ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཏུའུ་ལན་རྫོང་དམངས་གཙོའི་ལམ་གྱི་སྡེ་ཁུལ་དུ་མི་རིགས་མཐུན་སྒྲིལ་གྱི་བརྩེ་བ་བརྒྱུད་སྤྲོད་བྱེད་བཞིན་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཕག་མོ་འཚོ་ཡིས་བསྒྱུར།   སྤེལ་དུས། : 2023-11-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུར་ལམ་རྫོང་ཆ་ཧར་ཝུ་སུའུ་གྲོང་རྡལ་དམངས་གཙོའི་ལམ་སྡེ་ཁུལ་ནི2012ལོའི་ཟླ10པར་བཙུགས་པ་དང་། ཁོངས་གཏོགས་སུ་ཁྱོན་གྲོང་མི་དུད་ཚང1286དང་མི3472ཡོད་ཅིང་། དེ་ནི་རྒྱ་རིགས་དང་བོད་རིགས། སོག་རིགས། ཧུའེ་རིགས་སོགས་མི་རིགས8ཀྱིས་གྲུབ། ཉེ་བའི་ལོ་འགའི་རིང་། དམངས་གཙོའི་ལམ་སྡེ་ཁུལ་གྱིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཤིང་། སེམས་པ་སྦྲེལ་ནས་དྲོད་ཁོལ་སྦྱིན་ཞིང་སེམས་རྩ་གཅིག་ཏུ་སྦྲེལ། སེ་འབྲུའི་ནང་སྙིང་ལྟ་བུའི་ཁྱིམ་གཞིས་མཉམ་དུ་སྐྲུན་ཞེས་པ་བརྗོད་གཞི་བྱས་ནས། “དམངས་ལྔ་སེམས་ལྔ”ཡི་བྱ་བ་སྒྲུབ་ཐབས་གསར་དུ་བཙུགས་ནས་ལག་ལེན་བྱས། ཁྱིམ་གྱི་འདུ་ཤེས་བཟུང་ནས་སྡེ་ཁུལ་གྱི་མི་རིགས་སོ་སོའི་སྤུན་ཟླར་ཞབས་ཞུ་བསྒྲུབས་ཏེ་ངེས་པ་དོན་གྱི་སྟེང་ནས་སྤྲོ་སེམས་འཁོལ་པོས་སྣེ་ལེན་བྱེད་པ་དང་། བཟོད་སེམས་ཀྱིས་དང་ལེན་བྱེད་པ། སེམས་ཞིབ་མོས་སྒྲུབ་པ། སེམས་དང་བསམ་པས་ཞབས་ཞུ་སྒྲུབ་ཐུབ་པར་བྱས་ནས་སྡེ་ཁུལ་གྱི་ཞབས་ཞུ་ལ་བར་ཐག་སྤུ་ཙམ་ཡང་མེད་པ་མངོན་འགྱུར་བྱ་དགོས། གྲོང་མི་རྣམས་དེར་ཞུགས་པའི་ཁྲོད་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་བྱ་དགོས་ཤིང་། མི་རིགས་སོ་སོའི་མང་ཚོགས་རྣམས་སེ་འབྲུའི་ནང་སྙིང་ལྟར་དམ་དུ་འཁྱུད་པར་བྱ་དགོས། སྡེ་ཁུལ་དེ་མི་རིགས་སོ་སོའི་མང་ཚོགས་ཕན་ཚུན་རོགས་རམ་བྱེད་པའི་ཁྱིམ་ཚང་ཆེན་པོ་ཞིག་ཏུ་བསྐྲུན་དགོས། མི་རིགས་སོ་སོའི་ཐོབ་པའི་མྱོང་ཚོར་དང་། བདེ་སྐྱིད་ཀྱི་མྱོང་ཚོར། ཁོངས་གཏོགས་ཀྱི་མྱོང་ཚོར་བཅས་མཚམས་མ་ཆད་པར་ཆེ་རུ་བཏང་།

