ཞི་ཅིན་ཕེན་ཉིས་སྟོང་བཅུ་དྲུག་ལོའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་བཟོ་ཚོང་མཐོ་རིམ་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་།

啊啊啊啊啊啊啊.jpg

 ཟླ་དགུ་བའི་ཚེས་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཧང་ཀྲིག་ནས་ཉིས་སྟོང་བཅུ་དྲུག་ལོའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་བཟོ་ཚོང་མཐོ་རིམ་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པ་མ་ཟད། ཁ་ཡིག་ལ་ཀྲུང་གོ་འཕེལ་རྒྱས་ཀྱི་མགོ་རྩོམ་ས་གསར་བ་དང་འཛམ་གླིང་འཕར་སྣོན་གྱི་དཔེ་རིས་གསར་བ་ཞེས་པའི་གསུང་བཤད་གལ་ཆེན་གནང་། 

1472968170863789.jpg

ཟླ་དགུ་བའི་ཚེས་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཧང་ཀྲིག་ནས་ཉིས་སྟོང་བཅུ་དྲུག་ལོའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་བཟོ་ཚོང་མཐོ་རིམ་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པ་མ་ཟད། ཁ་ཡིག་ལ་ཀྲུང་གོ་འཕེལ་རྒྱས་ཀྱི་མགོ་རྩོམ་ས་གསར་བ་དང་འཛམ་གླིང་འཕར་སྣོན་གྱི་དཔེ་རིས་གསར་བ་ཞེས་པའི་གསུང་བཤད་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཚེས་གསུམ་ཉིན་ཉིས་སྟོང་བཅུ་དྲུག་ལོའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་བཟོ་ཚོང་མཐོ་རིམ་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པ་མ་ཟད། ཁ་ཡིག་ལ་ཀྲུང་གོ་འཕེལ་རྒྱས་ཀྱི་མགོ་རྩོམ་ས་གསར་བ་དང་འཛམ་གླིང་འཕར་སྣོན་གྱི་དཔེ་རིས་གསར་བ་ཞེས་པའི་གསུང་བཤད་གལ་ཆེན་གནང་ནས། ཀྲུང་གོས་ཕྱོགས་སོ་སོ་དང་མཉམ་དུ། གསར་གཏོད་དང་སྒོ་འབྱེད་དང་མཉམ་འགུལ། བཟོད་སྒོམ་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱས་ཏེ། འཛམ་གླིང་དཔལ་འབྱོར་དང་སྟོབས་ལྡན་དང་རྒྱུན་སྲིང་། དོ་མཉམ། བཟོད་སྒོམ་བཅས་ཀྱི་འཕར་སྣོན་བགྲོད་ལམ་དུ་བསྐྱོད་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་གྱིས་བསྟན།

