ཀྲུང་གོ་བོད་ཀྱི་དྲ་བ།

ཁམས་རའི་འཕགས་དུངས་ཀྱི་གླུ་ཚིག་བདམས་བཀོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཁམས་རའི་འཕགས་དུངས།   སྤེལ་དུས། : 2025-07-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བརྙན་འཕྲིན་ཟློས་གར་《མཐར་མཇུག་གི་སྦྲ་ནག་》གི་བརྗོད་དོན་གླུ་ཚིག

སྦྲ་ནག་གི་ལང་ཚོ།

ཚིག  ཁམས་རའི་འཕགས་དུངས།

དབྱངས། གསང་བདག

ལེན་མཁན།  རྡོ་རྗེ་ཚེ་བརྟེན།

མཐོ་སྒང་གི་གསོན་ཤུགས། ལོ་རྒྱུས་ཀྱི་རྐང་རྗེས།

ཕ་མེས་ཡང་མེས་ཀྱི་གཞིས་ཁྱིམ་དྲོན་མོ།

རི་རབ་དང་གཙང་བོའི་སྲུབས་ཀ་ན།

རྟག་བརྟན་གྱིས་འཚེར་བའི་མར་མེ་ཚེ་འབར།

ཨ--སྦྲ་ནག་ཡ། བློ་གྲོས་ཀྱིས་བསྐྲུན་པའི་སྦྲ་ནག

ཤེས་རབ་ཀྱིས་བཞེངས་པའི་སྦྲ་ནག

བོད་པ་ཚོའི་ཁྲག་རྒྱུན་ཐིམ་པའི་སྦྲ་ནག

ཁྱེད་ནི་ནམ་ཡང་འགྱུར་མི་སྲིད་པའི་མནའ་ཚིག་ཡིན།

ཨ--སྦྲ་ནག་ཡ། མཐུན་སྒྲིལ་གྱིས་བསྐྲུན་པའི་སྦྲ་ནག

སྲོལ་རྒྱུན་གྱིས་བཞེངས་པའི་སྦྲ་ནག

བོད་པ་ཚོའི་གཤིས་རྒྱུད་ཐིམ་པའི་སྦྲ་ནག

ཁྱེད་ནི་ནམ་ཡང་བསུབ་མི་ཐུབ་པའི་སྣུམ་རིས་ཤིག


རྩྭ་ཐང་གི་དྲོད་ཁྱིམ། ནོར་ལུག་གི་བདག་པོ།

མི་རབས་ཡང་རབས་ཀྱི་རེ་ལྟོས་བཅོལ་ས།

གྲོང་ཁྱེར་དང་གྲོང་གསེབ་འཕེལ་ཤུལ་ན།

རྟག་བརྟན་གྱིས་འཚེར་བའི་སྐར་མ་འོད་ཆེན།

ཨ--སྦྲ་ནག་ཡ། འབྲི་མར་གྱིས་ཕྱུག་པའི་སྦྲ་ནག

འོ་ཞོ་ཡིས་བལྟམས་པའི་སྦྲ་ནག

བོད་པ་ཚོའི་རྣམ་ཤེས་ཐིམ་པའི་སྦྲ་ནག

ཁྱེད་ནི་ནམ་ཡང་མྱངས་མི་ཚར་པའི་བདེ་སྐྱིད་ཡིན།

ཨ--སྦྲ་ནག་ཡ། ཕྱྭ་གཡང་གིས་བཏུམས་པའི་སྦྲ་ནག

བྱམས་སེམས་ཀྱིས་ཁེངས་པའི་སྦྲ་ནག

བོད་པ་ཚོའི་རེ་སྨོན་ཐིམ་པའི་སྦྲ་ནག

ཁྱེད་ནི་ནམ་ཡང་བོར་མི་རུང་བའི་ཚེ་སྲོག་ཡིན།

