ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་ཧ་སག་སི་ཐན་གྱི་ཙུང་ཐུང་ན་ཀྲ་ཨེར་པ་ཡེ་ཧྥུའུ་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-09-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

333333.jpg

ཟླ་དགུ་བའི་ཚེས་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཧང་ཀྲིག་ནས་ཧ་སག་སི་ཐན་གྱི་ཙུང་ཐུང་ན་ཀྲ་ཨེར་པ་ཡེ་ཧྥུའུ་དང་གྲོས་མོལ་མཛད། 
44444.jpg 

ཟླ་དགུ་བའི་ཚེས་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཧང་ཀྲིག་ནས་ཧ་སག་སི་ཐན་གྱི་ཙུང་ཐུང་ན་ཀྲ་ཨེར་པ་ཡེ་ཧྥུའུ་དང་གྲོས་མོལ་མཛད། 

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་གཉིས་ཉིན་ཧང་ཀྲིག་ནས་ཧ་སག་སི་ཐན་གྱི་ཙུང་ཐུང་ན་ཀྲ་ཨེར་པ་ཡེ་ཧྥུའུ་དང་གྲོས་མོལ་མཛད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་གདན་དྲངས་པ་ལྟར་ཁོ་རང་ཧང་ཀྲིག་ནས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་སུ་ཞུགས་པར་ཡོང་བར་དགའ་བསུ་ཞུས།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། དེང་སྐབས་ཀྲུང་གོ་དང་ཧ་སག་སི་ཐན་གཉིས་ཀྱི་འབྲེལ་བ་མྱུར་དུ་འཕེལ་རྒྱས་སུ་སོང་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ཁྱོན་ཡོངས་ནས་སྤེལ་བར་མ་ཟད་གྲུབ་འབྲས་བཟང་བོ་ཐོབ། ཕྱོགས་གཉིས་ཀྱིས་སང་ལོར་ཀྲུང་གོ་དང་ཧ་སག་སི་ཐན་བར་འབྲེལ་བ་བཙུགས་ཏེ་ལོ་འཁོར་ཉེར་ལྔ་ལོན་པ་དང་བསྟུན་ནས། ཁྱིམ་མཚེས་མཛའ་མཐུན་འབྲེལ་བ་ཇེ་དམ་དུ་གཏོང་བ་དང་། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། འཐབ་ཇུས་མཐུན་སྦྱོར་བྱེད་པར་ཤུགས་སྣོན་དགོས་པར་མ་ཟད། ལག་གདང་སྦྲེལ་ཏེ་ཕན་ཚུན་བར་ཡིད་ཆེས་དང་། མཐུན་སྒྲིལ་རོགས་ལས། སྐྱིད་སྡུག་མཉམ་མྱོང་། མཉམ་ལས་གཉིས་རྒྱལ་བཅས་ཀྱི་ཀྲུང་གོ་དང་ཧ་སག་སི་ཐན་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་སྐྲུན་བྱེད་དགོས་ཟེར།

ན་ཀྲ་ཨེར་པ་ཡེ་ཧྥུའུ་ཡིས་ཀྲུང་གོ་ཕྱོགས་ཀྱིས་ཁོ་རང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་སུ་ཞུགས་པར་གདན་དྲངས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཧ་སག་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་ཧ་ཅང་གཅེས་སྤྲས་བྱེད་ཀྱིན་ཡོད་ལ། དར་གོས་ཚོང་ལམ་དཔལ་འབྱོར་ས་ཁུལ་འཛུགས་སྐྲུན་དང་འོད་ཟེར་བགྲོད་ལམ་དཔལ་འབྱོར་སྲིད་ཇུས་གཉིས་བར་འབྲེལ་མཐུད་བྱེད་པར་རྒྱབ་སྐྱོར་བྱེད་འདོད་ཡོད་པར་མ་ཟད། ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཉོ་ཚོང་དང་ཞིང་ལས། ནུས་ཁུངས། རྡོ་སྣུམ་ལས་སྣོན། ཁོར་ཡུག་སྲུང་སྐྱོབ། བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། རྒྱལ་སྤྱི་དང་ས་ཁུལ་ལས་དོན་དང་ཧྲང་ཧེ་མཉམ་ལས་རྩ་འཛུགས་སྤྱི་ཁོག་ནང་གི་འབྲེལ་འདྲིས་དང་མཐུན་སྦྱོར་ཇེ་དམ་དུ་གཏོང་འདོད་ཡོད་ཟེར།

གྲོས་མོལ་བྱས་རྗེས། རྒྱལ་ཁབ་གཉིས་ཀྱི་མགོ་གཙོ་ཀྲུང་གོ་དང་ཧ་སག་སི་ཐན་གཉིས་ཀྱི་འབྲེལ་ཡོད་མཉམ་ལས་ཡིག་ཆ་འགོད་པའི་མཛད་སྒོར་ཞུགས། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།