ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་ཨ་མེ་རི་ཁའི་ཙུང་ཐུང་ལ་བདམས་པའི་ཐི་ལང་ཕུའུ་ལ་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་བཞི་ཉིན་ཨ་མེ་རི་ཁའི་ཙུང་ཐུང་ལ་བདམས་པའི་ཐི་ལང་ཕུའུ་ལ་གློག་འཕྲིན་བཏང་།

ཞི་ཅིན་ཕེན་གྱིས་ཐི་ལང་ཕུའུ་ཨ་མེ་རི་ཁའི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས། ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཨ་མེ་རི་ཁའི་བར་འབྲེལ་བ་བཙུགས་ནས་ལོ་སོ་བདུན་གྱི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་སོང་བ་དེས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་ངོ་མ་བསྐྲུན་པ་དང་། འཛམ་གླིང་དང་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས། དར་རྒྱས་བཅས་ཀྱི་ལ་སྐུལ་འདེད་བཏང་། དོན་དངོས་ལས་མཉམ་ལས་ནི་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་ཡང་དག་པའི་གདམ་གསེས་གཅིག་པུ་ཡིན་པ་བདེན་དཔང་བྱས་ཡོད། དེང་སྐབས་ཀྲུང་གོ་དང་ཨ་མེ་རི་ཁའི་མཉམ་ལས་ལ་གོ་སྐབས་གལ་ཆེན་དང་སྦས་ཤུགས་ཆེན་པོ་ལྡན་པ་དང་། ཕྱོགས་གཉིས་ཀྱིས་མཐུན་སྦྱོར་ལ་ཤུགས་སྣོན་ཞིང་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་ལ་སྐུལ་འདེད་གཏོང་དགོས་པ་དང་། ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་རྒྱ་བསྐྱེད་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་མང་པོ་སྐྲུན་དགོས་པར་མ་ཟད་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་དགོས་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཆེས་ཆེ་བའི་འཕེལ་རྒྱས་སུ་འགྲོ་བའི་རྒྱལ་ཁབ་དང་ཆེས་ཆེ་བའི་དར་རྒྱས་ཆེ་བའི་རྒྱལ་ཁབ། འཛམ་གླིང་གི་དཔལ་འབྱོར་ཕུང་བོ་ཆེན་པོ་སྔོན་མ་གཉིས་བཅས་ཡིན་པའི་ཆ་ནས། ཀྲུང་གོ་དང་ཨ་མེ་རི་ཁས་མཉམ་ལས་དང་མཉམ་ལས་བྱེད་ཆོག་པའི་དོན་དག་གང་མང་ཡོད། བདག་གིས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད་ཨ་མེ་རི་ཁ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་རྒྱལ་ཁབ་གཞན་པའི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར།

ཐི་ལང་ཕུའུ་ཡིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ང་རང་ཨ་མེ་རི་ཁའི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས་པར་བཀའ་དྲིན་ཆེ་ཞུ་བ་ཡིན། བདག་གིས་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བའི་ཐད་འཛིན་པའི་ལྟ་ཚུལ་ལ་གཟེངས་བསྟོད་བྱེད་པ་ཡིན། ཀྲུང་གོ་ནི་རླབས་ཆེན་དང་གལ་ཆེ་བའི་རྒྱལ་ཁབ་ཡིན་པ་དང་། ཀྲུང་གོའི་འཕེལ་རྒྱས་ཀྱི་མདུན་ལྗོངས་བཟང་བོར་ཀུན་གྱིས་མཐོང་ཆེན་བྱེད་ཀྱིན་ཡོད། ཨ་མེ་རི་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱས་ཆོག བདག་གིས་ཁྱེད་དང་མཉམ་དུ་ཨ་མེ་རི་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་བར་གྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད། ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་ཐུབ་པར་བདག་ལ་ཡིད་ཆེས་ཡོད་ཟེར། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།