དམངས་བདེ་བར་འགོད་པའི་ཞབས་ཞུ། སེམས་དང་བསམ་པས“བློ་བདེ་སྤྲོ་སྐྱིད་གླིང”སྐྲུན་པ།

བཅོས་སྐྱོང་བྱེད་པར་དྲ་མིག་ཅན་གྱི་དོ་དམ་ལ་བརྟེན་ནས་བྱེད་ཐབས་སོ་སོ་ཞིབ་ཕྲའི་ངང་དོན་འཁྱོལ་བྱེད་དགོས། དོན་ཆུང་གཞིས་ཁུལ་ལས་མི་རྒལ་ཞིང་དོན་ཆེན་སྡེ་ཁུལ་ལས་མི་རྒལ་བའི་བཅོས་སྐྱོང་གི་དམིགས་འབེན་མངོན་འགྱུར་བྱ་ཆེད། སྡེ་ཁུལ་གྱིས་ཁོངས་གཏོགས་ཁུལ་ནི་དྲ་མིག་ཆེན་པོ1དང་དྲ་མིག་ཁུལ13དུ་ཕྱེ། སྡེ་ཁུལ་ཏང་རྩ་འཛུགས་ཀྱིས་འགན་འཁྲི་འཁུར་མཁན་གཙོ་བོ་བྱེད་པ་དང་། སྡེ་ཆུང་གི་ཐོག་ཁང་ནི་དོ་དམ་གྱི་སྡེ་ཚན་བྱེད་པ། ཏང་ཡོན་ཐོག་ཁང་དཔོན་ནི་རྐང་འཛིན་སྟོབས་ཤུགས་བྱེད་པའི“སེ་འབྲུའི་ནང་སྙིང”བསྐྲུན་པར་ཤུགས་བརྒྱབ། “མི་ནི་དྲ་མིག་ཁྲོད་དུ་འགྲོ། དོན་ནི་དྲ་མིག་ཁྲོད་དུ་སྒྲུབ”ཅེས་པའི་དྲ་མིག་ཅན་གྱི་དོ་དམ་བྱེད་སྟངས་ཁྱབ་གདལ་དུ་བཏང་། དམངས་ཡོངས་ཀྱིས་མཉམ་དུ“དྲ་རྒྱ་གསར་པ”འཛུགས་པར་རྩ་འཛུགས་བྱས། རིམ་པ་སོ་སོའི་རྩ་འཛུགས་དང་མི་རིགས་སོ་སོའི་མང་ཚོགས་ཀྱིས་མཉམ་དུ་བདེ་སྐྱིད་ཀྱི་ཁྱིམ་གཞི་སྐྲུན་པའི་བརྩོན་སེམས་བསྐྱེད་དེ་ཁྱིམ་མཚེས་འཆམ་མཐུན་དང་། མི་དམངས་མཐུན་སྒྲིལ། མཉམ་དུ་འཕེལ་རྒྱས་ལ་ཇུས་གཞི་འགོད་པ་བཅས་ཀྱི་རྣམ་པ་ཆེན་པོ་ཞིག་བསྐྲུན་པ་ལ་མི་རིགས་སོ་སོའི་མང་ཚོགས་ཀྱི་ཁས་ལེན་ཐོབ།

དམངས་ལ་སྟབས་བདེ་སྐྲུན་པའི་ཞབས་ཞུ། ཤ་ཚ་བའི་སེམས་ཀྱིས“སེམས་མཐུན་སྤྲོ་སྐྱིད་གླིང”སྐྲུན་པ། 

དམངས་གཙོའི་ལམ་སྡེ་ཁུལ་གྱིས་ཕྱོགས་བསྡུས་ཞབས་ཞུའི་ཚོམས་ཆེན་ལ་བརྟེན་ནས།“སེ་འབྲུའི་ནང་སྙིང་ལྟ་བུའི་ཁྱིམ་གཞིས”ཀྱི་ཞབས་ཞུའི་གཡུལ་ས་བཏོད་པ་སྟེ། དེའི་ནང་དུ་དམངས་སྲིད་དང་བཟོ་ཚོགས། སྨན་བཅོས། རྒན་གསོ་སོགས་དམངས་ཕན་སྒེའུ་ཁུང་མང་པོ་ཞིག་བཙུགས་ཤིང་གྲངས་ཉུང་མི་རིགས་ཀྱི་ཞབས་ཞུའི་སྒེའུ་ཁུང2ཆེད་དུ་བཙུགས།  ཚིགས་གཅིག་རྣམ་པའི་ཞབས་ཞུ་ལག་བསྟར་བྱས་ནས་སྡེ་ཁུལ་ཞབས་ཞུའི་ཚོམས་ཆེན་དེ་གྲོང་མིའི“འཚོ་བའི་དོ་དམ་པར”འགྱུར་བར་བྱ་དགོས།