ཆ་འགྲིག་མ།

ཚིག  ཁམས་རའི་འཕགས་དུངས།


རྒྱབ་ལྗོངས་གཞས་ཚིག(ཆ་འགྲིག་མ་ཆ་འགྲིག་མ་ཆ་ཆ་ཆ།

ཆ་འགྲིག་མ་ཆ་འགྲིག་མ་ཆ་ཆ་ཆ།  

ལུས་ལ་གྱོན་གོས་གྱོན་ལེ་ཆ་ཆ་ཆ།

སྐྱེས་གཟུགས་མཛུལ་དཀར་མཛེས་ལེ་ཆ་ཆ་ཆ།

གོམ་པའི་སྟངས་སྟབས་བསྒྱུར་ལེ་ཆ་ཆ་ཆ།

སེམས་དང་བསམ་པ་དཀར་ལེ་ཆ་ཆ་ཆ།

ཆ་འགྲིག་བུ་མོ་ཨ་འགྲིག་ཆ་འགྲིག་རེད།)


གར་སྟེགས་གར་གྱི་ཞིང་ཁམས་རེད།

གློག་འོད་སེམས་ཀྱི་མཇའ་ཚོན་རེད།

རོལ་དབྱངས་རྣ་བའི་བདུད་རྩི་རེད།

བོད་པའི་བུ་མོ་རྨ་བྱའི་སྒྲོ་གུར་རེད།

ཞབས་བྲོ་ཨ་ལོང་སྐོར་སྐོར་རེད།

སྐད་ངག་ཁུ་བྱུག་གྲགས་གྲགས་རེད།

ཡིད་སེམས་མཚོ་མོ་འཕྱུར་འཕྱུར་རེད།

བོད་པའི་བུ་མོ་གླུ་གར་བྱང་མ་རེད།

ཆ་འགྲིག་མ་ཡིན། ང་བོད་པའི་བུ་མོ་ཆ་འགྲིག་ཡིན།

སེམས་བསམ་པ་དཀར་ལེ་ཆ་འགྲིག་ཡིན།

གཤིས་སྤྱོད་པ་ཡག་ལེ་ཡང་འགྲིག་ཡིན།

ཆ་ཡང་ཡང་འགྲིག་པའི་བཀྲ་ཤིས་ཤོག

ཆ་འགྲིག་མ་ཡིན། ང་བོད་པའི་བུ་མོ་ཆ་འགྲིག་ཡིན།

དུས་དེ་རིང་འཛོམས་ལེ་ཆ་འགྲིག་ཡིན།

ནང་མཐུན་སྒྲིལ་ཡོད་ལེ་ཡང་འགྲིག་ཡིན།

ཆ་ཡང་ཡང་འགྲིག་པའི་བཀྲ་ཤིས་ཤོག


རྒྱབ་ལྗོངས་གཞས་ཚིག(བུ་མོ་བུ་མོ། བོད་པའི་བུ་མོ།

ཁྱེད་ནི་ཟླ་བ། ཁྱེད་ནི་འཇའ་ཚོན ། ཁྱེད་ནི་མེ་ཏོག་ཡིན།

ཁྱེད་ཀྱི་བག་ལྷོད། ཁྱེད་ཀྱི་བློ་མིག

ཁྱེད་ཀྱི་འཇོན་ཐང་།  

རི་གསུམ་རྩེ་དང་ལུང་གསུམ་མདོ་ལ་གྲགས་ཡོད།

བུ་མོ་བུ་མོ། ཆ་འགྲིག་ཡང་འགྲིག་བུ་མོ།

ཁྱེད་ནི་གངས་ཅན་ལྗོངས་ནས་འཛོམས།

ཁྱེད་ནི་རྩྭ་ཐང་སྟེང་ནས་འཛོམས།

ཁྱེད་ནི་མཐིང་སྨུག་སྦྲ་ནས་འཛོམས།

ཆ་འགྲིག་བུ་མོ་ཡ། སྟག་ཤ་རའི་སེམས་ཀྱི་ཤ་ཡུ་མོ་ཡིན།

སྟག་ཤ་རའི་སྙིང་གི་བློ་གཏོད་ས་ཡིན།

སྟག་ཤ་རའི་མིག་གི་ཆ་འགྲིག་མ་ཡིན།)


