ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་གློག་འཕྲིན་བཏང་སྟེ་ཨ་ཧྥེ་རི་ཁའི་མཉམ་འབྲེལ་མནའ་མཐུན་གྱི་མགོ་གཙོའི་གྲོས་ཚོགས་ཐེངས་ཉེར་བདུན་པ་ཚོགས་པར་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-07-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་བདུན་ཉིན་རུ་ཝང་ཏའི་རྒྱལ་ས་ཁི་ཀ་ལི་ནས་ཚོགས་པའི་ཨ་ཧྥེ་རི་ཁའི་མཉམ་འབྲེལ་མནའ་མཐུན་གྱི་མགོ་གཙོའི་གྲོས་ཚོགས་ཐེངས་ཉེར་བདུན་པར་གློག་འཕྲིན་བཏང་སྟེ་ཨ་ཧྥེ་རི་ཁའི་རྒྱལ་ཁང་དང་མི་དམངས་ལ་གྲོས་ཚོགས་བདེ་བླག་ངང་ཚོགས་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཨ་ཧྥེ་རི་ཁའི་མཉམ་འབྲེལ་མནའ་མཐུན་ནི་ཨ་ཧྥེ་རི་ཁའི་མཉམ་འབྲེལ་རང་སྟོབས་ཀྱི་རྩ་འཛུགས་ཤིག་ཡིན་པ་དང་དེས་ཨ་ཧྥེ་རི་ཁའི་མཉམ་འབྲེལ་རང་སྟོབས་དང་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་ནུས་པ་ཆེན་པོ་བཏོན་པ་དང་། ཨ་ཧྥེ་རི་ཁའི་མཉམ་འབྲེལ་མནའ་མཐུན་གྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཞི་བདེ་དང་འཕེལ་རྒྱས་ལས་དོན་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་པར་སྨོན་འདུན་བཟང་བོ་ཞུ་བ་ཡིན་ཟེར།

ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བའི་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་པར་མ་ཟད་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་འཆར་གཞི་ཆེན་པོ་བཅུ་དངོས་འབེབས་བཟང་བོ་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་ལ་བདེ་སྐྱིད་སྐྲུན་ངེས་ཡིན་ཟེར།   །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།