ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས2016ལོའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་དམངས་ཁྲོད་སྤྱི་ཚོགས་གྲོས་ཚོགས་ཚོགས་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2016ལོའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་དམངས་ཁྲོད་སྤྱི་ཚོགས་གྲོས་ཚོགས་ཚེས5ཉིན་ཧྲན་ཏུང་ཞིང་ཆེན་གྱི་ཆིན་ཏོ་གྲོང་ཁྱེར་ནས་ཚོགས་མགོ་བརྩམས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་གྲོས་ཚོགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཞི་ཅིན་ཕེན་གྱིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་གསུངས་རྒྱུར། དམངས་ཁྲོད་སྤྱི་ཚོགས་རྩ་འཛུགས་ནི་རྒྱལ་ཁབ་སོ་སོའི་མང་ཚོགས་སྤྱི་ཐུན་ལས་དོན་ཁྲོད་དུ་ཞུགས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གཙོ་བོ་ཡིན། ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་རང་གི་སྤྱི་ཚོགས་རྩ་འཛུགས་དེ་རྒྱལ་ནང་གི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ཁྲོད་དུ་ཞུགས་པར་རྒྱབ་སྐྱོར་བྱེད་པ་དང་། ཕྱི་རྒྱལ་གྱི་སྲིད་གཞུང་མིན་པའི་རྩ་འཛུགས་ཀྲུང་གོར་ཡོང་ནས་མཛའ་མཐུན་བརྗེ་རེས་མཉམ་ལས་སྤེལ་བར་དགའ་བསུ་ཞུ་བཞིན་པར་མ་ཟད། ཧུར་ཐག་སྒོས་ཁྲིམས་སྐྱོང་ཁོར་ཡུག་བཟང་བོ་གསར་སྐྲུན་བྱས་ནས་དེས་ཀྲུང་གོ་ནས་བྱ་འགུལ་སྤེལ་བར་སྟབས་བདེ་སྐྲུན་པ་དང་དེའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་ངེས་ཡིན་ཟེར།    །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།