སྦྲ་གུར་མེ་ཏོག་བཞད་བཞད་རེད།

ནོར་ལུག་ཐང་མར་བརྡལ་བརྡལ་རེད།

ཤ་མར་གངས་རི་སྤུངས་སྤུངས་རེད།

བོད་པའི་བུ་མོ་ཕ་ཡུལ་རྩྭ་ཐང་རེད།

ཆ་འགྲིག་མ་ཡིན། ང་བོད་པའི་བུ་མོ་ཆ་འགྲིག་ཡིན།

སྦྲ་རོག་རོག་ནང་ནས་ཆ་འགྲིག་ཡིན།

གངས་དཀར་དཀར་འདབས་ནས་ཡང་འགྲིག་ཡིན།

ཆ་ཡང་ཡང་འགྲིག་པའི་བཀྲ་ཤིས་ཤོག

ལྷ་སའི་ཞོ་སྟོན།

ཚིག  ཁམས་རའི་འཕགས་དུངས།

གླུ་གར་གྱི་མཆོད་པ་བཤམས་པའི་ཉི་མ་ལྷ་ས།

མི་ཚོགས་ཀྱི་འདུ་འཛི་རྒོད་པོའི་ཉི་མ་ལྷ་ས།

ཞོ་ཡི་གསོལ་སྟོན་སྤུངས། ཆང་གི་མཚོ་མོ་འཁྱིལ།

དབྱར་ཟླ་དྲུག་པའི་ལྷ་སའི་ཞོ་སྟོན།

ཨ། ལྷ་སའི་ཞོ་སྟོན། འཛམ་གླིང་གི་ཞོ་སྟོན་གཅིག་པུ།

སྒྱུ་རྩལ་གྱི་རྔམས་ཁ་མཐུག་པའི་ཞོ་སྟོན།

སྤྲོ་སྐྱིད་ཀྱི་དུངས་ཞེན་སྤྲུག་པའི་ཞོ་སྟོན།

ཡོད་ཚད་ཀྱི་རེ་སྒུག་ཁྲོད་སླེབས་པའི་ཞོ་སྟོན་ཁྱེད།

སེམས་ཁོངས་ན་བཞད་པའི་དུས་སྟོན་འགངས་ཆེན་ཡིན།


ཉི་འོད་ཀྱི་མཚར་སྡུག་བཀྲ་པའི་ཉི་མ་ལྷ་ས།

རི་ཆུ་ཡི་འཇའ་གུར་ཕུབ་བའི་ཉི་མ་ལྷ་ས།

གར་གྱི་གསོལ་སྟོན་བཤམས། གླུ་ཡི་མཆོད་པ་འབུལ།

དབྱར་ཟླ་དྲུག་པའི་ལྷ་སའི་ཞོ་སྟོན།

ཨ། ལྷ་སའི་ཞོ་སྟོན། འཛམ་གླིང་གི་ཞོ་སྟོན་གཅིག་པུ།

དམངས་སྲོལ་གྱི་བང་མཛོད་ཕྱེས་བའི་ཞོ་སྟོན།

གོས་སྐུ་ཡི་ཐང་ག་བཤམས་པའི་ཞོ་སྟོན།

མང་ཚོགས་ཀྱི་ཆོས་མཇལ་ཁྲོད་སྤེལ་བའི་ཞོ་སྟོན་ཁྱེད།

མཐོ་སྒང་ན་མཚེར་བའི་ཤུལ་བཞག་རིག་གནས་ཡིན།

ཁྱིམ་མི་འཛོམས་པ་འཛོམས་སྐྱིད།

ཚིག  ཁམས་རའི་འཕགས་དུངས།

ནང་ཁྱིམ་མི་འཛོམས་རྒྱུ་དཀའ་མོ་རེད།

དུས་དེ་རིང་འཛོམས་འཛོམས་ཡོད་ཡོད་ལ།

ཤ་སིལ་ཏོག་རི་རབ་སྤུངས་སྤུངས་བྱོས།

ཞོ་འོ་མ་རྒྱ་མཚོ་འཁྱིལ་འཁྱིལ་བྱོས།

ངོ་མཛུལ་མདངས་མེ་ཏོག་བཞད་བཞད་བྱོས།

ཨ། ང་ཡི་ཁྱིམ་མི། ང་ཡི་ལྷན་འཛོམས།

