ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཀའོ་ལིས་ཀྱིས་རིམ་པ་མཐོ་བའི་ཕ་རི་སི་གྲོས་ཆོད་འགོད་པའི་མཛད་སྒོར་ཞུགས་པའི་ཕྱི་རྒྱལ་གྱི་མགོ་ཁྲིད་པར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

f2659a73b0d8fc6476ec9e3a37971c28.jpg

ཟླ་བཞི་བའི་ཚེས་ཉེར་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་ཆེད་མངག་ཕོ་ཉ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཉིག་ཡོ་ནས་རིམ་པ་མཐོ་བའི་ཕ་རི་སི་གྲོས་ཆོད་འགོད་པའི་མཛད་སྒོར་ཞུགས་པའི་ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་ལ་མཇལ་འཕྲད་གནང་།

988daadc457a47d246b949dcdb0467df.jpg

ཟླ་བཞི་བའི་ཚེས་ཉེར་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་ཆེད་མངག་ཕོ་ཉ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཉིག་ཡོ་ནས་རིམ་པ་མཐོ་བའི་ཕ་རི་སི་གྲོས་ཆོད་འགོད་པའི་མཛད་སྒོར་ཞུགས་པའི་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་ཆེད་མངག་ཕོ་ཉ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཚེས་ཉེར་གཉིས་ཉིན་ཉིག་ཡོ་ནས་རིམ་པ་མཐོ་བའི་ཕ་རི་སི་གྲོས་ཆོད་འགོད་པའི་མཛད་སྒོར་ཞུགས་པའི་ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་དང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལི་གཉིས་ལ་སོ་སོར་མཇལ་འཕྲད་གནང་།

ཨོ་ལིང་ཏི་ལ་མཇལ་འཕྲད་གནང་སྐབས་ཀྲང་ཀའོ་ལིས་ཀྱི་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཨོ་ལིང་ཏི་ལ་སྙིང་ཉེ་བའི་འཚམས་འདྲི་ཞུས་པ་བརྒྱུད་སྒྲོག་མཛད། ཀྲང་ཀའོ་ལིས་ཀྱིས་ཧྥ་རན་སི་ཕྱོགས་ཀྱིས་ཕ་རི་སི་ཚོགས་ཆེན་ཐད་ལ་ཕན་འབྲས་ལྡན་པའི་བྱ་བ་མང་པོ་བསྒྲུབས་པར་གདེང་འཇོག་གང་ལེགས་མཛད་པར་མ་ཟད། ཕ་རི་སི་ཚོགས་ཆེན་གྲ་སྒྲིག་དང་གྲོས་ཆོད་གྲོས་མོལ་བྱེད་པའི་གོ་རིམ་ཁྲོད་ཀྲུང་གོ་དང་ཧྥ་རན་སི་གཉིས་ཀྱིས་དུས་དང་རྣམ་པ་ཀུན་དུ་འབྲེལ་འདྲིས་དང་མཐུན་སྦྱོར་དམ་པོ་བྱས་ནས། ཕན་འབྲས་ལྡན་པའི་མཉམ་ལས་མང་པོ་སྤེལ། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། ཕ་རི་སི་གྲོས་ཆོད་དངོས་སུ་ལག་བསྟར་བྱེད་པར་མུ་མཐུད་དུ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཨོ་ལིང་ཏི་ཡིས་ཐོག་མར་ཀྲང་ཀའོ་ལིས་ལ་ཁོས་ཀྲུའུ་ཞི་ཞི་ཅིན་ཕེན་ལ་སྨོན་འདུན་བཟང་བོ་ཞུས་པ་བརྒྱུད་སྒྲོག་གནང་རོགས་ཞུས། ཁོས་བཤད་རྒྱུར། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོས་ཕ་རི་སི་གྲོས་ཆོད་གྲོས་མཐུན་བཀོད་པའི་ཐད་ལ་བྱས་རྗེས་བཞག་པར་བསྟོད་བསྔགས་ཆེན་པོ་བྱས་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་ལྷོད་མེད་བྱས་ཏེ། རྒྱལ་ཁབ་ཉི་ཤུ་སྡེ་ཚོགས་ཧང་ཀྲིག་མཐོ་རིམ་གྲོས་ཚོགས་སོགས་དང་བསྟུན་ནས། ཕ་རི་སི་གྲོས་ཆོད་དངོས་སུ་ལག་བསྟར་བྱེད་པར་ཧུར་ཐག་སྒོས་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཁི་ལི་ལ་མཇལ་འཕྲད་གནང་སྐབས། ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱིས་དེང་སྐབས་ཀྱི་མཉམ་ལས་གནས་བབ་བཟང་བོ་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ནས། ཕ་རི་སི་གྲོས་ཆོད་དངོས་སུ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས་ལ། རྒྱལ་ཁབ་ཉི་ཤུ་སྡེ་ཚོགས་ཧང་ཀྲིག་མཐོ་རིམ་གྲོས་ཚོགས་སོགས་ཕྱོགས་མང་པོའི་གོ་སྐབས་དང་བསྟུན་ནས། གནམ་གཤིས་འགྱུར་ལྡོག་མཉམ་ལས་ཐད་ལ་རྒྱུན་མཐུད་སྒོས་སྟོབས་ཤུགས་འབུལ་དགོས་པར་མ་ཟད། ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱི་འཐབ་ཇུས་དང་དཔལ་འབྱོར་གྲོས་མོལ་དང་གནམ་གཤིས་འགྱུར་ལྡོག་བྱ་བའི་ཚན་ཆུང་སོགས་ལམ་ལུགས་ལ་བརྟེན་ནས་གནམ་གཤིས་འགྱུར་ལྡོག་ཁྱབ་ཁོངས་ཀྱི་ཕྱོགས་མང་པོའི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་དགོས་ཟེར།

ཁི་ལི་ཡིས་བཤད་རྒྱུར། ཀྲུང་གོ་ནི་རྒྱལ་སྤྱིའི་ཤུགས་རྐྱེན་གལ་ཆེན་ལྡན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ལ། ཨ་མེ་རི་ཁ་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བ་ནི་འཛམ་གླིང་སྟེང་ཆེས་གལ་ཆེ་བའི་ཕྱོགས་གཉིས་ཀྱི་འབྲེལ་བའི་ནང་གི་གཅིག་ཀྱང་ཡིན། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་དེ་ཕ་རི་སི་གྲོས་ཆོད་བཀོད་པར་ནུས་པ་གལ་ཆེན་ལྡན། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།