ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་ཀྱི་བོད་ཁུལ་གྱི་དངུལ་གཏོང་འཛུགས་སྐྲུན་ལས་གཞིར་རྟོག་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་ཀྱི་བོད་ཁུལ་གྱི་དངུལ་གཏོང་འཛུགས་སྐྲུན་ལས་གཞིར་རྟོག་ཞིབ་བྱས་པ་དང་། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་ཀྱི་མཚོ་སྔོན་ཞིང་ཆེན་གྱི་བོད་ཁུལ་གྱི་དངུལ་གཏོང་ལས་གཞི་འཛུགས་སྐྲུན་བྱེད་པའི་གནས་ཚུལ་གཙོ་བོར་བཟུང་སྟེ་ཞིབ་བཤེར་བྱས་ནས། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་སྐོར་གསར་བའི་ལས་གཞི་ལག་བསྟར་བྱེད་པར་སྔར་ལས་སྐུལ་འདེད་བཏང་།

ཐེངས་འདིར་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་གིས་ཡིག་ཐོག་ནས་དབྱེ་ཞིབ་དང་ཡུལ་དངོས་སུ་ཞིབ་བཤེར་བྱེད་པ་གཉིས་ཟུང་འབྲེལ་བྱེད་པའི་ཞིབ་བཤེར་བྱེད་ཐབས་སྤྱད་དེ་རྟོག་ཞིབ་བྱས། རྟོག་ཞིབ་ཚན་ཆུང་སྔ་གཞུག་ཏུ་རྨ་ལྷོ་དང་མགོ་ལོག མཚོ་ལྷོ་བཅས་བོད་རིགས་རང་སྐྱོང་ཁུལ་གསུམ་ལ་སོང་སྟེ་ཡུལ་དངོས་སུ་རྟོག་ཞིབ་བྱས་པར་མ་ཟད། ཁུལ་སོ་སོས་ལས་གཞི་ལག་བསྟར་བྱེད་པའི་གནས་ཚུལ་གྱི་ཡར་ཞུ་ལ་ཉན་ཏེ། ཁུལ་གསུམ་གྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་ཀྱི་ལས་གཞི་ཚང་མ་རེ་རེ་བཞིན་དུ་དབྱེ་ཞིབ་བྱས་རྗེས། རྟོག་ཞིབ་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་ཀྱི་ལས་གཞི་འཛུགས་སྐྲུན་བྱས་པའི་གནས་ཚུལ་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད། ལས་གཞི་ལག་བསྟར་བྱེད་མགོ་བརྩམས་ཚད་དང་ཡོངས་འགྲུབ་བྱས་ཚད། འཛུགས་སྐྲུན་གནས་ཚུལ་བཅས་ལ་ཡིད་ཚིམས་པའི་ཚུལ་བསྟན། དེ་དང་མཉམ་དུ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་བོད་ཁུལ་གྱི་ལས་གཞི་འཛུགས་སྐྲུན་ཆུ་ཚད་སྔར་ལས་མཐོར་འདེགས་སུ་གཏོང་ཆེད། རྟོག་ཞིབ་ཚན་ཆུང་གིས་རྟོག་ཞིབ་བྱེད་པའི་ཁྲོད་རྩད་བཅད་པའི་གནད་དོན་ཁ་ཤས་ལ་དམིགས་ཏེ། ཇུས་འགོད་དང་སྣེ་ཁྲིད་ཀྱི་ནུས་པ་ཇེ་ཆེར་གཏོང་བ་དང་། ལས་གཞི་འཛུགས་སྐྲུན་གྱི་གོ་རིམ་ཚད་ལྡན་དུ་གཏོང་བ། ལས་གཞི་དོ་དམ་གྱི་ནུས་པ་མཐོར་འདེགས་སུ་གཏོང་བ་བཅས་ཀྱི་བསམ་འཆར་བཏོན།

མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བས་བཤད་རྒྱུར། གོ་རིམ་རྗེས་མར་ཁུལ་སོ་སོ་དང་ཞིང་ཆེན་འབྲེལ་ཡོད་ལས་ཁུངས་བར་མཐུན་སྦྱོར་བྱས་ཏེ། རྟོག་ཞིབ་བྱེད་པའི་ཁྲོད་རྩད་བཅད་པའི་གནད་དོན་དག་ཐེར་དང་ཡོ་བསྲང་ནན་མོ་བྱེད་རྒྱུ་མ་ཟད། རྟོག་གཞི་ཚན་ཆུང་གིས་བཏོན་པའི་རེ་བ་དེ་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་ལས་གཞི་འཛུགས་སྐྲུན་བྱེད་པའི་ཁྲོད་ལག་ལེན་མཐར་ཕྱིན་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་བོད་ཁུལ་གྱི་དངུལ་གཏོང་ལས་གཞི་བཟང་ཞིང་མགྱོགས་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།