ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཀྲུང་གོ་དང་འཇར་ཕན་གྱི་ཁེ་ལས་པ་དང་སྔོན་ཆད་ཀྱི་མཐོ་རིམ་དཔོན་པོའི་གྲོས་མོལ་ཚོགས་འདུར་ཞུགས་པའི་ཕྱོགས་གཉིས་ཀྱི་འཐུས་མིར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

likeqiang0.jpg

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་མི་དམངས་ཚོགས་ཁང་ཆེན་མོ་ནས་པེ་ཅིན་ལ་ཀྲུང་གོ་དང་འཇར་པན་གྱི་ཁེ་ལས་པ་དང་སྔོན་ཆད་ཀྱི་མཐོ་རིམ་དཔོན་པོའི་གྲོས་མོལ་ཚོགས་འདུ་སྐབས་གཉིས་པར་ཞུགས་པར་ཡོང་བའི་ཕྱོགས་གཉིས་ཀྱི་འཐུས་མིར་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་མི་དམངས་ཚོགས་ཁང་ཆེན་མོ་ནས་པེ་ཅིན་ལ་ཀྲུང་གོ་དང་འཇར་པན་གྱི་ཁེ་ལས་པ་དང་སྔོན་ཆད་ཀྱི་མཐོ་རིམ་དཔོན་པོའི་གྲོས་མོལ་ཚོགས་འདུ་སྐབས་གཉིས་པར་ཞུགས་པར་ཡོང་བའི་ཕྱོགས་གཉིས་ཀྱི་འཐུས་མིར་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་བསྟན་དོན། ཉེ་བའི་དུས་རིམ་ཞིག་གི་ནང་། ཀྲུང་གོ་དང་འཇར་པན་བར་གྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་ཇེ་མང་དུ་སོང་བ་དེས། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་ཇེ་ལེགས་སུ་འགྲོ་བཞིན་པ་མཚོན་ན་ཡང་། རྨང་གཞི་བརྟན་པོ་མིན་པ་དང་། ཀྲུང་གོ་དང་འཇར་པན་བར་གྱི་འབྲེལ་བ་ཡང་བསྐྱར་རྒྱུན་ལྡན་གྱི་འཕེལ་རྒྱས་ལམ་བུ་རུ་བསྐྱོད་པར་བྱེད་དགོས་ན་ད་དུང་བྱ་བ་མང་པོ་བསྒྲུབ་དགོས་པས། ཀྲུང་གོ་དང་འཇར་པན་བར་གྱི་འབྲེལ་བའི་ཁ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པར་བྱེད་པ་དང་། ལོ་རྒྱུས་གཞིར་བཟུང་བ་དང་མ་འོངས་པར་ཁ་ཕྱོགས་པའི་དགོངས་དོན་ལ་དམིགས་ནས། ཀྲུང་གོ་དང་འཇར་པན་གྱི་ཆབ་སྲིད་ཡིག་ཆ་བཞིའི་རྨང་གཞིའི་སྟེང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་དེ་ལེགས་བཅོས་བྱེད་པ་དང་གཏན་འཇགས་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་ཀྲུང་གོ་དང་འཇར་པན་གཉིས་ཀྱི་ཁེ་ལས་ལས་རིགས་དང་སྔོན་ཆད་ཀྱི་ཆབ་སྲིད་མགོ་ཁྲིད་པ་སོགས་ལས་རིགས་སོ་སོའི་མི་སྣས་ཕྱོགས་གཉིས་ཀྱི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་བྱེད་པའི་ཐད་འབད་བརྩོན་ལྷོད་མེད་བྱས་པར་གདེང་འཇོག་མཐོན་པོ་གནང་བ་དང་། ཕྱོགས་གཉིས་ཀྱི་འབྲེལ་ཡོད་གྲོས་མོལ་རྐྱེན་སྲོལ་གྱིས་མུ་མཐུད་དུ་ནུས་པ་འདོན་སྤེལ་བྱས་ཏེ། ཀྲུང་གོ་དང་འཇར་པན་བར་གྱི་འབྲེལ་བར་གནོད་སྐྱེལ་བའི་རྒྱུ་རྐྱེན་ཇེ་ཉུང་དུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ལེགས་བཅོས་བྱེད་པའི་དམངས་བློའི་རྨང་གཞི་ཇེ་དྲག་ཏུ་གཏོང་བའི་ཐད་འབད་འཐབ་བྱེད་དགོས་པའི་རེ་བ་བཏོན།

ཚོགས་འདུར་ཞུགས་པའི་འཇར་པན་ཕྱོགས་ཀྱི་འཐུས་མིས། ཙུང་ལི་ལིས་ཁི་ཆང་གིས་འཇར་པན་དང་ཀྲུང་གོའི་བར་གྱི་འབྲེལ་བ་ལེགས་བཅོས་དང་འཕེལ་རྒྱས་སུ་གཏོང་བའི་ཐད་ཁ་ཕྱོགས་གསལ་བོ་བསྟན་པ་དང་། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་འཐབ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ལེགས་བཅོས་བྱེད་པ་དང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་རྒྱུའི་ཚུལ་བསྟན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།