ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཅིར་ཅི་སི་སི་ཐན་གྱི་ཙུང་ལི་རི་ཨུན་པེ་ཁི་ཧྥུའུ་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

李克强同吉尔吉斯斯坦总理热恩别科夫举行会谈.jpg

ཟླ་བཅུ་གཅིག་པའི་ཚེས་གཉིས་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པུས་ཧྲི་ཁའེ་ཁི་རྒྱལ་མགྲོན་ཁང་གི་གྲོས་ཚོགས་ལྟེ་གནས་ནས་ཅིར་ཅི་སི་སི་ཐན་གྱི་ཙུང་ལི་རི་ཨུན་པེ་ཁི་ཧྥུའུ་དང་གྲོས་མོལ་མཛད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་གིས་ཚེས་གཉིས་ཉིན་གྱི་ཕྱི་དྲོར་པུས་ཧྲི་ཁའེ་ཁི་རྒྱལ་མགྲོན་ཁང་གི་གྲོས་ཚོགས་ལྟེ་གནས་ནས་ཅིར་ཅི་སི་སི་ཐན་རྒྱལ་ཁབ་ཀྱི་ཙུང་ལི་རི་ཨུན་པེ་ཁི་ཧྥུའུ་དང་གྲོས་མོལ་མཛད།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཅིར་ཅི་སི་སི་ཐན་ནི་མཛའ་མཐུན་ཁྱིམ་མཚེས་དང་འཐབ་ཇུས་གྲོགས་པོ་བཟང་བོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཅིར་ཅི་སི་སི་ཐན་གྱིས་རྒྱལ་ཁབ་རང་གི་གནས་ཚུལ་ལྟར་བདམས་པའི་འཕེལ་རྒྱས་བགྲོད་ལམ་དང་རྒྱལ་ཁབ་རང་བཙན་དང་བདག་དབང་། མངའ་ཁོངས་ཆ་ཚང་བ་སྲུང་སྐྱོབ་བྱེད་པར་འབད་བརྩོན་བྱས་པར་རྒྱབ་སྐྱོར་བྱེད་པར་མ་ཟད། ཀྲུང་གོ་དང་ཅིར་ཅི་སི་སི་ཐན་གྱི་ཆུ་ཚད་མཐོ་བའི་ཆབ་སྲིད་ཡིད་ཆེས་དེ་མཉམ་ལས་ཀྱི་གྲུབ་འབྲས་སྔར་ལས་མང་པོ་ཞིག་དུ་བསྒྱུར་བ་དང་། ཀྲུང་གོ་དང་ཅིར་ཅི་སི་སི་ཐན་བར་གྱི་འབྲེལ་བ་དང་མཉམ་ལས་དེ་རྒྱུན་མཐུད་དང་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་ངེས་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྒྱུད་གཅིག་ལམ་གཅིག་གི་གྲོས་མགོ་བཏོན་པ་དེ་ཅིར་ཅི་སི་སི་ཐན་ཕྱོགས་ཀྱི་འཕེལ་རྒྱས་འཐབ་ཇུས་དང་འབྲེལ་མཐུད་བྱས་ཏེ་ཐོན་ནུས་མཉམ་ལས་ལག་བསྟར་བྱེད་པ་དང་། འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་མཉམ་ལས་ལ་ཤུགས་སྣོན་ཞིང་ཞིང་ལས་དང་ཞིང་ཐོན་དངོས་རྫས་ཀྱི་ལས་སྣོན་མཉམ་ལས་རྒྱ་བསྐྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་ཆ་འཕྲིན་འཕྲིན་གཏོང་དང་གནས་སྐོར། མི་གཞུང་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་དགོས་ཟེར།

རི་ཨུན་པེ་ཁི་ཧྥུའུ་ཡིས་བཤད་རྒྱུར། ཅིར་ཅི་སི་སི་ཐན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ཧུར་ཐག་སྒོས་ཕྱོགས་གཉིས་ཀྱི་མགོ་ཁྲིད་པས་བཏོན་པའི་མཉམ་ལས་ཀྱི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བྱས་པ་དང་ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་། ཅིར་ཅི་སི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཆབ་སྲིད་གྲོས་མོལ་ཇེ་མང་དུ་གཏོང་བ་དང་། ཐོན་ནུས་དང་དངུལ་གཏོང་། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་པར་མ་ཟད། རྒྱལ་ཁབ་གཉིས་ཀྱིས་ཧྲང་ཧེ་མཉམ་ལས་རྩ་འཛུགས་སོགས་སྣ་མང་ལས་ཁུངས་བར་དུ་འབྲེལ་འདྲིས་དང་མཉམ་ལས་བྱེད་པར་ཤུགས་སྣོན་འདོད་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།