ཕྱི་དྲོའི་ཆུ་ཚོད་གསུམ་པའི་སྟེང་། ཞི་ཅིན་ཕེན་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་དུ་ཚོགས་རར་ཐོན། ཞི་ཅིན་ཕེན་གྱིས་གསུང་བཤད་གནང་སྐབས་བསྟན་དོན། ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་ངོ་སོ་བརྒྱད་རིང་གི་རླབས་ཆེན་འཕེལ་རིམ་ནི། འཚོལ་ཞིབ་མདུན་སྐྱོད་ཀྱི་འཕེལ་རིམ་ཡིན་པ་དང་། དངོས་འཛིན་བདེན་སྒྲུབ་ཀྱི་འཕེལ་རིམ་ཡིན་ལ། ཐུན་མོང་ཕྱུག་འགྱུར་གྱི་འཕེལ་རིམ་ཡིན་པ་མ་ཟད། ཀྲུང་གོ་འཛམ་གླིང་དུ་སྐྱོད་པ་དང་འཛམ་གླིང་ཀྲུང་གོར་སྐྱོད་པའི་འཕེལ་རིམ་ཡིན། ད་ལྟའི་ཀྲུང་གོ་ནི་ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་བ་རུ་ལངས་ཡོད། མགོ་རྩོམ་ས་གསར་བ་འདི་ནི་ཀྲུང་གོས་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་བ་ཇེ་མང་དུ་གཏོང་བའི་མགོ་རྩོམ་ས་གསར་བ་ཡིན་པ་དང་། ཀྲུང་གོས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བར་བསྟུན་པ་དང་དཔལ་འབྱོར་འཕར་ཚུལ་བསྒྱུར་བའི་མགོ་རྩོམ་ས་གསར་བ་ཡིན་ལ། ཀྲུང་གོས་འཛམ་གླིང་དང་མཉམ་འགུལ་ཟབ་མོ་བྱེད་པ་དང་འཛམ་གླིང་ལ་སྒོ་འབྱེད་ཟབ་མོ་བྱེད་པའི་མགོ་རྩོམ་ས་གསར་བ་ཡིན། མགོ་རྩོམ་ས་གསར་བའི་སྟེང་ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། འཕེལ་རྒྱས་ཀྱི་མདུན་ལྗོངས་སྔར་ལས་བཟང་པོ་གསར་སྤེལ་བྱེད་རྒྱུ་ཡིན། བློ་བརྟན་འགྱུར་མེད་ཀྱིས་གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་འཐབ་ཇུས་ལག་བསྟར་བྱས་ཏེ། འཕར་སྣོན་གྱི་སྒུལ་ཤུགས་སྔར་ལས་མང་པོ་བསྐྱེད་རྒྱུ་ཡིན། བློ་བརྟན་འགྱུར་མེད་ཀྱིས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། སྤུས་ཚད་ཀྱི་ཕན་འབྲས་སྔར་ལས་བཟང་པོ་བརྩོན་ལེན་བྱེད་རྒྱུ་ཡིན། བློ་བརྟན་འགྱུར་མེད་ཀྱིས་འདྲ་མཉམ་མཉམ་སྤྱོད་ལ་སྐུལ་སྤེལ་བྱས་ཏེ། མང་ཚོགས་ལ་བདེ་སྐྱིད་སྔར་ལས་ཆེན་པོ་ཐོབ་པར་བྱེད་རྒྱུ་ཡིན། བློ་བརྟན་འགྱུར་མེད་ཀྱིས་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་དེ། སྔར་ལས་རྒྱ་ཆེ་བའི་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་རྒྱུ་ཡིན། ཀྲུང་གོར་དཔལ་འབྱོར་མྱུར་ཚད་མཐོ་འབྲིང་གི་ཚད་ཀྱིས་འཕར་སྣོན་འབྱུང་བར་བྱས་ཏེ། མུ་མཐུད་དུ་རང་སྟེང་གི་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་མཉམ་དུ་འཛམ་གླིང་ལ་འཕེལ་རྒྱས་ཀྱི་གོ་སྐབས་སྔར་ལས་མང་པོ་སྐྲུན་པའི་ཡིད་ཆེས་དང་ནུས་པ་ཡོད།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ཀྲུང་གོའི་འཕེལ་རྒྱས་ནི་རྒྱལ་སྤྱིའི་སྤྱི་ཚོགས་ལས་བྱུང་བ་ཡིན་ལ། རྒྱལ་སྤྱིའི་སྤྱི་ཚོགས་ལ་སྤྱི་མཐུན་ཐོན་རྫས་སྔར་ལས་མང་པོ་འདོན་སྤྲོད་བྱེད་འདོད་ཀྱང་ཡོད། ཀྲུང་གོས་གྲོས་མགོ་བཏོན་པའི་རྐྱེན་སྲོལ་གསར་བའི་གྲོས་གཞི་གསར་བ་ནི། ད་ཡོད་ཀྱི་རྒྱལ་སྤྱིའི་རྐྱེན་སྲོལ་ལ་ཕན་པའི་ཁ་གསབ་དང་ཁ་སྣོན་ཡིན་ལ། དམིགས་ཡུལ་ནི་མཉམ་ལས་མཉམ་རྒྱལ་དང་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་རྒྱུ་དེ་ཡིན། རྒྱུད་གཅིག་ལམ་གཅིག་གི་གྲོས་གཞིའི་དམིགས་ཡུལ་ནི་ལམ་རྒྱུད་ཀྱི་རྒྱལ་ཁབ་སོ་སོས་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་ཏེ་ཐུན་མོང་གི་དར་རྒྱས་མངོན་འགྱུར་བྱེད་རྒྱུ་དེ་ཡིན། ཀྲུང་གོའི་ཕྱི་ཕྱོགས་སྒོ་འབྱེད་ནི་རང་ཁོ་ནའི་ཆེད་མིན་པར་ཕྱོགས་སོ་སོ་མཉམ་དུ་ཟབ་ཞུགས་བྱེད་པར་དགའ་བསུ་ཞུ་བ་ཡིན་ལ། སྟོབས་ཤུགས་རྒྱ་བསྐྱེད་པའི་ཆེད་མིན་པར་རྒྱལ་ཁབ་སོ་སོའི་ཐུན་མོང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཆེད་ཡིན་ཞིང་། རང་ལ་དབང་བའི་སྟེགས་བུ་ཞིག་སྐྲུན་པའི་ཆེད་མིན་པར་རྒྱལ་ཁབ་སོ་སོས་མཉམ་དུ་སྤྱོད་པའི་ཐུན་མོང་གི་སྟེགས་བུ་ཞིག་སྐྲུན་པའི་ཆེད་ཡིན།

