ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འདྲེས་འཕེལ་རྒྱས་ཀྱིས་རིག་གནས་དང་ཡུལ་སྐོར་གྱི་ལས་རྣམ་གསར་པ་ཕུན་སུམ་ཇེ་ཚོགས་སུ་བཏང་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-07-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཡུལ་སྐོར་གྱི་བྱེད་སྟངས་གསར་པ་བཏོད་ནས་འཕེལ་རྒྱས་ཀྱི་ཁོར་ཡུག་གསར་པ་བསྐྲུན།

ཉེ་བའི་ལོ་འགའི་རིང་ལ། “ཡུལ་སྐོར+”དང“+ཡུལ་སྐོར”གྱི་འདུ་ཤེས་ལྟར། མཚོ་སྔོན་གྱིས་ཡུལ་སྐོར་དེ་རིག་གནས་དང་ཞིང་ལས། ལུས་རྩལ་སོགས་དང་མཚམས་བརྒལ་མཉམ་འདྲེས་བྱེད་པའི་འཕེལ་རྒྱས་ལ་ཧུར་བརྩོན་གྱིས་སྐུལ་འདེད་བྱས་ཏེ། ཐོན་རྫས་གསར་པ་དང་ལས་རྣམ་གསར་པ། འདོན་སྤྲོད་གསར་པ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ་དང་ཡང་བསྐྱར་འབྱུང་དུ་བཅུག

རང་ཞིང་གིས་བོད་ཆའང་དབྱིས་གསུམ་མི་རིགས་རིག་གནས་ཐོན་ལས་ཁྱམས་རིང་གི་འཛུགས་སྐྲུན་ལ་ཧུར་བརྩོན་གྱིས་སྐུལ་འདེད་བྱས་པས། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྒྱལ་ཁབ་ཀྱི་རིག་གནས་འཛད་སྤྱོད་ཚོད་ལྟའི་གྲོང་ཁྱེར་གྱི་འཆར་གཞི་བྱ་དགའ་གྲོང་ཁྱེར་གྱི་མིང་ཐོའི་གྲས་སུ་ཚུད་པ་དང་། ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་རིམ་པ་བཞིན་ཆགས་ཏེ། གསར་བརྗེ་རིག་གནས་ཀྱི་ཡུལ་སྐོར་དང་གྲོང་གསེབ་རིག་གནས་ཀྱི་ཡུལ་སྐོར་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་དང་། “མངོན་མིན་རིག་གནས་ཤུལ་བཞག+”དང“མངོན་མིན་རིག་གནས་ཤུལ་བཞག་གི་དབུལ་སྐྱོར་ལས་ཞུགས་བཟོ་ཤག”གི་བྱ་བར་བརྟན་བརླིང་ངང་སྐུལ་འདེད་བྱས།

རིག་གནས་ཡུལ་སྐོར་གྱི་ཆགས་སྟངས་ཆེན་མོ་བསྐྲུན་པ་དང་མཉམ་འདྲེས་ཀྱི་འཕེལ་རྒྱས་ཆེན་མོར་སྐུལ་འདེད་གཏོང་བ། རིག་གནས་ཡུལ་སྐོར་གྱི་སྐྱེ་ཁམས་བཟང་པོ་བསྐྲུན་པ་བཅས་ཀྱིས་སྣེ་དྲངས་ནས། “རིག་གནས་ཡུལ་སྐོར་གྱི་ཞིང་ཆེན་གྲགས་ཅན”གྱི་ཕྱོགས་སུ་རྒྱུན་ཆད་མེད་པར་བསྐྱོད།

སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་དགོས་ན་གནས་ཚུལ་ངོ་མ་རྩད་གཅོད་རྒྱུ་ནི་ཆེས་གནད་འགག་ཡིན། ཆེས་གསར་པའི་རིག་གནས་དང་ཡུལ་སྐོར་གྱི་ཐོན་ཁུངས་ལ་སྐོར་དང་པོར་ཞིབ་བཤེར་བྱེད་པའི་ཁྲོད་དུ། ཞིང་ཆེན་ཡོངས་སུ་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་བསྡོམས་པས་རིགས་ཆེན10ཡི་གནས16245ཞིབ་བཤེར་དང་དབྱེ་གསེད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་གྲངས་གཞིའི་རྨང་གཞི་དང་ཐོན་ཁུངས་ཀྱི་རམ་འདེགས་འདོན་སྤྲོད་བྱས། དུས་མཉམ་དུ་གསར་བརྗེའི་རིག་གནས་དང་ཡུལ་སྐོར་ལ་སྐུལ་འདེད་བྱས་ཏེ། གངས་འཁྱགས་རིག་གནས་ཡུལ་སྐོར་དང་ཆུ་ཁོལ་ཡུལ་སྐོར། སྒེར་བསྐོར་ཡུལ་སྐོར། བོད་སྨན་བདེ་ཐང་ཡུལ་སྐོར་སོགས་ཀྱི་ལས་རྣམ་གསར་པའི་འཕེལ་རྒྱས་ལ་གོ་རིམ་ལྡན་པའི་སྒོ་ནས་སྣེ་ཁྲིད་དང་སྐུལ་འདེད་བྱས།

རིག་གནས་ཡུལ་སྐོར་གྱི་བྱ་གཞག་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། གྲོང་གསེབ་དར་སྤེལ་དང་དབུལ་ཐར་འགག་སྒྲོལ་གཉིས་ལ་ཕན་ཚུན་ཟུང་དུ་སྦྲེལ་ནས། སྤྱི་པའི་རིག་གནས་དང་ཡུལ་སྐོར་གྱི་ཞབས་ཞུའི་ཐད་ནས་དབུལ་ཕོངས་མང་ཚོགས་ཀྱི་ཐོབ་ཐང་ཇེ་མཐོར་ཕྱིན།

མང་ཚོགས་ཀྱི་བདེ་སྐྱིད་ཀྱི་འཛུམ་མདངས་མཐོང་བ་དང་མང་ཚོགས་ཀྱི་སེམས་གཏིང་ནས་ཐོན་པའི་སྐད་ཆར་མཉན་ན། ཁྱེད་ལ་ཚོར་བ་ཟབ་མོ་ཞིག་སྐྱེས་པ་ནི། རིག་གནས་དང་ཡུལ་སྐོར་ཐོན་ལས་ནི་ཞིང་ཆེན་ཡོངས་ཀྱི་ཐོན་ལས་དབུལ་སྐྱོར་གྱི་རམ་འདེགས་གསར་པ་དང་ལས་ཀར་ཚུད་དུ་འཇུག་པའི་སྟེགས་བུ། ཞབས་ཞུ་ལས་རིགས་འཕེལ་རྒྱས་ཀྱི་སྣེ་ཁྲིད་གསར་པར་གྱུར་ཡོད་ལ། རང་ཞིང་གི་གྲངས་ཉུང་མི་རིགས་ས་ཁུལ་གྱི་མང་ཚོགས་དབུལ་ཐར་ཕྱུག་འགྱུར་འབྱུང་བའི་ཐབས་ལམ་གཙོ་བོ་ཞིག་ཏུའང་གྱུར་ཡོད།

རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་རྒྱབ་ལྗོངས་འོག་ཏུ། མཚོ་སྔོན་ཡུལ་སྐོར་དེ་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་དང་ཡུལ་སྐོར་གྱི་འགྲིམ་འགྲུལ་དྲ་བ། རྩེད་འཇོའི་ཁོར་ཡུག་སྒྲིག་བཀོད་སོགས་ཀྱི་ཕྱོགས་ནས་རྒྱུན་ཆད་མེད་པར་རིམ་པ་འཕར། ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་མི་གྲངས་དང་ཡོང་སྒོ་རྒྱུན་ཆད་མེད་པར་འཕར་བ་ལས་ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་དང་ལམ་ཐིག་གི་འགུག་ཤུགས་ལྡབ་འགྱུར་གྱིས་འཕར་ཡོད་པ་གང་ལེགས་ཀྱིས་མཚོན།

