ཀྲུང་གོ་བོད་ཀྱི་དྲ་བ།

སྒྲོན་མེ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྩོམ་པ་པོ།ཡི་དམ་ཚེ་རིང་།   སྤེལ་དུས། : 2020-12-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཁྱིམ་གཞིས་ཆགས།

མགོ་སྦྲ་སྨུག་པོ་ཕུབ་མཁན་སུ།

——དེ་ནི་སྐྲ་ལོ་ལན་བུ་བསླས་པའི།

ཁལ་མ་འདེད་པའི་བུ་མོ་ཉིད།


ནམ་མཁའ་ལངས།

སྒོ་ཁའི་སྨུག་པ་གཏོར་མཁན་སུ།

——དེ་ནི་དངུལ་གྱི་རྒྱན་ཆ་སྤྲས་པའི།

བཞོ་དབྱངས་འཐེན་པའི་བུ་མོ་ཉིད།


སྨུག་པ་དྭངས།

རྩྭ་མགོའི་ཟིལ་བ་སྤྲུག་མཁན་སུ།

——དེ་ནི་ལུས་ལ་སྣམ་བུ་གྱོན་པའི།

ལུག་ཁྱུའི་ར་སྒོ་འབྱེད་པའི་བུ་མོ་ཉིད།


བ་མོ་ཞུ།

ཆུ་མོ་གཉིད་ལས་དཀྲོག་མཁན་སུ།

——དེ་ནི་བྱུ་རིའི་སྐེ་རྒྱན་བཏགས་པའི།

དགོད་སྒྲས་ཁེངས་བའི་ཆུ་ལེན་བུ་མོ་ཉིད།


ལག་པ་གཡས་པས་གྲང་རེག་མ་ལུས་བསྡུས།

ལག་པ་གཡོན་པས་དྲོད་ཁོལ་འཇམ་པོར་བསྒྱུར།

བུད་མེད་ཀྱི་སེམས་པ་ནི།

ཉི་མ་ལས་ཀྱང་འོད་མདངས་བཀྲ།


ཉིན་མཚན་རྟག་པར་བརྗེ།

ཉི་ཟླ་རེས་མོས་འཁོར།

གལ་ཏེ་འཚོ་བ་ནི་སྦྲ་གུར་ཡིན་པར་བཏང་ན།

བུད་མེད་ནི་དེའི་ནང་གི་སྒྲོན་མེ་ལགས།

2020ལོའི་ཟླ12པའི་ཚེས5ཉིན་གཡང་ས་རྫ་སྟོད་ནས་ཚེ་རིང་མཆོག་གྲུབ་ཀྱིས་བསྒྱུར།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།