ཁོངས་གཏོགས་ཀྱི་མི་རིགས་སོ་སོའི་མང་ཚོགས་ལ་སྔ་ལས་ལེགས་པའི་ཞབས་ཞུ་བསྒྲུབ་ཆེད་དང་གྲོང་མིའི་ཁྲིམས་ལུགས་ཀྱི་འདུ་ཤེས་མཐོར་འདེགས་བྱ་ཆེད། སྡེ་ཁུལ་དུ་བཅའ་ཁྲིམས་རོགས་སྐྱོར་གྱི་ལས་དོན་ས་ཚིགས་བཙུགས་ནས་རྫོང་མེ་ཟོན་རོགས་སྐྱོར་རུ་ཆེན་དང་མཉམ་འབྲེལ་གྱིས་ལོ་རེར་མེ་ཟོན་བདེ་འཇགས་ཤེས་བྱའི་འཆད་ཁྲིད་ཐེངས4རྩ་འཛུགས་བྱས། དུས་མཚུངས་སུ་སྡེ་ཁུལ་གྱི་གྲོང་མིའི་དགོས་མཁོ་དངོས་ལ་དོ་ཁུར་བྱས་ནས་སྡེ་ཁུལ་གྱི་ཏང་ཡོན་དོ་དམ་ཚོགས་པ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་ཚོགས་པ་སོགས་བཙུགས་ཏེ། དུས་ཐོག་ཏུ་ཏང་ཨུ་དང་སྲིད་གཞུང་གི་འབྲེལ་ཡོད་སྲིད་ཇུས་ཀྱི་ཆ་འཕྲིན་དང་། གནད་དོན་དྲིས་པའི་དྲིས་ལན། བརྩེ་སེམས་བརྒྱུད་སྤྲོད། ཤེས་ལྡན་མི་སྣ་བསྡུ་བ་སོགས་ཀྱི་ཆ་འཕྲིན་ཚོགས་པའི་ནང་ཁྱབ་བསྒྲགས་བྱས། སྐད་འཕྲིན་ཚོགས་པ་བཙུགས་པ་དེས་ཀྱང་དཀའ་ངལ་ལྡན་པའི་ཉམ་ཆུང་ཚོགས་པ་ཁྱིམ་ནས་སྒོར་མ་བུད་པར་སྡེ་ཁུལ་གྱི་ཞབས་ཞུ་སྣ་ཚོགས་ལོངས་སུ་སྤྱོད་ཐུབ་ལ། དེར་བརྟེན་སྡེ་ཁུལ་གྱི་དམངས་ལ་ཞབས་འདེགས་ཞུ་བའི་སྤུས་ཚད་དང་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ཞིང་ཁོངས་གཏོགས་ཀྱི་གྲོང་མིའི་ལྷག་བསམ་ཟོལ་མེད་ཀྱི་བསྟོད་བསྔགས་ཐོབ་ཡོད།

དམངས་ཕན་ཞབས་ཞུ། སེམས་དང་བསམ་པས“སེམས་སྐྱིད་སྤྲོ་སྐྱིད་གླིང”སྐྲུན་པ།

“མི་དམངས་ཀྱི་གནས་ཚུལ་ཉིན་ཐོ”གཞི་རྟེན་བྱས་ནས་ཁྱིམ་ཚང་རེ་རེར་སོང་ནས་དམངས་ཀྱི་གནས་ཚུལ་རྒྱུས་ལོན་བྱེད་པ་དང་དམངས་ཀྱི་བསམ་འཆར་ལ་ཉན་པ། “སེམས་ཀྱི་འདུན་པ་འོད་དུ་བསྒྲོན་ནས་སྡེ་ཁུལ་དུ་ཕུགས་འདུན་འགྲུབ་པར་བྱེད”ཅེས་པའི་བྱེད་སྒོ་སྤེལ་ནས་ཁོངས་གཏོགས་ཀྱི་གྲོང་མི་རྣམས་ལ་སྡེ་ཁུལ་ཁྱིམ་གཞི་ཆེན་པོའི་དྲོད་ཁོལ་ཉམས་སུ་མྱོང་དུ་འཇུག་དགོས། “དུས་ཆེན་གཉིས”དང་གྲངས་ཉུང་མི་རིགས་ཀྱི་དུས་ཆེན་གལ་ཆེན་སླེབས་ལ་ཉེ་དུས། དཀའ་ཁག་ཆེ་བའི་མང་ཚོགས་ལ་སེམས་འདུན་ཕྲ་མོ་ལེན་པའི་བྱ་འགུལ་སྤེལ་ནས་ཁོང་ཚོར་འབྲས་དང་ཕྱེ་དང་སྣུམ་སོགས་སྟེར་བ་རེད། དུས་མཚུངས་སུ། ཁོངས་གཏོགས་ཀྱི་ལོ60ཡན་གྱི་རྒན་པ་རྣམས་ཀྱི་མིང་ཐོ་བཟོས་ཤིང་འཐུས་ཚང་དུ་བཏང་ནས་ཅིན་ཏུའུ་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ས་ཚིགས་ལ་འབྲེལ་བ་བྱས་ཏེ། རྒན་པ་རྣམས་ལ་རིན་མེད་ངང་རྒྱུན་ལྡན་གྱི་ལུས་ཕུང་བརྟག་དཔྱད་བྱེད་པ་རེད། བྱ་འགུལ་སྣ་ཚོགས་སྤེལ་བ་བརྒྱུད་ནས་ཁོངས་གཏོགས་ཀྱི་གྲོང་མི་རྣམས་ལ་སྡེ་ཁུལ་ཁྱིམ་གཞི་ཆེན་པོའི་དྲོད་ཁོལ་ཉམས་སུ་མྱོང་དུ་འཇུག་དགོས།