གསེར་ལས་ལྷག་པའི་ལྷན་འཛོམས་འདི།

རེ་ན་སྒུག་ན་སེམས་ཐོག་མི་ཡོང་གི

སྐྱིད་ན་སྡུག་ན་ཁྱིམ་མི་དྲན་ཡོང་གི

སྐྱིད་འདི་མོ་རྟག་བརྟན་ཡོད་པར་ཤོག


ཁྱིམ་ཤ་ཉེ་འཛོམས་རྒྱུ་དཀའ་མོ་རེད།

དུས་དེ་རིང་ཐུག་ཐུག་འཕྲད་འཕྲད་ལ།

ཞེ་སྙིང་གཏམ་ཆུ་བོ་བཞུར་བཞུར་བྱོས།

ནང་འགྲིག་མཐུན་ལྕགས་ལུང་འཐེན་འཐེན་བྱོས།

དགའ་དགོད་སྒྲ་གཡུ་འབྲུག་དགྱེས་དགྱེས་བྱོས།

ཨ། ང་ཡི་ཁྱིམ་མི། ང་ཡི་ལྷན་འཛོམས།

གསེར་ལས་ལྷག་པའི་ལྷན་འཛོམས་འདི།

རེ་ན་སྒུག་ན་སེམས་ཐོག་མི་ཡོང་གི

སྐྱིད་ན་སྡུག་ན་ཁྱིམ་མི་དྲན་ཡོང་གི

སྐྱིད་འདི་མོ་རྟག་བརྟན་ཡོད་པར་ཤོག

གཡང་གི་བདག་པོ།

ཚིག  ཁམས་རའི་འཕགས་དུངས།

འབྲོང་བརྒྱ་རྫ་ལ་འཛོམས།

འབྲོང་རྭ་བྲག་ལ་བརྡར།

བུ་ཡུག་འཚུབ་འཚུབ།

གློག་དམར་འཁྱུག་འཁྱུག

འབྲོང་དར་མ་ལམ་ལ་ཆས་དང་ཐལ།

ཨ།  འབྲོང་བརྒྱ་ཚོ་ཡ།

ཁྱེད་སླེབས་ན་རྫ་མགོ་གཡང་གི་ཁེངས།

རྫ་ཆུ་བསིལ་མ་ལྷུང་ལྷུང་ལྷུང༌།

རྫ་མགོའི་མེ་ཏོག་ཆི་ལི་ལི།

འབྲོང་ཁྱེད་ཚོ་གཡང་གི་བདག་པོ་རེད།


འབྲི་བརྒྱ་སྤང་ལ་འཛོམས།

འོ་ཞོ་སྦྲ་ལ་འཁྱིལ།

མཚོ་མོ་འཕྱུར་འཕྱུར།

སྤྲིན་དཀར་སྤུངས་སྤུངས།

འབྲི་གཡང་མོ་ལམ་ལ་ཆས་དང་ཐལ།

ཨ། འབྲི་བརྒྱ་ཚོ་ཡ།

ཁྱེད་སླེབས་ན་རྩྭ་ཐང་གཡང་གི་ཁེངས།

རྫི་གླུ་རིང་མོ་ལྷང་ལྷང་ལྷང༌།

སྐྱིད་ཀྱི་དྲོད་ཁོལ་ལམ་ལམ་ལམ།

འབྲི་ཁྱེད་ཚོ་གཡང་གི་བདག་པོ་རེད།

བོད་པའི་བུ་མོ།

ཚིག  ཁམས་རའི་འཕགས་དུངས།

གནག་སྣུམ་སྐྲ་ལོར་ཚོན་རྩི་མི་བྱུགས།

ཁ་ངོ་ཞལ་རས་སྐག་གིས་མི་གཡོགས།

ཞེ་སྡང་མེད། གཡོ་སྒྱུ་མེད།

ཞི་མཐུན་གྱི་གཏན་ཚུགས་མཐོ་ལ།

རང་ལྭ་རང་སྐད་མི་འདོར། རང་གི་ཆ་ལུགས་མི་ཡལ།

ཨོ། བོད་པའི་བུ་མོ་ཡ།  བོད་པའི་བུ་མོ།

འཛམ་གླིང་སྟེང་གི་མཛངས་མ་ཡིན།

གངས་རིའི་ལྗོངས་ཀྱི་གཟི་འོད་ཡིན།

