ཀྲུང་གོ་བོད་ཀྱི་དྲ་བ།

ཆེས་མཛེས་པའི་ཕོ་ཉ་དཀར་པོ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མགོན་པོ་དོན་གྲུབ།   སྤེལ་དུས། : 2022-05-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཆེས་མཛེས་པའི་ཕོ་ཉ་དཀར་པོ།

----རིམས་ནད་འགོག་བཅོས་ཀྱི་དང་བླངས་པར་ཕུལ་བ།

19521652925132_.pic.jpg

གང་ནས་འཛུལ་ཡོང་བ་མི་ཤེས་པའི་ནད་དུག་དེས། ས་སྒང་རིལ་མོར་འགོག་ཐབས་བྲལ་བའི་འཕྲལ་རྒོལ་བྱས་སྟབས་སྔར་ཡོད་འཚོ་བའི་རྣམ་ཤེས་འཕྲོག 

ཡིན་ནའང་། གོས་དཀར་བཀླུབས་པའི་ཕོ་ཉ་དཀར་པོས་མ་སྐུལ་དང་བླངས་ཀྱིས་རིམས་ནད་བྱུང་ཚུལ་ནི་བཀའ་རྒྱ་དང་རིམས་ནད་འབྱུང་ཁུལ་ནི་གཡུལ་ས། ནད་དུག་ནི་དགྲ་བོ་ཡིན་པའི་འདུ་ཤེས་བཅངས་ནས་སྐྱེ་འགྲོ་ཀུན་ལ་དྲོད་ཁོལ་སྦྱིན།

ཁྱེད་ཅག རང་ཉིད་ཀྱི་ཕུང་པོར་གཏའ་མར་བཞག་ནས་ནད་དུག་དང་གདོང་གཏད་པའི་རིམས་འགོག་དཔའ་རྒོད་དེ་ཡིན་པས། ཁྱེད་ཚོའི་ལྷག་བསམ་ལས་དམངས་ལ་ཞབས་ཕྱི་སྒྲུབ་རྒྱུའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་པོ་དེ་མངོན་ཡོང་ལ། ཕྱོགས་གཅིག་ལ་དཀའ་ངལ་འཕྲད་ཚེ་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་པའི་མི་སེམས་གཅིག་མཐུན་གྱི་ཀྲུང་གོའི་སྙིང་སྟོབས་དང་སྟོབས་ཤུགས་དེ་བས་མངོན་ཡོང་།

ཁྱེད་ཅག རིམས་འགོག་གི་གཡུལ་ས་ལས་རྣམ་པར་རྒྱལ་ཆེད་རང་ཉིད་ཀྱི་ཁྱིམ་ཚང་ཆུང་ངུ་རྒྱབ་ཏུ་བསྐྱུར་ཏེ་ཐུན་མོང་གི་ཁྱིམ་གཞི་དྲོན་མོར་བརྟན་སྲུང་བྱས། ཁྱེད་ཅག ཉིན་གྱི་ཟས་ཆད་དང་མཚན་གྱི་གཉིད་བཅག་ནས་སྔོན་འགོག་ཚོད་འཛིན་གྱི་ལས་ལ་འབད།

ཁྱེད་ཅག་ཡོད་པས་རིམས་ནད་ཀྱི་གདོན་འདྲེ་ཚར་བཅད་ཅིང་བདེ་སྐྱིད་ཀྱི་འཚོ་བར་འོད་སྣང་སྦྱིན།

ཁྱེད་ཅག་ཡོད་པས་མི་ཡུལ་ལ་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བསྐྲུན་ཞིང་། རླབས་ཆེན་གྱི་གཏམ་རྒྱུད་མང་པོ་བྲིས།

ཁྱེད་ཅག་ཡོད་པས་མི་ཡུལ་ལ་རེ་བ་སྦྱིན་ཞིང་མ་འོངས་པའི་འཚོ་བར་ཡིད་ཆེས་བསྩལ།

ཁྱེད་ཅག་ནི་ནད་གདོན་ཕར་སྤྲོད་མཁན་གྱི་དམག་འཐབ་བ་དང་།  ཉིན་མཚན་དབྱེ་མེད་པར་སྐྱེ་འགྲོའི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་འགོག་སྲུང་བྱེད་མཁན་ཏེ། ཆེས་གུས་པར་འོས་པའི་ཕོ་ཉ་དཀར་པོ་དེའོ། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།