ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་བཅུ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་དཔལ་འབྱོར་ཉོ་ཚོང་པུའུ་ཀྲང་གྲོས་ཚོགས་ལའོ་ཝུའོ་ཡི་རྒྱལ་ས་ཝུན་ཞང་ནས་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བརྒྱད་པའི་ཚེས་བཞི་ཉིན། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་བཅུ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་དཔལ་འབྱོར་ཉོ་ཚོང་པུའུ་ཀྲང་གྲོས་ཚོགས་ལའོ་ཝུའོ་ཡི་རྒྱལ་ས་ཝུན་ཞང་ནས་ཚོགས།

ཀྲུང་གོ་ཕྱོགས་ཀྱི་འཐུས་མིས་ཚོགས་ཐོག་ཏུ་བཤད་རྒྱུར། ཐེངས་འདིའི་གྲོས་ཚོགས་ནི་དེང་སྐབས་འཛམ་གླིང་དཔལ་འབྱོར་བརྟན་འཇགས་མིན་པའི་རྒྱུ་རྐྱེན་མང་ཞིང་ཨེ་ཤ་ཡ་ཤར་རྒྱུད་ཀྱི་དཔལ་འབྱོར་སྤྱིར་བཏང་དུ་བརྟན་བརླིང་ཡིན་པ་དང་། རྒྱལ་ཁབ་སོ་སོའི་མདུན་དུ་ཐུན་མོང་གི་འཕེལ་རྒྱས་འགྲན་རྩོད་གནས་པའི་རྒྱབ་ལྗོངས་འོག་ཏུ་བསྡུས་པ་དང་དེ་ལ་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན། ཀྲུང་གོས་མུ་མཐུད་དུ་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་ཨེ་ཤ་ཡ་ཤར་རྒྱུད་མཉམ་ལས་ཁྲོད་དུ་གཙོ་ཁྲིད་ཀྱི་གོ་གནས་ཟིན་པར་རྒྱབ་སྐྱོར་བྱེད་པ་དང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་བཅུ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱིས་ཨེ་ཤ་ཡ་ཤར་རྒྱུད་མཉམ་ལས་ཁྲོད་དུ་ཐབས་ལམ་གཙོ་བོའི་ནུས་པ་འདོན་པར་རྒྱབ་སྐྱོར་བྱེད་ངེས་ཡིན་ལ། ཁུལ་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་ཤུགས་བསྣན་ནས། ཁུལ་ཁོངས་དཔལ་འབྱོར་དར་རྒྱས་གོང་འཕེལ་དུ་འགྲོ་བ་དང་འཛམ་གླིང་དཔལ་འབྱོར་འཕར་སྣོན་འབྱུང་བར་སྐུལ་འདེད་གཏོང་ངེས་ཡིན། དེ་བས་ཀྲུང་གོ་ཕྱོགས་ཀྱིས་གྲོས་མགོ་ལྔ་བཏོན་པ་དང་དེའི་ནང་དུ་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་སྲོག་ཤིང་གི་ནུས་པ་འདོན་པར་རྒྱབ་སྐྱོར་བྱས་ཏེ། ཁུལ་ཁོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་མཐུན་དེ་ད་ལོར་གྲོས་མོལ་བྱས་ནས་ཡོངས་འགྲུབ་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱུད་གཅིག་ལམ་གཅིག་གི་སྤྱི་ཁོག་ནང་དུ་ས་གནས་རང་གི་རྒྱལ་ཁབ་བརྒལ་བའི་རྨང་གཞིའི་སྒྲིག་ཆས་མཉམ་ལས་ལ་ཤུགས་བསྣན་ནས། ཕན་ཚུན་འབྲེལ་བའི་དྲ་རྒྱ་མྱུར་དུ་འཛུགས་སྐྲུན་བྱེད་པ། ཨེ་ཤ་ཡ་ཤར་རྒྱུད་ཀྱི་ཁུལ་ཁོངས་ནང་གི་ཐོན་ནུས་མཉམ་ལས་ལ་སྔར་ལས་ཤུགས་སྣོན་དགོས་པ་སོགས་འདུས་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།