བོད་པ་ཚང་གི་བདག་མོ་ཡིན།


ལྷད་མེད་སེམས་ལ་ནག་ཐིག་མི་འདྲེས།

འཇིག་རྟེན་སྐྱིད་སྡུག་ས་ལ་མི་བསྲེས།

བརྩི་བཀུར་ཆེ། གཤིས་རྒྱུད་དྲང༌།

བྱམས་སྐྱོང་གི་བློ་རྩ་བརྟན་ལ།

རང་ལུགས་རང་གཤིས་མི་འདོར། ཡ་རབས་སྤྱོད་བཟང་མི་ཡལ།

ཨོ། བོད་པའི་བུ་མོ་ཡ། བོད་པའི་བུ་མོ།

ཁ་བའི་ལྗོངས་ཀྱི་འཕྱོར་སྒེག་ཡིན།

འགྲོ་དྲུག་སེམས་ཀྱི་མར་ལོ་ཡིན།

བོད་པ་ཚང་གི་བུ་མོ་ཡིན།

ང་ཡི་སློབ་དཔོན།

ཚིག  ཁམས་རའི་འཕགས་དུངས

བྱམས་དང་སེམས་ཀྱིས་བསྐྱངས།

ཤེས་བྱའི་ཉིང་བཅུད་བསྩལ།

རྨི་ལམ་འོད་དུ་སྒྲོན།

རུས་རྐང་གསེར་ལ་བསྒྱུར།

ཨོ།  ང་ཡི་སློབ་དཔོན། ང་ཡི་སྒྲོན་མེ།

མདུན་སྐྱོད་ཀྱི་སྤོབས་པ་གནང་སོང།

རྨོངས་མུན་གྱི་མུན་པ་བཅོམས་སོང༌།

སློབ་གསོ་ཡི་གྲུ་ཆར་སྦྱིན་སོང༌།

ཁྱེད་ནི་སྙིང་གི་ཕ་མ་རེད།

ཁྱེད་ནི་དྲིན་ཆེན་སློབ་དཔོན་རེད།


འོད་དང་དྲོད་ཀྱིས་བསྐྱངས།

གསེར་གྱི་ལྡེ་མིག་བྱིན།

རེ་སྙེགས་འོད་དུ་སྒྲོན།

ཞེ་རྩ་དུང་ལ་བསྒྱུར།

ཨོ།  ང་ཡི་སློབ་དཔོན། ང་ཡི་སྒྲོན་མེ།

རིག་གྲོལ་གྱི་རྟོགས་པ་བྱིན་སོང༌།

ཉོན་མོངས་ཀྱི་དུག་རླབས་སེལ་སོང༌།

ཤེས་རིག་གི་ས་བོན་བཏབ་སོང༌།

ཁྱེད་ནི་སེམས་ཀྱི་སྒྲོན་མེ་རེད།

ཁྱེད་ནི་ང་ཡི་སློབ་དཔོན་རེད།

སྐྱིད་པའི་ལོ་གསར།

ཚིག  ཁམས་རའི་འཕགས་དུངས།

གནམ་ན་ཤོག་སྦག་མེ་ཏོག་བཀྲ

ས་ན་ལོ་གསར་གསོལ་སྟོན་བཤམས།

གོས་གསར་ཤོམ་ལྭ་གྱོན།

ཤ་ཆང་སྡེར་ཁ་བསྒྲིགས།

ཁྱིམ་མི་ལྷན་དུ་འཛོམས།

གླུ་རྩེད་རིག་ལེན་ན་དེ་རིང་ལེན།

ཡ་རེ་ལོ——ཞང་ཡ་རེ་ཡ་རེ་ལོ།

དྲིན་ཕ་མ་ཉི་ཟླ་ཁ་སྤྲོད་ཅན།

ནང་ན་ཟླ་སེམས་པ་དཀར་དཀར་ཅན།

དུས་གཏན་དུ་སྐུ་ཚེ་བརྟན་པར་ཤོག


སྟོད་ན་གངས་དཀར་ལྷུན་པོ་བཞུགས།

སྨད་ན་གཡང་སྡེ་ཁྲ་མོ་ཆགས།

