ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«ཞིང་ལས་གནས་སྤོར་མི་གྲངས་གྲོང་ཁྱེར་སྡོད་དམངས་ཅན་དུ་སྒྱུར་བར་རྒྱབ་སྐྱོར་བྱེད་པའི་ནོར་སྲིད་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱེད་པའི་སྐོར་གྱི་བརྡ་ཐོ»དཔར་ནས་བཀྲམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-08-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་ལམ«ཞིང་ལས་གནས་སྤོར་མི་གྲངས་གྲོང་ཁྱེར་སྡོད་དམངས་ཅན་དུ་སྒྱུར་བར་རྒྱབ་སྐྱོར་བྱེད་པའི་ནོར་སྲིད་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱེད་པའི་སྐོར་གྱི་བརྡ་ཐོ»དཔར་ནས་བཀྲམ་ཏེ། ཞིང་ལས་གནས་སྤོར་མི་གྲངས་གྲོང་ཁྱེར་སྡོད་དམངས་ཅན་དུ་སྒྱུར་བར་རྒྱབ་སྐྱོར་བྱེད་པའི་ནོར་སྲིད་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བའི་ཐད་ལ་བཀོད་སྒྲིག་བྱས།

«བརྡ་ཐོའི»ནང་བཀོད་དོན། ཞིང་ལས་གནས་སྤོར་མི་གྲངས་མྱུར་དུ་གྲོང་ཁྱེར་སྡོད་དམངས་ཅན་དུ་སྒྱུར་བ་ནི་མི་གཙོ་ཡིན་པའི་རྣམ་པ་གསར་བའི་གྲོང་བརྡལ་ཅན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་ལས་འགན་གཙོ་བོ་ཡིན་ལ། གྲོང་གསེབ་ཀྱི་སྣ་གཉིས་སྒྲིག་གཞི་མེད་པར་གཏོང་བའི་གཞི་རྩའི་ཐབས་ལམ་ཡིན་པར་མ་ཟད། ནང་མཁོ་རྒྱ་བསྐྱེད་པ་དང་སྒྲིག་གཞི་ལེགས་སྒྲིག་བྱེད་པའི་བྱ་བ་གཙོ་བོའང་ཡིན་པས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིང་ལས་གནས་སྤོར་མི་གྲངས་སྡོད་དམངས་ཅན་དུ་སྒྱུར་བར་སྐུལ་འདེད་གཏོང་བའི་འཐབ་ཇུས་དང་བཀོད་སྒྲིག་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་དགོས་ལ། ལམ་ལུགས་གསར་གཏོད་བྱེད་པ་དང་། ཁྱབ་རྒྱ་ཇེ་ཆེར་གཏོང་བ། གནད་ཕིགས་ཇུས་བསྟར་བྱེད་པ། ཆ་སྙོམས་ཡོང་བར་སྐུལ་འདེད་གཏོང་བ། ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ། དཀའ་ཁག་སེལ་བར་བྱེད་པ་སོགས་ཀྱི་རྩ་དོན་ལྟར། ཞིང་ལས་གནས་སྤོར་མི་གྲངས་གྲོང་ཁྱེར་སྡོད་དམངས་ཅན་དུ་སྒྱུར་བར་རྒྱབ་སྐྱོར་བྱེད་པའི་ནོར་སྲིད་སྲིད་ཇུས་ལག་བསྟར་བྱེད་དགོས།

«བརྡ་ཐོ»ལས་ད་རུང་སྲིད་ཇུས་དང་བྱེད་ཐབས་ཞིབ་ཕྲ་བཅུ་གཏན་ལ་ཕབ།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།