ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་བློ་ཡན་སུའུ་ལ་རྒྱལ་ཡོངས་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་མཚན་སྙན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-05-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ་ཀྲུང་དབྱང་མགོ་ཁྲིད་བློ་མཐུན་ཡིད་འཐད་བྱུང་བ་བརྒྱུད་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་གཏན་འཁེལ་བྱས་ཏེ། མཁའ་དམག་ཆབ་སྲིད་བྱ་བའི་པུའུ་རིག་རྩལ་ཚོགས་པའི་སྔོན་ཆད་ཀྱི་གསར་རྩོམ་མཁན། རིམ་པ་དང་པོའི་འཁྲམ་གཞུང་རྩོམ་སྒྲིག་པ། མིང་གྲགས་ཅན་གྱི་སྒྱུ་རྩལ་པ་བློ་མཐུན་ཡན་སུའུ་ལ་རྒྱལ་ཡོངས་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་མཚན་སྙན་གནང་བར་མ་ཟད། རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པར་བློ་མཐུན་ཡན་སུའུ་ལ་སློབ་སྦྱོང་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། ཁོང་གི་ཐོག་མཐའ་བར་གསུམ་དུ་ཏང་གི་སྐད་ཆར་ཉན་པ་དང་བློ་གཅིག་སེམས་གཅིག་གིས་ཏང་གི་རྗེས་འབྲངས་པའི་ཆབ་སྲིད་ཀྱི་གཤིས་སྤྱོད། གཞི་རིམ་ལ་རྐང་འཛུགས་པ་དང་མི་དམངས་ལ་ཞབས་ཞུ་སྒྲུབ་པའི་ཆེས་སྤྱིར་བཏང་གི་རང་གཤིས། བླ་ན་མེད་པའི་ཀུན་སྤྱོད་དང་གཟབ་ནན་རང་གཅུན་གྱི་བསམ་བློ་བཅས་ལ་སློབ་སྦྱོང་བྱས་ཏེ། གཉིས་སློབ་གཅིག་བྱེད་ཀྱི་སློབ་སྦྱོང་སློབ་གསོའི་ཁྲོད་དུ་སྔོན་ཐོན་གྱི་མིག་དཔེ་བྱེད་པ་དང་བཞི་ཁྲིད་བཞི་ལྡན་གྱི་གུང་ཁྲན་ཏང་ཡོན་ཚད་ལྡན་ཞིག་བྱས་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་ཐོག་དང་པོའི་ལོ་བརྒྱའི་འོས་འགན་དམིགས་འབེན་མངོན་འགྱུར་བྱེད་པའི་ཐད་ལ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།