ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་འགྲེམ་སྟོན་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-11-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས13ཉིན“ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ”བརྗོད་དོན་གཙོ་བོ་ཡིན་པའི་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་འགྲེམ་སྟོན་ཟི་ལིང་གྲོང་ཁྱེར་དཀྱིལ་སྙིང་ཐང་ཆེན་དུ་སྤེལ་བ་དང་།  ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་སྡེ་ཁག70ལྷག་གིས་འགྲེམ་པང160ལྷག་འགྲེམ་སྟོན་བྱས་པ་དང་། དྲིལ་སྒྲོག་ཡིག་ཆ་ཁྲི1ལྷག་འགྲེམ་གཏོང་བྱས།

ཐེངས་འདིའི་དྲིལ་སྒྲོག་འགྲེམ་སྟོན་ནི་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་ཟླ་བའི་བྱེད་སྒོ་གལ་ཆེན་གྱི་གྲས་ཤིག་ཡིན་པ་དང་།  ཞིང་ཆེན་ཡོངས་ཀྱི་ཐད་གཏོགས་སྡེ་ཁག་སོ་སོས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་ལས་དོན་གྱི་གྲུབ་འབྲས་དངོས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་སོགས་གཅིག་སྡུད་ངང་འགྲེམ་སྟོན་བྱས།   དྲིལ་སྒྲོག་སློབ་གསོ་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་།  མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་ཀྲུང་ཧྭ་མི་རིགས་ཀྱི་ཡང་དག་པའི་ལོ་རྒྱུས་ཀྱི་ལྟ་བ་འཛིན་པར་ཁྲིད་སྟོན་བྱེད་པ། “ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་སྲ་བརྟན་དུ་གཏོང་བ། “ཐུན་མོང་བཞིའི”སྒྲིག་གཞིའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ། “ངོས་འཛིན་གཅིག་མཐུན་ལྔའི”འདུ་ཤེས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་དུས་རབས་གསར་པའི་མཚོ་སྔོན་གྱི་མི་རིགས་ལས་དོན་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་གསར་སྐྲུན་བྱ་ཆེད་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་གཏོད་རྒྱུ་དེ་རེད།   

བྱེད་སྒོ་སྤེལ་ཡུལ་དུ་ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟུགས་བརྙན་མཚོན་རྟགས(LOGO)ལ་ཆེད་དོན་གསལ་འགྲེལ་བྱས་ནས། ལན་འདེབས་པའི་རྣམ་པའི་སྟེང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་འབྲེལ་ཡོད་སྲིད་ཇུས་དྲིལ་སྒྲོག་དང་ཁྱབ་གདལ་བཏང་བ་དང་།   མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་ཆེད་ཏང་གི་སྨྱན་སྦྱོར་སྟོབས་ཤུགས་ཕུལ་ནས་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་ཆེད་སྒྲིག་ལེ་ཚན་དང་། མི་རིགས་མཐུན་སྒྲིལ་གྱི་བརྗོད་བྱ་གཙོ་བོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཚུལ་འགྲེམ་སྟོན་བྱས་ཏེ། སྲོལ་བཟང་དར་སྤེལ་དང་མི་སེམས་གཅིག་ཏུ་འགྲིལ་བ་བྱས་པ་དང་།   ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་དང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་སོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་དེ་ལས་དོན་གཙོ་བའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་། ཏང་འཛུགས་སྐྱོང་གི་ལས་དོན་ཕྱོགས་སོ་སོར་ནང་ཁྱབ་པ་བྱས་ནས། ལས་སྒོའི་ལས་དོན་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། སྤྱི་འདོམས་ཇུས་འགོད་དང་འཚོལ་ཞིབ་གསར་གཏོད་བྱས་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་།  བོད་རིགས་ས་ཁུལ་དང་འབྲེལ་བ་ཡོད་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ་སོགས་ཀྱི་ལས་དོན་ཁྲོད་ཐོབ་པའི་ཕན་འབྲས་མངོན་ཡོད་པའི་དུས་མཚུངས་སུ། ཞིང་ཆེན་ཐད་གཏོགས་སྡེ་ཁག་སོ་སོའི་ལས་དོན་མི་སྣས་ཡུལ་དངོས་སུ་མི་རིགས་སོ་སོའི་མང་ཚོགས་ལ་མི་རིགས་མཐུན་སྒྲིལ་གྱི་འབྲེལ་ཡོད་སྲིད་ཇུས་སྒྲོག་འགྲེལ་དང་འགྲེལ་བཤད་བྱས་ཏེ་དོགས་གཞིར་སེལ་རོགས་བྱས།  །  

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།