རིག་གནས་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་དགོས་ན་རླུང་ལ་བརྟེན་ནས་ཆུ་རླབས་གཤག་པ་ལྟ་བུའི་མཆོང་བརྒལ་གསར་སྐྲུན་བྱེད་དགོས་ལ། རླུང་ལ་བརྟེན་ནས་གྲུ་གཟིངས་གཏོང་བ་ལྟ་བུའི་ལེགས་ཆ་ཕན་ཚུན་ཁ་གསབ་ཀྱང་བྱེད་དགོས།

“ཡུལ་སྐོར+དྲ་སྦྲེལ”གྱིས་ཡུལ་སྐོར་བྱ་འགུལ་གྱི་གོ་རིམ་ཧྲིལ་པོ་དང་ཡུལ་སྐོར་དོ་དམ་གྱི་བརྒྱུད་རིམ་ཧྲིལ་པོ། ཡུལ་སྐོར་ཐོན་ལས་ཀྱི་སྦྲེལ་ཐག་ཧྲིལ་པོ་བཅས་ཤེས་ནུས་ཅན་དུ་བེད་སྤྱོད་ཐུབ་པ་ཕལ་ཆེར་མངོན་འགྱུར་བྱས་ཏེ། མཚོ་སྔོན་གྱི་ཤེས་ནུས་ཡུལ་སྐོར་གྱི་གཞི་གྲངས་ཆེན་མོའི་སྟེགས་བུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱས།

“ཡུལ་སྐོར+ཞིང་ལས”ཀྱིས་སྤྲོ་གསེང་དང་གསར་སྐྲུན་ཞིང་ལས། ཞིང་ཕྱུགས་ཉམས་ལེན། གྲོང་གསེབ་མགྲོན་ཁང་སོགས་ཀྱི་ལས་རྣམ་གསར་པ་ཤུགས་ཡོད་རྒུས་འཕེལ་རྒྱས་བཏང་།

“ཡུལ་སྐོར+བཟོ་ལས”ཀྱི་བཟོ་འགོད་འཛུགས་སྐྲུན་དང་མཁར་གྲོང་འཛུགས་སྐྲུན། བཟོ་ལས་གྲུབ་འབྲས། ཚན་རིག་དང་སློབ་གསོའི་གྲུབ་འབྲས། ཚན་རྩལ་མཐོན་པོའི་ཐོན་ལས་ར་བ་སོགས་ཀྱི་ཁྱད་ལྡན་ཐོན་ཁུངས་ཕྱོགས་བསྡུས་ཀྱིས་བེད་སྤྱོད་བྱས་ཏེ། བཟོ་ལས་ཡུལ་སྐོར་གྱི་ལྗོངས་ཁུལ་བསྐྲུན།

“ཡུལ་སྐོར+སློབ་གསོ”ཡིས་ཡུལ་སྐོར་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་བྱེད་པར་སྣེ་ཁྲིད་དེ། སློབ་ཆེན་དང་ལྗོངས་ཁུལ། ཡུལ་སྐོར་ཁང་། སྐར་རིམ་ལྔའི་གསོལ་ཁང་། ལས་རིགས་མཐུན་ཚོགས་བཅས་ཀྱི་ལེགས་ཆ་དང་ཁྱད་ཆོས་གཅིག་ཏུ་བསྡུས་ཤིང་། མཚོ་སྔོན་ཡུལ་སྐོར་གྱི་ལས་རིགས་སློབ་གསོ་ཚོགས་པ་མཉམ་དུ་བཙུགས།

“ཡུལ་སྐོར+ལུས་རྩལ”གྱིས་རིག་གནས་ཀྱི་མཛེས་པ་དང་ཡུལ་སྐོར་གྱི་སྤྲོ་བ། ལུས་རྩལ་གྱི་འགུལ་སྐྱོད་གསུམ་ཟུང་དུ་སྦྲེལ་ནས། ཡུལ་བབ་དང་བསྟུན་ནས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ལུས་རྩལ་བདེ་ཐང་ཁོམ་གསེང་ཐོན་ལས་གསར་སྤེལ་དང་གསོ་སྐྱོང་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།