ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཧའེ་ཙིས་བརྩམས།གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བོད་ལྗོངས། ཁེར་རྐྱང་གི་གོར་མ་རྡོག་གཅིག་ནམ་མཁའ་ཡོངས་སུ་བཞུགས་འདུག 

མཚན་མོ་གང་གིས་ཀྱང་ང་རང་གཉིད་ཁུག་ཏུ་འཇུག་མ་ཐུབ།

སྐྱ་རེངས་གང་གིས་ཀྱང་ང་རང་སད་དུ་འཇུག་མ་ནུས། 


ཁེར་རྐྱང་གི་གོར་མ་རྡོག་གཅིག་ནམ་མཁའ་ཡོངས་སུ་བཞུགས་འདུག 

ཁོ་ན་རེ། ལོ་སྟོང་ཕྲག་གཅིག་པོ་འདིའི་རིང་ང་ནི་རང་ཉིད་ཁོ་ན་ལ་དགའ་ཞེས་སྨྲ། 


ཁེར་རྐྱང་གི་གོར་མ་རྡོག་གཅིག་ནམ་མཁའ་ཡོངས་སུ་བཞུགས་འདུག 

མིག་ཆུ་གང་གིས་ཀྱང་ང་རང་མེ་ཏོག་ཏུ་བསྒྱུར་མ་ཐུབ། 

རྒྱལ་པོ་སུ་ཡིས་ཀྱང་ང་རང་བཞུགས་ཁྲིར་བསྒྱུར་མ་ནུས། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།