ཀྲུང་གོ་བོད་ཀྱི་དྲ་བ།

ཧུའ་ཀྲུའུ་རྫོང་གིས་སྐབས་གཉིས་པའི“མི་རིགས་མཐུན་སྒྲིལ་བུམ་པའི”སྲོལ་རྒྱུན་རྟ་རྒྱུག་འགྲན་བསྡུར་སྤེལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-11-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས26ཉིན། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དྲིལ་བསྒྲགས་པུའུ་དང་། རྫོང་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་གཙོ་གཉེར་བྱས་པའི་ཧུའུ་ཀྲུའུ་རྫོང་གི་སྐབས་གཉིས་པའི“མི་རིགས་མཐུན་སྒྲིལ་བུམ་པའི”སྲོལ་རྒྱུན་རྟ་རྒྱུག་འགྲན་ཚོགས་དེ་རྒྱ་ཏིག་གྲོང་རྡལ་བྲག་ལུང་སྡེ་བར་སྤེལ་བ་དང་། ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་ནས་ཡོང་བའི་འགྲན་ཞུགས་པ85ཡིས་འགྲན་རྩོད་དྲག་པོ་བྱས། 

“ཧུའུ་ཀྲུའུ་རྫོང་གི་སྐབས་གཉིས་པའི‘མི་རིགས་མཐུན་སྒྲིལ་བུམ་པའི’སྲོལ་རྒྱུན་རྟ་རྒྱུག་འགྲན་བསྡུར་ནི་ལུས་རྩལ་རྩལ་འགྲན་དང་། དམངས་སྲོལ་སྲོལ་རྒྱུན། གཟུགས་འདས་ཤུལ་བཞག་རིག་གནས་བཅས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འགྲན་བསྡུར་ཞིག་དང་། ཡུལ་སྐོར་བའི་ཡིད་དབང་བཀུག་ནས་མ་འཇོག་དང་། ཐུན་མོང་ཐོག་འཕེལ་རྒྱས་ལ་གྲོས་མོལ། ཐུན་མོང་ཐོག་མཛའ་གྲོགས་གླེང་བའི་རིག་གནས་ཀྱི་འགྲེམས་སྟོན་ཞིག་དང་། གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བཅས་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཀྱང་ཡིན། ། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།