ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འཇར་པན་ཞོང་པིན་རྫོང་ལ་ས་འགུལ་དྲག་པོ་བྱུང་བའི་ཐད་ནས་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་ལ་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-04-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཞི་བའི་ཚེས་ཉི་ཤུ་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འཇར་པན་ཞོང་པིན་རྫོང་ལ་ས་འགུལ་དྲག་པོ་བྱུང་བའི་ཐད་ནས་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་ལ་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་། ལིས་ཁི་ཆང་གིས་བསྟན་དོན། ཁྱེད་རྒྱལ་ཁབ་ཀྱི་ཞོང་པིན་རྫོང་ལ་ས་འགུལ་དྲག་པོ་བྱུང་ནས་མི་སྣར་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཚབས་ཆེན་ཐེབས། ངས་འདི་ནས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་མཛད་དེ་སེམས་གཏིང་ནས་འཚམས་འདྲི་ཞུས་པ་ཡིན། ཁྱེད་རྒྱལ་ཁབ་ཀྱི་སྲིད་གཞུང་དང་མི་དམངས་ཀྱིས་ངེས་པར་དུ་དཀའ་ཁག་སྣ་ཚོགས་ཁྱད་དུ་བསལ་ནས་ཁྱིམ་གཞིས་བསྐྱར་འཛུགས་བྱེད་ཐུབ་པར་ང་ལ་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་གནོད་འཚེའི་འཕེལ་རིམ་ལ་དོ་སྣང་བྱེད་པ་དང་དགོས་ངེས་ཀྱི་རོགས་རམ་སྣ་ཚོགས་འདོན་སྤྲོད་བྱེད་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།