ཞི་ཅིན་ཕེན་གྱིས་བསྟན་དོན། དེང་སྐབས་ཀྱི་འཛམ་གླིང་དཔལ་འབྱོར་གྱི་རྙོག་འཛིང་གི་གནས་བབ་དང་ཉེན་ཁའི་འགྲན་རྩོད་ལ་དམིགས་ནས། ཀྲུང་གོས་ཕྱོགས་སོ་སོ་དང་མཉམ་དུ་ཧང་ཀྲིག་མཐོ་རིམ་གྲོས་ཚོགས་ནས་རྩ་ལག་མཉམ་བཅོས་དང་ཕྱོགས་བསྡུས་ཇུས་བསྟར་གྱི་ཐབས་ཇུས་ཤིག་འདོན་པར་སྐུལ་འདེད་བྱས་ཏེ། འཛམ་གླིང་དཔལ་འབྱོར་སྟོབས་ལྡན་དང་རྒྱུན་སྲིང་། དོ་མཉམ། བཟོད་སྒོམ་བཅས་ཀྱི་འཕར་སྣོན་བགྲོད་ལམ་དུ་བསྐྱོད་པར་སྐུལ་འདེད་གཏོང་འདོད་ཡོད། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་གསར་གཏོད་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱས་ཏེ་འཕར་སྣོན་གྱི་འབྱུང་གཞི་བཏོད་དགོས་པ་དང་། སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱས་ཏེ་འཕེལ་རྒྱས་ཀྱི་བར་སྟོང་བསྐྱེད་དགོས་ལ། མཉམ་འགུལ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱས་ཏེ་མཉམ་འགུལ་གྱི་སྟོབས་ཤུགས་གཅིག་སྡུད་བྱེད་དགོས་པ་དང་། བཟོད་སྒོམ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱས་ཏེ་མཉམ་རྒྱལ་གྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། ང་ཚོའི་དམིགས་འབེན་ནི་འཕར་སྣོན་དང་འཕེལ་རྒྱས་ཀྱིས་རྒྱལ་ཁབ་དང་མི་དམངས་ཡོད་ཚད་ལ་ཕན་བཏགས་ཏེ། རྒྱལ་ཁབ་སོ་སོའི་མི་དམངས་དང་ལྷག་པར་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མི་དམངས་ཀྱི་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་བཟང་དུ་གཏོང་རྒྱུ་དེ་ཡིན།

ཞི་ཅིན་ཕེན་གྱིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་མྱུར་དུ་འགུལ་སྐྱོད་སྤེལ་ཏེ། གཅིག་ནས་ཞི་བདེ་བརྟན་འཇགས་ཀྱི་རྒྱལ་སྤྱིའི་ཁོར་ཡུག་ལ་མཉམ་དུ་སྲུང་སྐྱོབ་བྱེད་རྒྱུ་དང་། གཉིས་ནས་མཉམ་ལས་མཉམ་རྒྱལ་གྱི་འཛམ་གླིང་གི་གྲོགས་པོའི་འབྲེལ་བ་མཉམ་དུ་འཛུགས་རྒྱུ། གསུམ་ནས་འཛམ་གླིང་དཔལ་འབྱོར་གྱི་བཅོས་སྐྱོང་མཉམ་དུ་འཐུས་ཚང་དུ་གཏོང་རྒྱུ་བཅས་ཀྱི་འབོད་སྐུལ་བཏང་།

