ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་སྤྱི་ཐུན་ལས་ཁུངས་ཀྱི་ནུས་ཁུངས་ཐོན་ཁུངས་གྲོན་ཆུང་བྱ་བ་མུ་མཐུད་དུ་བཟང་བོར་སྒྲུབ་པའི་ཐད་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཉེ་ལམ་སྤྱི་ཐུན་ལས་ཁུངས་ཀྱི་ནུས་ཁུངས་ཐོན་ཁུངས་གྲོན་ཆུང་བྱ་བ་མུ་མཐུད་དུ་བཟང་བོར་སྒྲུབ་པའི་ཐད་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། མཆན་བཀོད་མཛུབ་སྟོན་ལས་བཀོད་དོན། ལོ་མང་པོའི་རིང་ལ། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་སྤྱི་ཐུན་ལས་ཁུངས་ཀྱི་ནུས་ཁུངས་ཐོན་ཁུངས་གྲོན་ཆུང་བྱ་བ་མུ་མཐུད་དུ་བཟང་བོར་སྒྲུབ་པ་དང་། ནུས་ཁུངས་ཐོན་ཁུངས་ཀྱི་ཟད་གྲོན་ཇེ་ཉུང་དུ་གཏོང་བ་དང་བཀོད་སྤྱོད་ཕན་འབྲས་མཐོར་འདེགས་སུ་གཏོང་བའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་པར་མ་ཟད་བྱ་བ་དེ་དག་ལ་ཁས་ལེན་དགོས་པ་ཞིག་རེད། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། སྤྱི་ཐུན་ལས་ཁུངས་དང་ཁྱད་པར་དུ་རྒྱལ་ཁབ་ལས་ཁུངས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དམ་པོར་བཅངས་པ་དང་། ལེགས་བསྡུས་ཞིབ་གཉེར་དང་འཁོར་སྐྱོད་བདེ་སྤྱོད་ཀྱི་ཐུན་ཁོངས་ལྟ་བ་རྒྱུན་འཁྱོངས་བྱས་ནས། སྣེ་ཁྲིད་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། རང་རྟོགས་སྒོས་བྱ་བ་སྒྲུབ་པ་དང་། བྱེད་ཐབས་གསར་གཏོད་བྱེད་པ། སྦག་ཤུགས་སྔོག་འདོན་བྱས་ནས། སྟོབས་ཤུགས་ཡོད་རྒུ་བཏོན་ཏེ་ནུས་ཁུངས་ཐོན་ཁུངས་བེད་སྤྱོད་བྱེད་པའི་ཕྱོགས་བསྡུས་ཕན་འབྲས་མཐོར་འདེགས་སུ་གཏོང་དགོས་ལ། ཧུར་ཐག་སྒོས་གྲོན་ཆུང་དང་ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ། ལྗང་མདོག་ཐཱན་ཉུང་། དཔལ་ཡོན་བདེ་ཐང་བཅས་ཀྱི་སྤྱི་ཚོགས་དར་སྲོལ་ཆགས་པར་བྱས་ནས། སྐྱེ་ཁམས་དཔལ་ཡོན་དང་མཛེས་སྡུག་ཀྲུང་གོ་འཛུགས་སྐྲུན་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།    །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།