ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-07-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་བདུན་པའི་ཚེས་ཉི་ཤུ་ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྒྱལ་ཁབ་ཚན་རྩལ་གསར་གཏོད་ཆེད་དོན་ཇུས་འགོད་ལ་གྲོས་འཆམ་བྱུང་སྟེ། གསར་གཏོད་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དེས་རིམ་སྤོར་འཕེལ་རྒྱས་ཀྱི་སྣེ་ཁྲིད་པ་དང་དེར་རྒྱབ་སྐྱོར་བྱེད་དགོས་ཞེས་བསྟན་པར་མ་ཟད། མཉམ་འབྲེལ་དྲ་རྒྱ་དང་དངོས་སྐྱེལ་ལ་སྐུལ་འདེད་བཏང་སྟེ། ཁེ་ལས་ཀྱི་མ་རྩ་ཇེ་ཉུང་དུ་གཏོང་བ་དང་མང་ཚོགས་ཀྱི་འཚོ་བར་སྟབས་བདེ་སྐྲུན་དགོས་པར་བཀོད་སྒྲིག་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེའི་ལས་ཁུངས་སོ་སོས་བསྐོ་འཇོག་བྱས་པའི་རྒྱལ་ཁབ་ལས་བྱེད་མི་སྣས་རྩ་ཁྲིམས་དམ་བཅའ་འཇོག་པའི་རྩ་འཛུགས་བྱེད་ཐབས་ལ་གྲོས་འཆམ་བྱུང་།

གྲོས་ཚོགས་སྟེང་བསྟན་དོན། གསར་གཏོད་བྱེད་པ་ནི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་དང་པོ་ཡིན། རྒྱལ་ཡོངས་ཚན་རྩལ་གསར་གཏོད་ཚོགས་ཆེན་གྱི་དགོངས་དོན་སྔར་ལས་ལག་ལེན་མཐར་ཕྱིན་བྱེད་ཆེད། རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྩ་གནད་གཞིར་བཟུང་སྟེ། མ་འོངས་པའི་ལོ་ལྔའི་ཚན་རྩལ་གསར་གཏོད་བྱ་བར་གོ་རིམ་ལྡན་པའི་ངང་ཇུས་འགོད་བྱེད་པ་ནི་གསར་གཏོད་ཡར་སྐུལ་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་ཀྱི་ཚན་རྩལ་གསར་གཏོད་ཕྱོགས་བསྡུས་སྟོབས་ཤུགས་ཇེ་ཆེར་གཏོང་བར་ཕན་པ་ཡོད་ཟེར།

གྲོས་ཚོགས་སྟེང་བལྟས་ན། མཉམ་འབྲེལ་དྲ་རྒྱ་དང་དངོས་སྐྱེལ་གཉིས་འཕེལ་རྒྱས་སུ་གཏོང་བ་ནི་སྤྱིའི་དགོས་མཁོ་འོས་འཚམ་སྒོས་རྒྱ་བསྐྱེད་པ་དང་། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་། རྒྱུ་ཆ་ཚང་བའི་ཐོན་སྐྱེད་ནུས་ཤུགས་ཇེ་ཆེར་གཏོང་བར་ཕན་པ་ཡོད་པར་སྙམ།

གྲོས་ཚོགས་སྟེང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེའི་ལས་ཁུངས་སོ་སོས་བསྐོ་འཇོག་བྱས་པའི་རྒྱལ་ཁབ་ལས་བྱེད་མི་སྣས་རྩ་ཁྲིམས་དམ་བཅའ་འཇོག་པའི་རྩ་འཛུགས་བྱེད་ཐབས་ལ་གྲོས་འཆམ་བྱུང་བར་མ་ཟད། དམ་བཅའ་འཇོག་པའི་མི་སྣའི་ཁྱབ་ཁོངས་དང་རྣམ་པ། གོ་རིམ་བཅས་གཏན་འཁེལ་བྱས།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།