ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན“ཞིང་སྡེ”དང“གཞི་རིམ་དུ་བསྐྱོད་པ་གསུམ”གྱི་བྱ་འགུལ་སྤེལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-11-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་མགོ་ཁྲིད་ཚན་ཆུང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་དཔལ་ཡོན་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཐད་གཏོགས་ལས་ཁུངས་རྩ་འཛུགས་བྱས་ཏེ། ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་ཧྲིན་ཀྲུང་ཤང་མའོ་པུའུ་ལ་ཞིན་སྡེ་གསར་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན“ཞིང་སྡེ”དང“གཞི་རིམ་དུ་བསྐྱོད་པ་གསུམ”གྱི་བྱ་འགུལ་སྤེལ།

ཐེངས་འདིའི་བྱ་འགུལ་གྱི་དམིགས་ཡུལ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་བསམ་བློ་གལ་ཆེན་ལ་སློབ་སྦྱོང་ལག་ལེན་མཐར་ཕྱིན་དང་། 《མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག་སྐུལ་འདེད》ལ་སློབ་སྦྱོང་དྲིལ་སྒྲོག་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་བ་གཏིང་ཟབ་སྒོས་སྤེལ་ནས། གྲོང་གསེབ་དར་སྤེལ་དང་ཏང་དང་མང་ཚོགས་ཀྱི་འབྲེལ་བ། ལས་བྱེད་དང་མང་ཚོགས་ཀྱི་འབྲེལ་བ་དམ་ཟབ་ཏུ་བཏང་ནས། ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་བྱེད་ལས་བཟོ་བ་དང་། གཞི་རིམ་ལས་བྱེད་མང་ཚོགས་བར་གྱི་བརྗེ་རེས་དང་འབྲེལ་འདྲིས་ཀྱི་སྟེགས་བུ་ཞིག་འཛུགས་སྐྲུན་བྱེད་པ་དེ་ཡིན། 

བྱ་འགུལ་ཁྲོད། མཚོ་སྔོན་ཞིང་ཆེན་འཁྲབ་སྟོན་སྒྱུ་རྩལ་སྡེ་ཚོགས་ཀུང་སིས་རིག་རྩལ་འཁྲབ་སྟོན་ཀྱི་རྣམ་པ་བརྒྱུད་དེ། དགོངས་གཞི་གཙོ་བོ་གྱེར་བ་དང་། མཚོ་སྔོན་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་བྱས། ཞིང་ཆེན་མི་དམངས་སྨན་ཁང་དང་། མཚོ་སྔོན་རྒྱ་གྲམ་དམར་པོའི་སྨན་ཁང་གིས་ཡུལ་དངོས་ནས་སྡེ་མི་ཚོར་འོས་འགན་སྨན་བཅོས་བྱས་པ་དང་། རིན་གོང་སྒོར2000གི་སྨན་རྫས་བྱིན་ལ། དུད་ཁྱིམ5རུ་འོས་འགན་སྨན་བཅོས་བྱས་པ་མ་ཟད། དུད་ཁྱིམ་རེའི་རྒན་པ་ལོ85ཅན་ལ་ཉན་བྱད་ཡོ་ཆས་དང་། སྐྱོར་འདེགས་འཕྲུལ་ཆས་བཅས། འོས་འགན་སྨན་བཅོས་མི་ཐེངས600ལྷག་བྱས། ཞིང་ཆེན་མཐོ་རིམ་ཁྲིམས་ཁང་དང་། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་གཉིས་ཀྱིས་སོ་སོར་བཅའ་ཁྲིམས་ཤེས་བྱ་དྲིལ་སྒྲོག་དང་བློ་འདྲི་བྱ་འགུལ་སྤེལ་བ་དང་། ཞིང་སྡེའི་སྨན་བཅོས་འགན་སྲུང་སྲིད་ཇུས་དྲིལ་སྒྲོག་དང་བློ་འདྲི་བྱ་འགུལ་སྤེལ། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཏང་ཡོན་རྒན་པ་དང་། དཀའ་ཁག་ཡོད་པའི་མང་ཚོགས་སོགས་དུད་ཁྱིམ19ལ་འཚམས་འདྲི་བྱས། དུས་མཚུངས་སུ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་དྲིལ་སྒྲོག་དང་། མི་རིགས་མཐུན་སྒྲིལ་ཤེས་བྱའི་བྱ་དགའ་ཡོད་པའི་འགྲན་བསྡུར་སྤེལ། ཡུལ་དངོས་སུ་བཅའ་ཁྲིམས་དང་སྨན་བཅོས་འགན་སྲུང་། མི་རིགས་མཐུན་སྒྲིལ་སྐོར་གྱི་རྒྱུ་ཆ1000དང་། བཅའ་ཁྲིམས་དང་། སྨན་བཅོས་འགན་སྲུང་སྲིད་ཇུས་བློ་འདྲི་མི་ཐེངས30ལྷག་བྱས། ། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།