ཞི་ཅིན་ཕེན་གྱིས་བསྟན་དོན། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་སྐབས་བཅུ་ཐམ་པར་བསྡུས་ཟིན་ལ། ད་ལྟ་གནད་འགག་གི་འཕེལ་རྒྱས་ཀྱི་དུས་སྐབས་སུ་གནས་ཡོད། ཀྲུང་གོས་ཧང་ཀྲིག་མཐོ་རིམ་གྲོས་ཚོགས་གཙོ་སྒྲུབ་བྱེད་པའི་དམིགས་འབེན་གཅིག་ནི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་དུས་ཡུན་ཐུང་ངུའི་སྲིད་ཇུས་དེ་དུས་ཡུན་རིང་འབྲིང་གི་སྲིད་ཇུས་སུ་བསྒྱུར་བ་དང་། ཉེན་ཚབས་ལ་ཁ་གཏད་འཇལ་བ་དེ་ཡུན་ཕན་བཅོས་སྐྱོང་གི་རྐྱེན་སྲོལ་དུ་བསྒྱུར་བར་སྐུལ་འདེད་བཏང་ནས། སྡེ་ཚོགས་འདི་འཛམ་གླིང་དཔལ་འབྱོར་བཅོས་སྐྱོང་གི་སྟེགས་བུ་གལ་ཆེན་ཡིན་པའི་གོ་གནས་སྲ་བརྟན་དུ་གཏོང་རྒྱུ་དེ་ཡིན།

ཞི་ཅིན་ཕེན་གྱིས་མཇུག་མཐར་བསྟན་དོན། བཟོ་ཚོང་ལས་རིགས་ནི་འཕར་སྣོན་ལ་ཡར་སྐུལ་བྱེད་པའི་སྟོབས་ཤུགས་གསར་བ་ཡིན་ལ། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་བཟོ་ཚོང་ལས་རིགས་ཀྱི་མི་སྣ་ལོ་ཧྲིལ་པོའི་གྲོས་ཚོགས་ཀྱི་འཕེལ་རིམ་ལ་ཞུགས་ཏེ། ཧང་ཀྲིག་མཐོ་རིམ་གྲོས་ཚོགས་ཐད་བྱས་རྗེས་བཟང་པོ་བཞག་ཡོད། ཐེངས་འདིའི་བཟོ་ཚོང་མཐོ་རིམ་གྲོས་ཚོགས་ལེགས་འགྲུབ་འབྱུང་བའི་སྨོན་འདུན་ཞུ་ཟེར།

གསུང་བཤད་གནང་རྗེས། ཉིས་སྟོང་བཅུ་དྲུག་ལོའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་བཟོ་ཚོང་མཐོ་རིམ་གྲོས་ཚོགས་ཀྱི་ཀྲུའུ་ཞི། ཀྲུང་གོ་རྒྱལ་སྤྱིའི་ཉོ་ཚོང་ཡར་སྐུལ་ཨུ་ཡོན་ལྷན་ཁང་གི་ཚོགས་གཙོ་ཅང་ཙིན་ཝེ་ཡིས་ཞི་ཅིན་ཕེན་ལ་ཉིས་སྟོང་བཅུ་དྲུག་ལོའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་སྲིད་ཇུས་གྲོས་གཞིའི་སྙན་ཞུ་སྤྲད།

ཨ་ཧྥེ་རི་ཁ་ལྷོ་མ་རྒྱལ་ཁབ་ཀྱི་ཙུང་ཐུང་ཙུའུ་མཱ་དང་ཁ་ན་ཏ་རྒྱལ་ཁབ་ཀྱི་ཙུང་ལི་ཐི་ལུའུ་ཏོ། འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བ་སོགས་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས།

ཝང་ཧུའུ་ཉིན་དང་ཝང་ཡང་། ལིས་ཀྲན་ཧྲུའུ། དབྱང་ཅེ་ཁྲི་སོགས་མཛད་སྒོར་ཞུགས།

རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་བཟོ་ཚོང་མཐོ་རིམ་གྲོས་ཚོགས་ནི་རྒྱལ་སྤྱིའི་བཟོ་ཚོང་ལས་རིགས་འཛམ་གླིང་དཔལ་འབྱོར་གྱི་བཅོས་སྐྱོང་དང་རྒྱལ་སྤྱིའི་འབྱོར་ཚོང་སྒྲིག་སྲོལ་འཛུགས་པར་ཞུགས་པའི་སྟེགས་བུ་གལ་ཆེན་ཞིག་རེད། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དང་སྐུ་མགྲོན་རྒྱལ་ཁབ་ཀྱི་བཟོ་ཚོང་ལས་རིགས་ཀྱི་མི་སྣ་སྟོང་གཅིག་དང་བརྒྱ་ལྷག་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།