ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས2016ལོའི་ཁྲིམས་འཛུགས་འཆར་གཞི་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་གཉིས་ཉིན2016ལོའི་ཁྲིམས་འཛུགས་བྱ་བའི་འཆར་གཞི་ཁྱབ་སྒྲོག་བྱས། འཆར་གཞི་ལྟར་ན། ད་ལོར་དྲ་རྒྱ་བདེ་འཇགས་བཅའ་ཁྲིམས་སོགས་བཅའ་ཁྲིམས་འཆར་ཟིན་བཅུར་མུ་མཐུད་དུ་གྲོས་ཞིབ་བྱེད་རྒྱུ་དང་། ཁོར་ཡུག་སྲུང་སྐྱོབ་དཔྱ་ཁྲལ་བཅའ་ཁྲིམས་སོགས་བཅུར་ཐོག་མར་གྲོས་ཞིབ་བྱེད་རྒྱུ་རེད།

མཚམས་སྦྱོར་བྱས་པ་ལྟར་ན། བཅའ་ཁྲིམས་འཆར་ཟིན་དེ་དག་ལ་གྲོས་ཞིབ་བྱེད་པའི་དུས་ཚོད་གནས་བབ་དང་བསྟུན་ནས་ལེགས་སྒྲིག་བྱེད་རྒྱུ། དེ་དང་མཉམ་དུ་ཏང་ཀྲུང་དབྱང་གི་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པ་དང་། ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པ། རྒྱལ་སྲུང་དང་དམག་དཔུང་གི་བཅོས་སྒྱུར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ཀྱི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་ཆེད། བཅའ་ཁྲིམས་གཞན་དག་གཏན་འཁེལ་དང་བཟོ་བཅོས་བྱེད་དགོས་པས། གནས་བབ་དང་བསྟུན་ནས་གྲོས་ཞིབ་བྱེད་པར་བཀོད་སྒྲིག་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།