ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་མགོ་འཛིན་མཛད་དེ་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-05-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

12.jpg

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར་པེ་ཅིན་ནས་མགོ་འཛིན་མཛད་དེ་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར་པེ་ཅིན་ནས་མགོ་འཛིན་མཛད་དེ་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཀྲུང་གུང་ཀྲུང་དབྱ་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་བཞུགས་མོལ་ཚོགས་འདུར་ཞུགས།

བཞུགས་མོལ་ཚོགས་འདུའི་སྟེང་ཀྲུང་གོ་ཚན་རིག་གླིང་ཞིབ་འཇུག་པ་རོ་ཞིན་དང་པེ་ཅིན་སློབ་ཆེན་རྒྱལ་ཁབ་འཕེལ་རྒྱས་ཞིབ་འཇུག་གླིང་གི་དགེ་རྒན་ཆེན་མོ་ལིན་ཡེ་ཧྥུའུ། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་མར་ཁེ་སི་རིང་ལུགས་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་ཀྲུང་ཅོན་སོགས་སྔ་གཞུག་ཏུ་གཏམ་བཤད། ཞི་ཅིན་ཕེན་གྱིས་ཚང་མའི་གཏམ་བཤད་ལ་ནན་ཏན་སྒོས་ཉན་པར་མ་ཟད་ཤེས་ཡོན་ཅན་རྣམས་དང་མཉམ་དུ་གྲོས་བསྡུར་བྱས། ཞི་ཅིན་ཕེན་གྱིས་གསུངས་རྒྱུར། གནས་བབ་གསར་བའི་འོག་ཏུ། རང་རྒྱལ་གྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གོ་གནས་སྔར་ལས་གལ་ཆེ་བ་དང་ལས་འགན་སྔར་ལས་ལྗིད། ལོ་རྒྱུས་ལས་སྤྱི་ཚོགས་སྒྱུར་བཀོད་ཆེན་པོའི་དུས་སྐབས་སུ་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་འཕེལ་རྒྱས་ཆེན་པོ་འབྱུང་བའི་དུས་སྐབས་ཡིན། དེང་རབས་ཀྲུང་གོས་རང་རྒྱལ་ལོ་རྒྱུས་སྟེང་ཆེས་རྒྱ་ཆེ་ཞིང་གཏིང་ཟབ་པའི་སྤྱི་ཚོགས་སྒྱུར་བཀོད་རྒྱུད་བཞིན་ཡོད་པ་དང་། མིའི་རིགས་ཀྱི་ལོ་རྒྱུས་སྟེང་དུའང་ཐུན་མོང་མ་ཡིན་པའི་ལག་ལེན་གསར་སྐྲུན་བྱེད་བཞིན་ཡོད། སྔོན་ཆད་བྱུང་མ་མྱོང་བའི་རླབས་ཆེན་ལག་ལེན་དེས་རིགས་པའི་གཞུང་ལུགས་གསར་སྐྲུན་དང་རིག་གཞུང་འཕེལ་རྒྱས་སྟོབས་དང་ལྡན་པའི་སྒུལ་ཤུགས་ཡངས་པའི་བར་སྟོང་ཅིས་ཀྱང་འདོན་སྤྲོད་བྱེད་ངེས་ཡིན་པ་མཚོན་ཡོད། ཕུགས་འདུན་ཡོད་པ་དང་འགན་འཁུར་ཡོད་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་བྱ་བ་སྒྲུབ་མཁན་ཚང་མས་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་ནས་བློ་འདོན་ཇུས་འབུལ་བྱས་ཏེ་ལོ་རྒྱུས་ཀྱིས་གནང་བའི་གཟི་བརྗིད་ལྡན་པའི་འགན་འཁྲི་དང་ལེན་བྱེད་དགོས་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོའི་ཁྱད་ཆོས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་མྱུར་དུ་གསར་སྐྲུན་བྱེད་ན། ཀྲུང་གོའི་གནས་ཚུལ་དང་མཐུན་པར་བྱེད་པ་དང་ཕྱི་རྒྱལ་དཔྱད་གཞིར་འཛིན་དགོས་པ། ལོ་རྒྱུས་སྔོག་འདོན་བྱེད་པ། དེང་རབས་གསལ་བོར་ཤེས་པར་བྱེད་པ། མིའི་རིགས་ལ་སེམས་ཁུར་བྱེད་པ། མ་འོངས་པར་ཁ་ཕྱོགས་པའི་བསམ་ཕྱོགས་ལྟར། ཀྲུང་གོའི་ཁྱད་ཆོས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གསར་སྐྲུན་བྱས་ཏེ། མཛུབ་སྟོན་བསམ་བློ་དང་རིག་ཚན་མ་ལག རིག་གཞུང་མ་ལག་སོགས་ཕྱོགས་སུ་ཀྲུང་གོའི་ཁྱད་ཆོས་དང་ཀྲུང་གོའི་རྣམ་པ། ཀྲུང་གོའི་སྣང་བརྙན་བཅས་མཚོན་པར་བྱེད་དགོས་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོའི་ཁྱད་ཆོས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གསར་སྐྲུན་བྱེད་པ་ནི་གོ་རིམ་ལྡན་པའི་བཟོ་སྐྲུན་ཞིག་ཡིན་པར་མ་ཟད་ཧ་ཅང་ལྗིད་པའི་ལས་འགན་ཞིག་ཡིན་པས། ཇུས་འགོད་བཟང་བོ་བྱེད་པ་དང་ཕྱོགས་སོ་སོའི་སྟོབས་ཤུགས་མཐུན་སྦྱོར་ཡོང་བར་གཅིག་གྱུར་འཆར་འགོད་བྱེད་དགོས་ཟེར།

ཝང་ཧུའུ་ཉིན་དང་ལིག་ཡན་ཏུང་། ལིག་ཆི་པོ། ཞུའུ་ཆི་ལེང་། ལེ་ཀྲན་ཧྲུའུ་བཅས་བཞུགས་མོལ་ཚོགས་འདུར་ཞུགས།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།