རྟེན་འབྲེལ་ཁ་གཡང་སྒྲོག

རོང་འབྲོག་ལྷན་དུ་དགྱེས།

ལོ་གསར་སྐྱིད་ཀྱིས་ཁེངས།

གླུ་རྩེད་རིག་ལེན་ན་དེ་རིང་ལེན།

ཡ་རེ་ལོ——ཞང་ཡ་རེ་ཡ་རེ་ལོ།

སྦྲ་ཕ་ཁྱིམ་གངས་རི་རྭ་བ་ཅན།

ནང་བྱམས་སེམས་ཁ་བཏགས་དཀར་བོ་ཅན།

དུས་གཏན་དུ་བདེ་ཞིང་སྐྱིད་པར་ཤོག

དགའ་སྐྱིད་ཕུ་སྐྱིད།

ཚིག  ཁམས་རའི་འཕགས་དུངས།

ལོ་ལེགས་རླབས་མཚོ་འཕྱུར།

ལོ་མགོ་ལྗིད་ཏིག་ཏིག

ཞིང་བ་དགའ་ལྷང་ལྷང༌།

སྟོན་འབྲས་བསྡུས་ནས་རླུང་འཚུབ་འཚུབ།

འབྲུ་རིགས་འཁུར་ནས་རྟ་རྒྱུགས་རྒྱུགས།

འབྲུ་མཛོད་བཀང་ནས་རི་སྤུངས་སྤུངས།

ཞིང་བ་རྒད་པོ་སྐྱིད་ཅིང་སྐྱིད།

ནས་ཉིང་ཁུ་འཐུང་ནས་ལོ་སྐྱིད་བྱས།

ནང་ཕུ་ནུ་བོས་ནས་ལོ་སྟོན་བྱས།

སྐྱིད་སྐྱིད་པའི་ཉིན་མ་དེ་རིང་རེད།


བཀྲ་ཤིས་ཕྱྭ་གཡང་འཁྱིལ།

ཕྱུགས་ཟོག་ནོར་འཕེལ་འཕེལ།

འབྲོག་པ་སྤྲོ་ལྷང་ལྷང༌།

ནོར་ལུག་འཚོས་ནས་འཚུབ་ལང་ལོང༌།

བལ་རྩིད་བྲེགས་ནས་འཛུམ་དམུལ་དམུལ།

ཤ་མར་ཟོས་ནས་སྣུམ་ཤིག་ཤིག

འབྲོག་པ་རྒད་པོ་སྐྱིད་ཅིང་སྐྱིད།

ཞོ་འོ་མ་འཐུང་ནས་ལོ་སྐྱིད་བྱས།

ནང་ཕུ་ནུ་བོས་ནས་ལོ་སྟོན་བྱས།

སྐྱིད་སྐྱིད་པའི་ཉིན་མ་དེ་རིང་རེད།

མེ་ཏོག་ལྷ་རིས།

ཚིག ཁམས་རའི་འཕགས་དུངས།

དབྱངས།   སྒྲོལ་མ་སྐྱིད།

ལེན་མཁན།  སྒྲོལ་མ་སྐྱིད།

རི་སྒང་ན་ལང་ཚོ་བཞད་པའི་མེ་ཏོག་ལྷ་རིས།

山顶上盛开的仙女花

མེ་ཏོག་གི་དམར་མདངས་གདོང་ལ་བྱུགས་མྱོང་། 

她的红艳涂染过脸庞

མཛེས་སྡུག་གི་ལང་ཚོ་དེ་ལ་བཅོལ་མྱོང་།

美丽的青春寄托于她

ང་ཡི་རྨི་ལམ་ཞིག  ང་ཡི་གསང་བ་ཞིག 

མེ་ཏོག་གི་སེམས་ན་ཡོད། 

我的梦幻,我的私秘,在她心头!

རླུང་ཁ་ན་ཡམ་ཡོམ་གཡོ་བའི་མེ་ཏོག་ལྷ་རིས།

风中摇曳的仙女花 

ཚེ་སྲོག་གི་ལང་ཚོ་སད་ཀྱིས་བཅོམ་མྱོང་།

蓬勃的生机受过霜降的刺激 

བརྩེ་སེམས་ཀྱི་མདུད་པ་བྲག་ལ་བརྐོས་མྱོང་།

爱意的执着镌刻在悬崖峭壁! 