དམངས་སྐྱིད་ཞབས་ཞུ། སེམས་ཞིབ་མོས“དགའ་སྤྲོའི་སྤྲོ་སྐྱིད་གླིང”སྐྲུན་པ།

ཁོངས་གཏོགས་ཁུལ་གྱི་རྒན་པ་རྣམས་ལ“འབུད་པ་དང་འཐེན་པ། དཀྲོལ་བ། ལེན་པ”སོགས་ཀྱི་རྣམ་པ་རྩ་འཛུགས་བྱས་པ་བརྒྱུད་ནས། 《འབད་འཐབ་ཀྱི་ལོ་བརྒྱའི་ལམ་བུ། རྒྱང་སྐྱོད་གསར་པར་སྐྱོད་མགོ་རྩོམ》དང《དུར་ལམ་གྱི་འགྱུར་ལྡོག》སོགས་ལེ་ཚན་རང་རྩོམ་རང་འཁྲབ་བྱས་པ་དང་། ཁོངས་གཏོགས་ནང་གི་ཏང་ཡོན་རྒན་པ་དང་དཔེ་སྟོན་མི་སྣ་རྒན་པ་སོགས་གདན་འདྲེན་བྱས་ནས་ཁོང་ཚོའི་ལོ་རྒྱུས་ཀྲི་པུའུ་ཏང་ཡོན་དང་། སྡེ་ཁུལ་གྱི་ལས་བྱེད་མི་སྣ། མང་ཚོགས་བཅས་ལ་བཤད་དུ་འཇུག་པ་སོགས་བྱེད་ཐབས་སྣ་ཚོགས་བརྒྱུད་ནས། ཁོངས་གཏོགས་ཀྱི་མང་ཚོགས་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ལས་དོན་གྱི་གལ་ཆེའི་རང་བཞིན་དང་ཏང་གི་དམངས་ཕན་སྲིད་ཇུས་སོ་སོ་ཁྱབ་བསྒྲགས་བྱས། གོ་སླ་བའི་སྐད་ཆའི་ལམ་ནས་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས་བཅས་ལ་ངོས་འཛིན་དང་མྱོང་ཚོར་ཇེ་ཟབ་ཏུ་བཏང་ནས་མི་རིགས་སོ་སོའི་མང་ཚོགས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་འགུལ་ཁྲོད་དུ་ཞུགས་པར་སྣེ་ཁྲིད་བྱས།

དམངས་ལ་ཞབས་ཞུ་སྒྲུབ་པ། སྙིང་རུས་ལ་བརྟེན་ནས“བརྩེ་སེམས་སྤྲོ་སྐྱིད་གླིང”སྐྲུན་པ།

“སྲོལ་རྒྱུན་གྱི་སྤྱོད་བཟང་དར་སྤེལ་དང་ཤེས་རིག་གི་བྱང་ཚད་མཐོར་འདེགས་བྱེད་པ”དམིགས་ཡུལ་དུ་བཟུང་ནས། “ཆེས་མཛེས་པའི་ཁྱིམ་ཚང”དང“བདེ་འཇགས་འཆམ་མཐུན་གྱི་ཁྱིམ་ཚང”། “མི་རིགས་མཐུན་སྒྲིལ་དཔེ་སྟོན་ཁྱིམ་ཚང”། “སྤྱོད་བཟང་དཔེ་ལེགས་ཀྱི་མིང་ཐོ”སོགས་དཔྱད་འདེམས་བྱེད་སྒོ་སྤེལ། ཉེ་འགྲམ་གྱི་དོན་དངོས་བརྗོད་པ་བརྒྱུད་ནས། ཁོངས་གཏོགས་ཀྱི་མི་རིགས་སོ་སོའི་མང་ཚོགས་ཀྱིས་ཧུར་ཐག་གིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བ་ལག་ལེན་བྱེད་པ་དང་དར་སྲོལ་གསར་པ་དར་སྤེལ་བྱས་ཏེ། “འགྲན་པ་དང་སློབ་པ། རྗེས་སྙེག་པ། རོགས་བྱེད་པ”བཅས་ཀྱི་མི་རིགས་སོ་སོ་མཐུན་སྒྲིལ་གྱི་རྣམ་པ་ཞིག་བསྐྲུན་པ་དང་། མི་རིགས་སོ་སོའི་ཐུན་མོང་གི་བསམ་པའི་ཁྱིམ་གཞི་མཚམས་མ་ཆད་པར་སྲ་བརྟན་དུ་བཏང་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།