ཀྲུང་གོ་བོད་ཀྱི་དྲ་བ།

མི་རིགས་མཐུན་སྒྲིལ་བརྗོད་དོན་ཡིན་པའི་རིག་རྩལ་འཁྲབ་སྟོན་གཞི་རིམ་དུ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-11-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས20ཉིན་གྱི་སྔ་དྲོར། ཏུའུ་ལན་རྫོང་གིས2023ལོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་ཟླ་བ་དང་། ཟླ་མཆོད་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་རྒྱལ་སྟོན་ལ་བསུ་བ་བྱེད་པའི་གཞི་རིམ་དུ་འཚམས་འདྲི་འཁྲབ་སྟོན་བྱེད་པའི་བྱ་འགུལ་སྤེལ།

ཐེངས་འདིའི་རིག་རྩལ་འཁྲབ་སྟོན་བྱ་འགུལ་སྟེང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གླུ་གར་ཚོགས་པའི་ཞབས་བྲོ《འཆར་ཡན་གྱི་རྩྭ་ཐང》ཞེས་པ་འཁྲབ་སྟོན་བྱས་པ་ལས་མགོ་བརྩམས་པ་དང་།   གླུ་གཞས《ཚྭ་འདམ་གྱི་མཛའ་གཞས》དང་།  《ཟླ་འོད་བུ་མོ》ཞེས་པ་འཁྲབ་སྟོན་བྱས་པས། གར་སྟེགས་འོག་གི་ལྟད་མོ་བ་ཚོའི་སྤྲོ་སེམས་འཕེལ་བ་དང་། རོལ་ཆའི་རྟ་མགོ་མའི་རོལ་དབྱངས《རྟ་མཆོག་མཆོང་རྒྱུག》ཞེས་པ་རྐྱང་དཀྲོལ་བྱས་པས་ལྟད་མོ་བས་ཡིད་དབང་འཕྲོག

ཐེངས་འདིའི་རིག་རྩལ་འཁྲབ་སྟོན་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དེས་ཡུལ་དངོས་ཀྱི་མང་ཚོགས་ལ་ངོ་མཚར་ཆེ་བའི་མི་རིགས་ཀྱི་ཁྱད་ཆོས་འཁྲབ་སྟོན་ལ་རོལ་མྱོང་ཐུབ་པ་མ་ཟད།  ད་དུང་གསར་གཏོད་བྱེད་སྒོ་སྤེལ་མཁན་གྱི་རིག་གནས་དང་།  དངོས་ཚན་ཅན།  སྤྱི་དམངས་ཅན་བཅས་སུ་སྐུལ་སྤེལ་བྱས།  །  

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།