ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཡིག་གཟུགས་སློབ་གྲྭ་འབྲིང་ཆུང་གི་སློབ་ཁྲིད་ཁྲོད་འཇོག་པའི་རྟོག་ཞིབ་ཚན་ཆུང་གིས་མཚོ་སྔོན་དུ་རྟོག་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-07-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན་ནས་ཚེས་ཉེར་དགུ་ཉིན་བར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་པེའོ་ཡིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཡིག་གཟུགས་སློབ་གྲྭ་འབྲིང་ཆུང་གི་སློབ་ཁྲིད་ཁྲོད་འཇོག་པའི་རྟོག་ཞིབ་ཚན་ཆུང་ཁྲིད་དེ་མཚོ་སྔོན་དུ་རྟོག་ཞིབ་བྱེད་དུ་ཡོང་བ་དང་། མཚོ་སྔོན་ཞིང་ཆེན་གྱི་སྔར་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལོ་ཧོས་ཉིན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཧའོ་ཕིན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས། ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོ་ཆིན། ཀྲང་ཧྲིན་ཁྲིན། ཅི་རིན་ཧྥུན་སོགས་ཀྱིས་མཉམ་དུ་རྟོག་ཞིབ་བྱས།

ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན། མཱ་པེའོ་ཡིས་མགོ་འཛིན་བྱས་ནས་སྙན་ཞུ་གྲོས་ཚོགས་བསྡུས་ཏེ། མཚོ་སྔོན་ཞིང་ཆེན་གྱི་རིག་གནས་དང་སློབ་གསོའི་གནས་ཚུལ་དང་སློབ་གྲྭ་འབྲིང་ཆུང་གི་ཡིག་གཟུགས་སློབ་གསོ་སྤེལ་བའི་གནས་ཚུལ་ལ་ཉན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་གྲོས་ཚོགས་ལ་ཞུགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞི་མེན་གྱི་སྙན་ཞུ་ཕུལ། ཧྲིན་ཀྲང་གཞོན་པ་ཁྲིན་ལིས་ཧྭ་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོ་ཆིན་གཉིས་གྲོས་ཚོགས་ལ་ཞུགས། ཞིང་ཆེན་སློབ་གསོ་ཐིན་དང་ཞིང་ཆེན་རིག་གནས་གསར་འགྱུར་དཔེ་སྐྲུན་ཐིན། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་གཏམ་བཤད་སྤེལ།

མཱ་པེའོ་ཡིས་ཐོག་མར་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ཀྱིས་ཐེངས་འདིའི་རྟོག་ཞིབ་བྱ་བར་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་བཀའ་དྲིན་ཞུས། ཁོས་བསྟན་དོན། ཀྲུང་དབྱང་གི་རེ་བ་ལྟར་དུ། མཚོ་སྔོན་གྱི་འཕེལ་རྒྱས་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་གཅིག་གསུམ་གཅིག་གི་སྤྱི་ཁོག་གི་རེ་བ་བཏོན་པ་དང་། རང་འགུལ་སྒོས་དཔལ་འབྱོར་གྱི་རྒྱུན་རྣམ་གསར་བ་དང་མཐུན་པར་བྱེད་པ། མཁོ་འདོན་ལོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་ཐད་ཤུགས་བསྣན་པས། དཔལ་འབྱོར་ཐད་ནས་གཏན་འཇགས་ཁྲོད་འཕེལ་རྒྱས་སུ་སོང་བ་དང་། མི་རིགས་འཆམ་མཐུན་ཡིན་པ་དང་མི་དམངས་ཀྱིས་བདེ་སྡོད་ལས་ཞེན་བྱེད་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་མངོན་གསལ་ལེན་པ་བཅས་ཀྱི་རྣམ་པ་བཟང་བོ་ཆགས་པར་བྱས། མཚོ་སྔོན་གྱི་རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཐད་སྲུང་སྐྱོབ་དང་དར་སྤེལ་ཤུགས་ཆེན་བྱས་ལ། ལྷག་པར་དུ་སློབ་གྲྭ་འབྲིང་ཆུང་གི་ཡིག་གཟུགས་སློབ་གསོ་བྱ་བར་ཧ་ཅང་མཐོང་ཆེན་བྱས་ནས། ཡིག་གཟུགས་སློབ་གསོ་དེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་དུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བྱེད་པའི་མཐོ་ཚད་དུ་བཞག་སྟེ་བཀོད་སྒྲིག་དང་སྐུལ་འདེད་བྱས་པས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སློབ་གྲྭ་འབྲིང་ཆུང་གི་ཡིག་གཟུགས་སློབ་གསོའི་ལམ་བུ་གསར་བ་ཞིག་བཏོད་པ་དང་། མཚོ་སྔོན་གྱིས་རང་སྟེང་གི་དགེ་མཚན་སྔར་ལས་འདོན་སྤེལ་བྱས་ཏེ། ཡིག་གཟུགས་སྒྱུ་རྩལ་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་འཇོག་དགོས་པའི་རེ་བ་བཏོན།

རྟོག་ཞིབ་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་འབྲིང་ཆུང་གི་ཡིག་གཟུགས་སློབ་གསོ་བྱ་བར་ཁས་ལེན་གང་ལེགས་བྱས།

སྙན་ཞུའི་གྲོས་ཚོགས་གྲོལ་རྗེས། མཱ་པེའོ་སོགས་ཞིང་ཆེན་སྲིད་གྲོས་ཀྱིས་བསྡུས་པའི་སྐབས་བཅུ་གཉིས་པའི་སྲིད་གྲོས་གླེང་སྟེགས་ལ་ཞུགས།།

རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།