ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་ཤར་གྲོང་ཁྱེར་ཕིན་ཨན་ཆུས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་སྐུལ་འདེད་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-11-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཕིན་ཨན་ཆུས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བྱས་ཏེ། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་དང་། ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས། ཞིང་ཆེན་ཏང་ཨུའི་མི་རིགས་བྱ་བའི་གྲོས་ཚོགས། གྲོང་ཁྱེར་ཏང་ཨུའི་མི་རིགས་ཆོས་ལུགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པ་དང་།“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་གཅེས། སེམས་ཤུགས་གཅིག་གིས་ཀྲུང་གོའི་འདུན་མ་སྐྲུན”ཞེས་པའི་སྤྱིའི་དམིགས་འབེན་དང་དམ་དུ་འབྲེལ་ཏེ། ཀྲུང་ཧྭ་མི་རིགས་ཐུན་མོང་གཅིག་མཐུན་འདུ་ཤེས་སྲ་བརྟན་དུ་གཏོང་བ་བརྗོད་དོན་དུ་བྱས་ནས། མཚོ་བོད་མཐོ་སྒང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྱི་མཐོ་ས་གསར་སྐྲུན་བྱེད་པའི་དམིགས་འབེན་ལས་འགན་ལྟར། རྣམ་པ་གསར་སྐྲུན་དང་ནང་དོན་གསར་སྐྲུན་གཏིང་ཟབ་དུ་སྤེལ་ཏེ། གསར་སྐྲུན་ཕན་ནུས་མུ་མཐུད་ནས་མཐོར་འདེགས་སུ་བཏང་། 

དུས་སྐབས་གསར་བའི་ཆུས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཕིན་ཨན་ཆུས་ཀྱིས་ལོ་སྟོད་དུ་ཆུས་ཨུ་དང་མགོ་ཁྲིད་ཚན་ཆུང་གི་མིང་ཐོག་ནས་ཆུས་ཡོངས་རང་བཞིན་གྱི་གྲོས་ཚོགས་བསྡུས་ནས། 《2023ལོའི་མཚོ་ཤར་གྲོང་ཁྱེར་ཕིན་ཨན་ཆུས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་བའི་གཙོ་གནད》དང《མི་རིགས་མཐུན་སྒྲིལ་ཡར་ཐོན་བཅའ་ཁྲིམས་ཞབས་ཞུ་ས་ཚིགས་འཛུགས་སྐྲུན་བྱེད་ཐབས》གཏན་ཁེལ་བྱས་པ་མ་ཟད། སྐུལ་འདེད་དང་བཀོད་སྒྲིག བགྲོ་གླེང་གྲོས་ཚོགས་བསྡུས་པ་དང་། ཆེད་དོན་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་བཙུགས། ད་ལྟ་ཕིན་ཨན་ཆུས་ཀྱིས་མི་རིགས་མཐུན་སྒྲིལ་བྱ་དགའི་ཁ་གསབ་མ་དངུལ་ལས་གཞི13ལེགས་འགྲུབ་བྱས་པ་མ་ཟད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སློབ་གསོའི་མྱོང་རོལ་རྟེན་གཞི་འཛུགས་སྐྲུན་ལས་གཞི་དང་། མི་རིགས་མཐུན་སྒྲིལ་པར་ལེན་ལས་གཞི། ཧོང་ཧྲོས་ཆོན་ཏང་འཛུགས་ཞབས་ཞུ་ལྟེ་གནས་ལས་གཞི་བཅས་ལ་སྐུལ་འདེད་བཏང་ནས། དུས་ཚིགས་དང་པོ་དང་དུས་ཚིགས་གཉིས་པའི་གསར་སྐྲུན་དཔྱད་ཞིབ་བྱ་བ་དོན་འཁྱོལ་བྱས། 

ཕིན་ཨན་ཆུས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་ཟབ་སྤེལ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་ཤེས་བྱའི་ཁེབས་ཚད་མཐོ་རུ་གཏོང་རྒྱུ་དང་། གསར་སྐྲུན་བྱ་བའི་ཤན་ཤུགས་མཐོ་རུ་བཏང་ནས། ཆུས་ཡོངས་ཀྱི་རིགས་སོ་སོའི་མི་རིགས་བར་གྱི་འཆམ་མཐུན་མཉམ་གནས་དང་སྤྱི་ཚོགས་འཆམ་མཐུན་གྱི་རྣམ་པ་ལེགས་པོ་འཕེལ་རྒྱས་སུ་གཏོང་རྒྱུ་རེད། ། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།