་། ཀྲུང་གོ་དང་ཨེ་ཁཱ་ཏོར་རྒྱལ་ཁབ་གཉིས་བར་དུ་མཛའ་མཐུན་མཉམ་ལས་འབྲེལ་བ་འཛུགས་ཐུབ་པར་རེ་སྒུག་བྱས་ཡོད་ཟེར།

ཞི་ཅིན་ཕེན་གྱིས་བསྟན་དོན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་སོ་དྲུག་གི་རིང་ལ། ང་ཚོས་ཕན་ཚུན་ལ་བཟོད་སྒོམ་དང་རྒྱབ་སྐྱོར། རོགས་རམ་བཅས་བྱས་ནས་ཆབ་སྲིད་ཀྱི་ཡིད་ཆེས་བརྟན་པོ་དང་མཛའ་བཤེས་ཟབ་མོ་བསགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཁཱ་ཏོར་མི་དམངས་ཀྱིས་རྒྱལ་ཁབ་རང་གི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་འཚོལ་ཞིབ་བྱས་པར་རྒྱབ་སྐྱོར་བྱེད་པ་དང་། ཨེ་ཁཱ་ཏོར་ཕྱོགས་ཀྱིས་དཔལ་འབྱོར་སྣ་མང་ཅན་མངོན་འགྱུར་བྱེད་པར་འབད་བརྩོན་བྱས་པར་རྒྱབ་སྐྱོར་བྱེད་པ་ཡིན་ལ། ཨེ་ཁཱ་ཏོར་ཕྱོགས་ཀྱིས་རྒྱལ་སྤྱི་དང་ས་གནས་ཀྱི་ལས་དོན་ཁྲོད་དུ་ནུས་པ་ཆེན་པོ་བཏོན་པར་རྒྱབ་སྐྱོར་བྱེད་པ་ཡིན། ང་ཚོས་ལྷག་བསམ་ཡིད་ཆེས་ཀྱི་གྲོགས་པོ་བཟང་བོ་བྱེད་པ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བའི་གྲོགས་པོ་བཟང་བོ་བྱེད་པར་མ་ཟད། མི་རབས་ནས་མི་རབས་བར་མཛའ་མཐུན་ཡོང་བའི་གྲོགས་པོ་བཟང་བོ་བྱེད་པ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ཀྱི་གྲོགས་པོ་བཟང་བོ་བྱེད་ངེས་ཡིན་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།