ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-07-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་ཉི་ཤུ་ཉིན་པེ་ཅིན་ནས་རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་མཱ་ཁེ་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུངས་བཤད་གནང་། ཁོང་གིས་གསུངས་རྒྱུར། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱེད་པ་དང། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རེ་བ་ལྟར། ཆུ་ལོག་སྐབས་དང་ད་ལོའི་ལོ་སྨད་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བ་གཙོ་བོ་བཟང་བོར་སྒྲུབ་དགོས། ཁྱད་པར་དུ་ཆུ་ལོག་སྐབས་ཀྱི་གནོད་འཚེ་རང་བཞིན་གྱི་ནམ་ཟླའི་འཇིགས་སྐུལ་ལ་དོགས་ཟོན་ཆེན་པོ་བྱེད་དགོས་ལ། གཙོ་བོར་གཏེར་རི་དང་ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས། བཟོ་སྐྲུན་ལས་ཡུལ། འགྲིམ་འགྲུལ་སྐྱེལ་འདྲེན། གནས་སྐོར་སོགས་ལས་རིགས་གཙོ་བོ་དང་གནོད་འཚེའི་ཤུགས་རྐྱེན་ཐེབས་སླ་བའི་ཕྱོགས་བཅས་གནད་སར་བཞག་སྟེ། ཆུ་ལོག་སྐབས་ཀྱི་བདེ་འཇགས་སྔོན་འགོག་བྱ་བར་ཡང་ནས་ཡང་དུ་ཞིབ་བཤེར་དང་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། གནོད་འཚེ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ། ཉེན་ཁ་བཅོས་སྐྱོང་དང་དོ་དམ་ཚོད་འཛིན་བྱེད་པ། དུས་ཐོག་ཏུ་ཐག་གཅོད་བཟང་བོ་བྱེད་པ། འགན་སྲུང་ནུས་པ་བཅས་ལ་ཁག་ཐེག་བྱེད་དགོས། ད་ལོའི་ལོ་སྟོད་ཀྱི་བྱ་བའི་གྲུབ་འབྲས་ལ་སྤྱི་བསྡོམས་བྱས་པའི་རྨང་གཞིའི་སྟེང་། བྱ་བའི་རྒྱུན་མཐུད་རང་བཞིན་སྲུང་འཛིན་བྱེད་པ་དང་། བྱ་བའི་སྔོན་དཔག་རང་བཞིན་དང་ཕན་འབྲས་རང་ཇེ་ཆེར་བཏང་སྟེ། དོན་རྐྱེན་ཚབས་ཆེན་འབྱུང་བ་བཀག་འགོག་བྱེད་པའི་བྱ་བ་མུ་མཐུད་དུ་དམ་འཛིན་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གསར་གཏོད་དང་ཁྲིམས་ལྟར་བཅོས་སྐྱོང་། ཆེད་དོན་བཅོས་སྐྱོང་བཅས་ཁྱབ་ཁོངས་ཀྱི་བྱ་བ་གཙོ་བོ་བཟང་བོར་བསྒྲུབས་ཏེ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་བདེ་འཇགས་ཐོན་སྐྱེད་གནས་བབ་ཀྱི་སྤྱིའི་བརྟན་འཇགས་ལ་སྲུང་སྐྱོབ་བྱས་ནས། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་ཡོང་བར་བདེ་འཇགས་ཐོན་སྐྱེད་ཀྱི་ཁོར་ཡུག་བཟང་བོ་ཞིག་སྐྲུན་དགོས་ཟེར།

རྒྱལ་སྲིད་ཨུ་ཡོན་ཀའོ་ཧྲིན་ཁུང་གིས་གྲོས་ཚོགས་སྟེང་ཞི་ཅིན་ཕེན་གྱི་མཛུབ་སྟོན་གལ་ཆེན་དང་ལིས་ཁི་ཆང་གི་མཆན་བཀོད་མཛུབ་སྟོན་བརྒྱུད་སྒྲོག་བྱས། རྒྱལ་སྲིད་ཨུ་ཡོན་ཝང་ཡུང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས།

སྤྱི་བདེ་པུའུ་དང་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། བདེ་འཇགས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་གྲོས་ཚོགས་སྟེང་བརྗེ་རེས་གཏམ་བཤད་སྤེལ།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།