ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཕ་ཁི་སི་ཐན་པིས་ཀྲི་ལུའུ་ཞིང་ཆེན་གྱི་ཧུའུ་ཙི་ཏ་ཨར་ས་ཁུལ་དུ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཚབས་ཆེན་བྱུང་བའི་ཐད་ནས་ཕ་ཁི་སི་ཐན་གྱི་ཙུང་ལི་ན་ཝ་ཙི་ཞེ་ལིས་ཧྥུའུ་ལ་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅོ་ལྔ་ཉིན་ཕ་ཁི་སི་ཐན་པིས་ཀྲི་ལུའུ་ཞིང་ཆེན་གྱི་ཧུའུ་ཙི་ཏ་ཨར་ས་ཁུལ་དུ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཚབས་ཆེན་བྱུང་བའི་ཐད་ནས་ཕ་ཁི་སི་ཐན་གྱི་ཙུང་ལི་ན་ཝ་ཙི་ཞེ་ལིས་ཧྥུའུ་ལ་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་།

ལིས་ཁི་ཆང་གིས་འཚམས་འདྲི་ཞུ་བའི་གློག་འཕྲིན་ནང་གསུངས་རྒྱུར། ཕ་ཁི་སི་ཐན་པིས་ཀྲི་ལུའུ་ཞིང་ཆེན་གྱི་ཧུའུ་ཙི་ཏ་ཨར་ས་ཁུལ་དུ་འཇིགས་སྐུལ་པའི་འཇབ་རྒོལ་དོན་རྐྱེན་ཚབས་ཆེན་བྱུང་བར་ཀྲུང་གོ་ཕྱོགས་ཀྱིས་ཁ་རྡུང་དྲག་པོ་གཏོང་བ་ཡིན། བདག་གིས་ཀྲུང་གོ་སྲིད་གཞུང་གི་ཚབ་བྱས་ཏེ་འདས་པོ་རྣམས་ལ་མྱ་ངན་ཞུ་བ་དང་རྨས་མ་དང་འདས་པོའི་ཁྱིམ་མི་ལ་བརྩེ་བའི་འཚམས་འདྲི་ཞུ་བ་ཡིན་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་སྔོན་ཆད་དང་འདྲ་བར་ཕ་ཁི་སི་ཐན་སྲིད་གཞུང་དང་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་པར་རྒྱབ་སྐྱོར་བྱེད་ངེས་ཡིན་ཟེར།    །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།