ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་ལའོ་ཨར་ཁ་སི་ཐི་ལའོ་ཡང་བསྐྱར་ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་པོ་ལ་བདམས་པར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-04-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཞི་བའི་ཚེས་ཉི་ཤུ་ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ལའོ་ཨར་ཁ་སི་ཐི་ལའོ་ལ་གློག་འཕྲིན་བཏང་ནས་ཁོ་རང་ཡང་བསྐྱར་ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་པོ་ལ་བདམས་པར་རྟེན་འབྲེལ་ཞུས། ཞི་ཅིན་ཕེན་གྱིས་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་པ་དང་ཁོ་རང་ཉིད་ཀྱི་མིང་ཐོག་ནས་ལའོ་ཨར་ཁ་སི་ཐི་ལའོ་རྟེན་འབྲེལ་ཞུས། ཞི་ཅིན་ཕེན་གྱིས་བསྟན་དོན། ཁུ་པ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚོགས་ཆེན་ཐེངས་དྲུག་པའི་ཚུན་ལ། ཁུ་པ་རྒྱལ་ཁབ་ཀྱིས་ཏང་གི་མགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་བགྲོད་ལམ་རྒྱུན་འཁྱོངས་བྱས་ཏེ། དཀའ་ཁག་སྣ་ཚོགས་ལས་རྣམ་པར་རྒྱལ་བ་དང་གསར་བརྗེ་དང་འཛུགས་སྐྲུན་ལས་དོན་ཁྲོད་ནས་དགའ་འོས་པའི་གྲུབ་འབྲས་བླངས། མིག་སྔར་ཁུ་པ་གུང་ཁྲན་ཏང་གིས་གནས་བབ་དང་བསྟུན་ནས་དཔལ་འབྱོར་སྤྱི་ཚོགས་ཀྱི་རྣམ་པར་ལེགས་བཅོས་བྱེད་པར་སྐུལ་འདེད་གཏོང་བཞིན་པ་དང་། རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་བགྲོད་ལམ་སྟེང་དུ་འགྱུར་མེད་ཀྱི་གོམ་པ་ཆེན་པོ་སྤོས་ཡོད། བློ་མཐུན་ལའོ་ཨར་ཁ་སི་ཐི་ལའོ་ཡི་མགོ་ཁྲིད་འོག་ཏུ་ཁུ་པ་ཏང་དང་སྲིད་གཞུང་གིས་ཁུ་པ་མི་དམངས་མཐུན་སྒྲིལ་གཅིག་གྱུར་དང་འབད་བརྩོན་ལྷོད་མེད་བྱེད་པར་སྣེ་ཁྲིད་ནས། མགོ་ཚུགས་ས་གསར་བ་ནས་ཁུ་པ་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་ལས་དོན་སྔར་ལས་འོད་སྟོང་འབར་བའི་མ་འོངས་པར་བསྐྱོད་ཐུབ་པར་ཡིད་ཆེས་ཡོད་ཟེར།

ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཁུ་པ་ཏང་དང་སྲིད་གཞུང་གི་བློ་མཐུན་དང་གྲོགས་པའི་བར་གྱི་མཛའ་བརྩེ་ལ་གཅེས་འཛིན་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཁུ་པའི་བར་གྱི་སྲོལ་རྒྱུན་མཛའ་བཤེས་གཏིང་ཟབ་ཏུ་གཏོང་བ། ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་བསྐྱེད་པ། ཁུ་པའི་བློ་མཐུན་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཆུ་ཚད་གསར་བ་ཞིག་ཏུ་སླེབས་པར་ཡར་སྐུལ་གཏོང་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།