ཀྲུང་གོ་བོད་ཀྱི་དྲ་བ།

འཇིགས་རྒོལ་མན་ངག་ཡིག་བརྒྱ་མ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྐང་ཚ།ཀ་བཀྲ་ཤིས།   སྤེལ་དུས། : 2022-11-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འཇིགས་རྒོལ་མན་ངག་ཡིག་བརྒྱ་མ།

         རྐང་ཚ། ཀ་བཀྲ་ཤིས།


འཇིགས་སྐུལ་གཏེ་བོས་ཀུན་ལ་གནོད་ཅིང་འཚེ། ། 

དཔུང་ཤུགས་རྣམ་གསུམ་གནོད་པའི་ཁུངས་ཡིན་ཏེ། །

མཐུན་སྒྲིལ་དམ་ཞིང་སྟོབས་ཤུགས་ཆེན་པོའི་སྒོས། ། 

དེ་ལ་དྲག་རྡུང་དམངས་སེམས་བདེ་ལ་འགོད། །

ཐོལ་བྱུང་དོན་རྐྱེན་བྱུང་ཚེ་འཚབ་མིན་ཏེ། །

 དོན་དེའི་སྤྱི་ལ་བརྡར་ཤ་བཅད་དེ་སྒྲུབས། །

རང་གི་བདེ་འཇགས་སྲུང་བ་གཙོར་བཟུང་སྟེ། ། 

ཐབས་ཀྱིས་རྒོལ་དང་སྤོམས་སེམས་ཆེ་བ་གལ། །

གནད་དོན་མཐོང་ཚེ་ཡར་ཞུ་མྱུར་དགོས་ཤིང་། །

ཉེན་གཏུག་ཁ་པར་ཡིད་ལ་དམ་པོར་ཟུངས། །

ས་གནས་ཁྱད་ཆོས་དོན་རྐྱེན་ངོ་བོ་སོགས། ། 

མིང་རྟགས་དང་བཅས་གཏུག་ན་བྱ་དགའ་སྤྲོད། །

དྲ་བའི་འཕྲིན་པའི་གཏམ་ལ་རློམ་མི་རུང་། །  

 བདེ་ཐང་བརྩོན་པ་མཐར་ཐུག་གནས་ལུགས་ཡིན། །

ཁྱིམ་མཚེས་བར་ལ་རྒྱུན་དུ་གསལ་བཏབ་སྟེ། ། 

 འཆལ་གཏམ་མཐའ་རུ་སྡུམ་པའི་ལས་ལ་འབོད། །

མི་ཚོགས་རྡོག་རྫིས་དོན་རྐྱེན་འཇིགས་པ་ཆེ། ། 

གལ་སྲིད་དེ་ལ་གློ་བུར་འཕྲད་པའི་ཚེ། །

སྐྲག་ཤོར་སྡར་མའི་བརྟུལ་ཞུགས་མི་འཛིན་པར། །

ཟུར་དུ་བྱོལ་ལས་ལྡོག་ཏུ་འགྲོ་བ་སྤོངས། །

མེ་དགྲའི་དུད་ཞག་ལུས་ལ་གནོད་པ་ཆེ། །

བདེ་འཇགས་གནས་སུ་མྱུར་བར་གཞའ་བ་གནད། །

ས་འོག་ལྕགས་ལམ་སྡོད་པའི་ཞིབ་བཤེར་དེ། ། 

དམངས་ཀྱི་ཆེད་ཡིན་སྤྲོ་བས་དང་དུ་ལོངས། །

དོན་རྐྱེན་གང་ལའང་བསམ་གཞིགས་མང་ཙམ་གྱིས། །

ལེགས་པར་བརྟག་ན་ཉེན་ཁ་སེལ་བར་ཕན། །

གྲི་དང་ལྕགས་དབྱུག་རྡོ་སྣུམ་ལ་སོགས་པ། ། 

ཧ་ཅང་ཉེན་ཁ་ཆེ་བའི་རྫས་ཡིན་ཕྱིར། །

སུ་ཡིས་ཐོགས་ཏེ་བགྲོད་པ་མཐོང་བའི་ཚེ། །

རིང་དུ་གྱེས་ནས་མྱུར་བར་ཉེན་གཏུག་མཛོད། །

སྡོད་ཁུལ་ནང་དུ་དོགས་གཞིའི་མི་སླེབས་ཚེ། །

ལས་སྒྲུབ་མི་སྣ་མགྱོགས་པོར་བཙལ་བ་དང་། །

གཞིས་ཁུལ་དམངས་དམག་རང་གི་ཉེ་སར་ཡོད། །

དེ་ཡི་ཨང་གྲངས་ཁ་པར་ནང་དུ་ཉོར། །

སྡོད་ཁང་གླ་བའི་མགྲོན་པོ་གསར་བ་ལས། །

ཉིན་མོར་མི་མཐོང་མཚན་ལ་རྒྱུ་བ་དང་། །

མི་དང་འཕྲད་ཚེ་གཡོལ་ནས་བགྲོད་པ་དག །

ཕལ་ཆེར་སེམས་སུ་ངན་དགུའི་ལས་ཀྱིས་ཁེངས། །

ལམ་འགྲམ་བདག་མེད་ཟོང་སྒམ་མཐོང་བའི་ཚེ། །

བདག་ཏུ་འཛིན་པའི་ཧམ་སེམས་མི་སྐྱེས་པར། །

དེ་ཡི་བདག་པོ་འདྲི་ཞིང་བརྩད་པ་དང་། ། 

ཉེན་རྟོག་མི་སྣ་འབོད་ཅིང་བཤེར་བར་རེམ། །

འཇིགས་རྒོལ་མན་ངག་འདི་དག་ཡིད་ལ་ཟུངས། །

སྔོན་འགོག་ལས་ཀྱི་སྦྱོར་བ་ལྷོད་མི་རུང་། །

ཅིའི་ཕྱིར་བསྒྲུབ་དང་ཇི་ལྟར་བསྒྲུབ་པ་ཡི། །

ལས་ལ་གོམས་ཚེ་ནམ་ཡང་བདེ་ཞིང་འཇགས། །


རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།