ང་ཡི་རེ་བ་ཞིགང་ཡི་དུངས་བ་ཞིག

མེ་ཏོག་གི་ཡིད་ན་ཡོད།

我的希望,我的痴情!在她心间! 

ཁྱེད་ཀྱིས་མཛེས་སྡུག་གི་ཕུགས་འདུན་ཞིག་ཁྱེར་ནས།

你怀揣美丽的憧憬 

ཆར་རླུང་གི་གནོད་འཚེ་ལ་མ་འཛེམ་པར།

不惧怕暴雨的打击 

ཁེར་རྐྱང་གི་སྐྱོ་བ་དབྱངས་ལ་གྱེར།

高歌孤独的惆怅 

ལང་ཚོ་ཡི་མཛེས་བ་ངོམ་དུ་བཅུག

张扬青春的个性。 

འོ། མེ་ཏོག་ཡ། མེ་ཏོག་ལྷ་རིས།

哦;梅朵呀,梅朵拉热 

ཁྱེད་ཀྱིས་མེ་ཏོག་གི་རྐང་ལམ་ཞིག་དེད་ནས།

你寻觅属于自己的捷径 

ཉི་འོད་ཀྱི་ཚ་བ་ལ་མ་འཛེམ་པར།

不怕炎日暴晒 

སེམས་ཁོང་གི་མཚར་སྡུག་གཏན་དུ་སྲུང་། 

恪守心中的本分


སྐྲ་གསེབ་ན་ལྷང་ངེར་མངོན་པའི་མེ་ཏོག་ལྷ་རིས།

发梢间可见的仙女花

མེ་ཏོག་གི་དྲི་བསུང་ལུས་ལ་ཁྱབ་མྱོང་། 

花的香气弥漫全身

སེམས་ཁོང་གི་སྙིང་གཏམ་དེ་ལ་བཤད་མྱོང་། 

心中的话语曾向你倾诉

ང་ཡི་རེ་སྨོན་ཞིག  ང་ཡི་སྙིང་གཏམ་ཞིག

མེ་ཏོག་གི་ཐུགས་ན་ཡོད། 

我的祈愿,我的心声,

在花的心里。

མིག་ལམ་ན་ལམ་ལམ་མཆེད་བའི་མེ་ཏོག་ལྷ་རིས། 

眼前亮灿灿的仙女花 

མཚར་ལོངས་ཀྱི་ལམ་ཁ་སྡུག་གིས་བསྐྱིལ་མྱོང་། 

成长的途径艰辛万苦 

བརྩེ་སེམས་ཀྱི་དམ་བཅའ་སྙིང་ནས་བཅིངས་མྱོང་། 

践行的誓言刻骨铭心 

ང་ཡི་ཐུགས་འདུན་ཞིགང་ཡི་ཞེན་ཆགས་ཤིག

མེ་ཏོག་གི་ཁྲོད་ན་ཡོད། 

我的期望,我的执着,在花丛中 

ཁྱེད་ཀྱིས་མཛེས་སྡུག་གི་ཕུགས་འདུན་ཞིག་འཁྱེར་ནས།

你怀揣美丽的憧憬 

ཆར་རླུང་གི་གནོད་འཚེ་ལ་མ་འཛེམ་པར།

不惧怕风雨交加 

ཁེར་རྐྱང་གི་སྐྱོ་བ་དབྱངས་ལ་གྱེར།

高歌孤独的惆怅 

ལང་ཚོ་ཡི་མཛེས་པ་ངོམ་དུ་བཅུག

张扬青春的个性 

འོ། མེ་ཏོག་ཡ། མེ་ཏོག་ལྷ་རིས།

哦;梅朵呀,梅朵拉热 

ཁྱེད་ཀྱིས་མེ་ཏོག་གི་རྐང་ལམ་ཞིག་དེད་ནས།

你寻觅属于自己的捷径 

ཉི་འོད་ཀྱི་ཚ་བ་ལ་མ་འཛེམ་པར། 

不怕炎日暴晒

སེམས་ཁོང་གི་མཚར་སྡུག་གཏན་དུ་སྲུང་། 

恪守心中的本分。

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།