ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱ་བའི་ཚན་ཆུང་གིས་ཧྥུའུ་ཅན་ཐེ་ཉིན་དུ་ལྔ་བའི་ཚེས་བརྒྱད་ཉིན་རི་ཉིལ་བའི་གནོད་འཚེ་ཐེབས་པའི་ངོ་བོ་དང་གནོད་འཚེ་སྔོན་འགོག་སོགས་ཀྱི་གནད་དོན་ལ་ཞིབ་བཤེར་ནན་མོ་་བྱེད་དགོས་པའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-05-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་བཅུ་ཉིན་གྱི་དུས་ཚོད་བཅོ་ལྔའི་བར་དུ། ཧྥུའུ་ཅན་ཐེ་ཉིན་དུ་ལྔ་བའི་ཚེས་བརྒྱད་ཉིན་རི་ཉིལ་བའི་གནོད་འཚེ་ཁྲོད་དུ་མི་སོ་དྲུག་གར་སོང་མི་ཤེས་པ་དང་མི་སོ་ལྔའི་བེམ་པོ་རྙེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱ་བའི་ཚན་ཆུང་གིས་ཕྱོགས་ཡོངས་ནས་གནོད་འཚེ་ཐེབས་པའི་ངོ་བོ་དང་གནོད་འཚེ་སྔོན་འགོག་སོགས་ཀྱི་གནད་དོན་ལ་ཞིབ་བཤེར་ནན་མོ་བྱེད་དགོས་པའི་རེ་བ་བཏོན།

ཤེས་པའི་གནས་ཚུལ་ལྟར་ན། ཟླ་ལྔ་བའི་ཚེས་བཅུ་ཉིན་གྱི་དུས་ཚོད་བཅུ་གཅིག་སྟེང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱ་བའི་ཚན་ཆུང་གིས་ཡང་བསྐྱར་གྲོས་ཚོགས་བསྡུས་ཏེ། ལས་ཁུངས་སོ་སོས་བྱ་བ་སྒྲུབ་པའི་གནས་ཚུལ་ལ་ཉན་པར་མ་ཟད་ཧྥུའུ་ཅན་ཞིང་ཆེན་ཡུལ་དངོས་བཀོད་འདོམས་པུའུ་དང་མཉམ་དུ་གྲོས་མོལ་དང་བསམ་འཆར་བརྗེ་རེས་བྱས་པ་དང་དུས་སྐབས་སྔོན་གྱི་མྱུར་སྐྱོབ་རྒུད་སྐྱོབ་བྱས་པའི་བྱ་བར་ཁས་ལེན་བྱས། ཚེས་བཅུ་ཉིན་གྱི་དུས་ཚོད་བཅོ་ལྔའི་བར་དུ་མི་སོ་དྲུག་གར་སོང་མི་ཤེས་པ་དང་མི་སོ་ལྔའི་བེམ་པོ་རྙེད། ཚེས་བཅུ་ཉིན་གྱི་ཉིན་གུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱ་བའི་ཚན་ཆུང་གི་ཚན་གཙོ། རྒྱལ་ཁོངས་ཐོན་ཁུངས་པུའུ་ཡི་པུའུ་ཀྲང་ཝང་མེན་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་དམག་སྤྱི་ཆེན་མོ་གཞོན་པ་དའེ་སུའུ་ཅོན་གཉིས་ཀྱིས་ནུས་ལྡན་བྱེད་ཐབས་སྤྱོད་པར་ཞིབ་འཇུག་བྱས་ནས། འཚོལ་ཞིབ་ལས་འགན་མྱུར་དུ་ཡོངས་འགྲུབ་བྱེད་རྒྱུ་བྱས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱ་བའི་ཚན་ཆུང་གིས་ཕྱོགས་འགའི་བྱ་བ་བཟང་བོར་བསྒྲུབ་པའི་གྲོས་གཞི་བཏོན། གཅིག མི་སྣ་འཚོལ་ཞིབ་དང་འཚོལ་ཞིབ་རྗེས་ཀྱི་ཡུལ་དངོས་ཐག་གཅོད་བྱ་བ་བཟང་བོར་བསྒྲུབ་དགོས། གཉིས། སྟོབས་ཤུགས་ཡོད་དགུ་བཏོན་ཏེ་རྨས་མ་མྱུར་སྐྱོབ་དང་འདས་མཇུག་གི་བྱ་བ་བཟང་བོར་བསྒྲུབ་དགོས། གསུམ། དངོས་གཉེར་བདེན་འཚོལ་དང་ཁྱོན་ཡོངས་ནས་གནོད་འཚེ་ཐེབས་པའི་ངོ་བོ་དང་གཞི་ཁྱོན། གནོད་འཚེ་སྔོན་འགོག་སོགས་ཀྱི་གནད་དོན་ལ་ཞིབ་བཤེར་ནན་མོ་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།