ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་གོ་གུང་ཁྲན་ཏང་གི་འགན་འདྲི་སྲོལ་ཡིག་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-07-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་གིས་ཉེ་ལམ་ཀྲུང་གོ་གུང་ཁྲན་ཏང་གི་འགན་འདྲི་སྲོལ་ཡིག་འགྲེམ་སྤེལ་བྱས་པར་མ་ཟད་བརྡ་ཐོ་བཏང་སྟེ་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ནན་ཏན་སྒོས་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན།

བརྡ་ཐོ་ལས་རིམ་པ་སོ་སོའི་ཏང་ཨུ་དང་ཏང་རྩ་འཛུགས་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་དུས་འོས་འཚམ་ཞིག་ལ་སྲོལ་ཡིག་ལག་བསྟར་གནས་ཚུལ་ལ་ཆེད་དོན་ཞིབ་བཤེར་བྱས་ཏེ་གཏན་ཁེལ་སྣ་ཚོགས་ས་ཆ་ཀུན་ཏུ་དངོས་འབེབས་བཟང་བོ་བྱེད་རྒྱུ་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན་ཡོད། 
ས་གནས་སོ་སོ་དང་ལས་ཁུངས་སོ་སོས་སྲོལ་ཡིག་ལག་བསྟར་བྱེད་སྐབས་ཐུག་པའི་གནས་ཚུལ་གལ་ཆེན་དང་གྲོས་གཞི་དུས་ཐོག་ཏུ་ཏང་ཀྲུང་དབྱང་ལ་ཡར་ཞུ་བྱེད་དགོས།

སྲོལ་ཡིག་དེ་ཉིས་སྟོང་བཅུ་དྲུག་ལོའི་ཟླ་བདུན་པའི་ཚེས་བརྒྱད་ཉིན་ནས་བཟུང་ལག་བསྟར་བྱས་པ་དང་། སྔོན་ཆད་འགྲེམ་སྤེལ་བྱས་པའི་འབྲེལ་ཡོད་འགན་འདྲིའི་གཏན་ཁེལ་ལས་སྲོལ་ཡིག་འདི་དང་གཅིག་འདྲ་ས་ཡོད་ན་སྲོལ་ཡིག་འདི་ལྟར་ལག་བསྟར་བྱེད་དགོས།   །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།