ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཀའོ་ལིས་རིམ་པ་མཐོ་བའི་ཕ་རི་སི་གྲོས་ཆོད་འགོད་པའི་མཛད་སྒོར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

ཟླ་བཞི་བའི་ཚེས་ཉེར་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་ཆེད་མངག་ཕོ་ཉ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་རིམ་པ་མཐོ་བའི་ཕ་རི་སི་གྲོས་ཆོད་འགོད་པའི་མཛད་སྒོར་ཞུགས་པར་མ་ཟད། ཀྲུང་གོའི་ཚབ་མཛད་དེ་ཕ་རི་སི་གྲོས་ཆོད་བཀོད། གྲོས་ཆོད་འགོད་པའི་མཛད་སྒོའི་སྟེང་། ཀྲང་ཀའོ་ལིས་ཀྱིས་ཁ་ཡིག་ལ་ཕ་རི་སི་གྲོས་ཆོད་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ་མཉམ་དུ་མིའི་རིགས་ཀྱི་ཁྱིམ་གཞིས་བཟང་བོ་འཛུགས་སྐྲུན་བྱེད་དགོས་ཞེས་པའི་གསུང་བཤད་གནང་།

༢.jpg

ཟླ་བཞི་བའི་ཚེས་ཉེར་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲའུ་ཞི་ཞི་ཅིན་ཕེན་གྱི་ཆེད་མངག་ཕོ་ཉ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་རིམ་པ་མཐོ་བའི་ཕ་རི་སི་གྲོས་ཆོད་འགོད་པའི་མཛད་སྒོར་ཞུགས་པར་མ་ཟད། ཀྲུང་གོའི་ཚབ་མཛད་དེ་ཕ་རི་སི་གྲོས་ཆོད་བཀོད། 

༣.jpg

ཟླ་བཞི་བའི་ཚེས་ཉེར་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲའུ་ཞི་ཞི་ཅིན་ཕེན་གྱི་ཆེད་མངག་ཕོ་ཉ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་རིམ་པ་མཐོ་བའི་ཕ་རི་སི་གྲོས་ཆོད་འགོད་པའི་མཛད་སྒོར་ཞུགས་པར་མ་ཟད། ཀྲུང་གོའི་ཚབ་མཛད་དེ་ཕ་རི་སི་གྲོས་ཆོད་བཀོད། གྲོས་ཆོད་འགོད་པའི་མཛད་སྒོའི་སྟེང་། ཀྲང་ཀའོ་ལིས་ཀྱིས་ཁ་ཡིག་ལ་ཕ་རི་སི་གྲོས་ཆོད་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ་མཉམ་དུ་མིའི་རིགས་ཀྱི་ཁྱིམ་གཞིས་བཟང་བོ་འཛུགས་སྐྲུན་བྱེད་དགོས་ཞེས་པའི་གསུང་བཤད་གནང་། 

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་ཆེད་མངག་ཕོ་ཉ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཚེས་ཉེར་གཉིས་ཉིན་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་རིམ་པ་མཐོ་བའི་ཕ་རི་སི་གྲོས་ཆོད་འགོད་པའི་མཛད་སྒོར་ཞུགས་པར་མ་ཟད། ཀྲུང་གོའི་ཚབ་མཛད་དེ་ཕ་རི་སི་གྲོས་ཆོད་བཀོད། གྲོས་ཆོད་འགོད་པའི་མཛད་སྒོའི་སྟེང་། ཀྲང་ཀའོ་ལིས་ཀྱིས་ཁ་ཡིག་ལ་ཕ་རི་སི་གྲོས་ཆོད་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ་མཉམ་དུ་མིའི་རིགས་ཀྱི་ཁྱིམ་གཞིས་བཟང་བོ་འཛུགས་སྐྲུན་བྱེད་དགོས་ཞེས་པའི་གསུང་བཤད་གནང་།

ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། ཕ་རི་སི་གྲོས་ཆོད་ཀྱི་དམིགས་ཡུལ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་སྤྱི་ཁོག་སྤྱི་ཆིངས་ལག་བསྟར་བྱེད་པར་ཤུགས་སྣོན་པ་དང་། 2020ལོའི་རྗེས་སུ་འཛམ་གླིང་ཡོངས་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་མངོན་འགྱུར་བྱེད་པའི་དམིགས་འབེན་དང་རེ་འདུན་གཏན་ལ་ཕབ་པས། དེ་ནི་མིའི་རིགས་ཀྱིས་གནམ་གཤིས་བཅོས་སྐྱོང་བྱེད་པའི་ལོ་རྒྱུས་སྟེང་གི་ལམ་ཚད་རྡོ་རིང་ལྟ་བུ་ཞིག་རེད། དེ་རིང་ང་ཚོས་མཉམ་དུ་གྲོས་ཆོད་དེ་བཀོད་པ་ནི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ཆོད་སེམས་སྔར་ལས་ངོམ་པ་དང་། དམིགས་འབེན་འགུལ་སྐྱོད་དུ་བསྒྱུར་བ། རེ་འདུན་མངོན་འགྱུར་བྱེད་རྒྱུ་དེ་ཡིན་ཟེར།

ཀྲང་ཀའོ་ལིས་ཀྱིས་ནན་གྱིས་གསུངས་རྒྱུར། ཀྲུང་གོ་ནི་འགན་འཁུར་ཡོད་པའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན། ང་ཚོས་མུ་མཐུད་དུ་གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཕ་རི་སི་གྲོས་ཆོད་ལག་བསྟར་ནན་མོ་བྱས་ནས། འཛམ་གླིང་ཡོངས་ཀྱིས་གནམ་གཤིས་འགྱུར་ལ་ཁ་གཏད་འཇལ་བའི་དོན་དག་ཐད་ལ་འབད་བརྩོན་ལྷོད་མེད་བྱེད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།