ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྤྱི་བསྒྲགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2020-01-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྤྱི་བསྒྲགས།

(2020ལོའི་ཟླ1ཚེས19ཉིན་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གྲོས་འཆམ་བྱུང་བ)

 

ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་2020ལོའི་ཟླ1ཚེས19ཉིན་ལྷ་སར་འཚོགས་ཤིང་། ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ཨུ་ཡོན30དང་། ཟུར་ཞུགས་མི་སྣ119ཡོད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཚང་འཛོམས་གྲོས་ཚོགས་ལ་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། བློ་བཟང་རྒྱལ་མཚན་དང་། ཆེ་དགྲ་ལྷ། ཏིང་ཡེ་ཤན། ཀྲོང་ཡན། ཅང་ཅེ། སྤེན་པ་བཀྲ་ཤིས། པད་མ་དབང་འདུས། ལིའུ་ཅང་། ཝང་ཝུའེ་ཏུང་བཅས་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན་ཚོགས་འདུར་ཕེབས་ཡོད་པ་རེད།

རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་གཙོ་སྐྱོང་བྱས་པ་རེད། ཚང་འཛོམས་གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ལྷག་དོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཧྲུའུ་ཅི་ཀྲའོ་ལེ་ཅིའི་ལས་དོན་སྙན་སྒྲོན་གྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ། 2019ལོའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་ལ་ཕྱིར་མིག་ལྟ་བ། 2020ལོའི་ལས་འགན་བཀོད་སྒྲིག་བཅས་བྱས་པ་དང་འབྲེལ། བློ་མཐུན་ཝང་ཝུའེ་ཏུང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ནས་གནང་བའི《ལྟ་སྐུལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་བཅོས་སྐྱོང་ནུས་ཕྱོད་ཆེ་རུ་བཏང་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་བོད་ལྗོངས་བསྐྲུན་ཆེད་འགན་ལེན་བརྟན་པོ་བྱེད་དགོས》ཞེས་པའི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

ཚང་འཛོམས་གྲོས་ཚོགས་ཐོག་ངོས་འཛིན་བྱས་དོན། བློ་མཐུན་ཝུའུ་དབྱིང་ཅེའི་གསུང་བཤད་ཀྱི་འགོ་ནས་མཇུག་བར་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ཁྱབ་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱས་ཏེ། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ལྷག་དོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ལེན་པ་དང་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་བླང་བྱ་ཁ་གསལ་བཏོན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འབྲེལ་མཚམས་ཐོག་ནས་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཕྱོགས་སྡོམ་གཏིང་ཟབ་གནང་ལུགས་བསྟན་པ། རང་རེའི་ཏང་གི་རང་ངོས་གསར་བརྗེའི་གྲུབ་འབྲས་ལྡན་པའི་འགྲོ་ལམ་དང་ལམ་ལུགས་ནུས་ལྡན་རྒྱས་བཤད་གཏིང་ཟབ་བྱས་པ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པར་ངེས་པར་དུ“གང་ཞིག་མཐའ་འཁྱོངས་དང་སྲ་བརྟན་གཏོང་དགོས་པ་དང་། གང་ཞིག་འཐུས་ཚང་དང་འཕེལ་རྒྱས་གཏོང་དགོས་པའི”གནད་དོན་གལ་ཆེན་ལ་ལན་གཏིང་ཟབ་བཏབ་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་གྲུབ་འབྲས་གསར་པར་བརྟེན་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཀོད་སྒྲིག་བྱས་པ། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ལྷག་དོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ“ནན་པོའི”རྩ་བའི་དགོངས་གཞི་ཡུན་རིང་མཐའ་འཁྱོངས་དང་། ཐོག་མའི་བསམ་འདུན་ལ་ཞུན་བརྡར་དང་བློ་ཁོག་ཆེན་པོས་འགན་འཁྲི་འཁུར་བ། ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་ཏན་ཏིག་བྱེད་པ། བློ་མཐུན་ཝུའུ་དབྱིང་ཅེའི་གསུང་བཤད་ཀྱི་དགོངས་དོན་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་བྱས་ནས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཐོག་གཅིག་གྱུར་དང་། ཀྲུང་དབྱང་སྒྲིག་ཨུད་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ། ལྷག་བསམ་རྣམ་དག་ངང་འགན་འཁྲི་སྒྲུབ་པ་དང་དངོས་འཛིན་དངོས་སྒྲུབ་བྱེད་པ་དང་། རང་ལྗོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་རྒྱུན་ཆད་མེད་པར་གཏིང་ཟབ་སྤེལ་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་ཡོད།

ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། 2019ལོར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་ཀྱིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། རང་རྟོགས་ངང་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚད་གཞིར་མིག་བལྟོས་བྱེད་པ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ཡག་པོ་འཁུར་བ། ཏང་གིས་རུལ་རྒོལ་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། ཏང་གི་ཆབ་སྲིད་འཛུགས་སྐྱོང་གཅིག་འདོམས་སུ་བྱས་ཏེ་ཏང་གི་འཛུགས་སྐྱོང་ཁག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། དམིགས་བསལ་རང་བཞིན་གང་ཡང་མེད་པའི་བསམ་བློར་བརྟེན་ནས་སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ཆད་པ་གཅོད་པ་བཅས་བྱས་པས་ཏང་གིས་བོད་ལ་འགོ་ཁྲིད་བྱེད་པ་དེ་བས་འགྱུར་མེད་སྟོབས་དང་ལྡན་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཐོག་མཐའ་བར་གསུམ་དུ“འགོ་ནས་མཇུག་བར་ཁྱབ་པ་གསུམ”མཐའ་འཁྱོངས་བྱས་ནས་བརྟན་ཐོག་ཡར་བརྩོན་དང་། དངོས་ཐོག་བདེན་འཚོལ། སྒྲིག་སྲོལ་དང་སྒྲིག་ཁྲིམས། བཅའ་ཁྲིམས་ལ་གཞིགས་པ་མཐའ་འཁྱོངས་དང་། གཞོགས་འདེགས་བྱེད་པའི་འགན་འཁྲི་དང་ལྟ་སྐུལ་བྱེད་པའི་ལས་འགན་ནན་ཏན་བསྒྲུབས་ཏེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་ལས་དོན་ལ་འཕེལ་རྒྱས་དང་གྲུབ་འབྲས་གསར་པ་ཐོབ་ཡོད། ཏང་གི་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཞིབ་ཕྲ་ཅན་དང་རྒྱུན་རྣམ་ཅན་གྱི་ཆབ་སྲིད་ལྟ་སྐུལ་ལ་བརྟེན་ནས“སྲུང་སྐྱོང་གཉིས”ཐུབ་པར་བྱས་ཡོད། དབུལ་སྐྱོར་དང་དམངས་འཚོའི་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་ནག་གཤེད་དང་འབྲེལ་བ་ཡོད་པའི་རུལ་སུངས་དང“རྒྱབ་རྩ”དང་མང་ཚོགས་ཉེ་འགྲམ་གྱི“རུལ་སུངས་ཙག་ཙིག”ལ་ཆད་པ་ནན་པོ་བཅད་ཡོད། ཆབ་སྲིད་ལ་སྣང་ཆེན་བྱེད་པའི་མཐོ་ཚད་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་གཅིག་སྡུད་བཅོས་སྒྲིག་བྱས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་ཏན་ཏིག་བྱེད་པར་སྐུལ་འདེད་བཏང་ཡོད། ཆབ་སྲིད་ཀྱི་སྐོར་གཟིགས་དང་སྐོར་གཟིགས་དག་ཐེར་གཏིང་ཟབ་ཏུ་བཏང་ནས་སྐོར་གཟིགས་དང་སྐོར་ཞིབ་གོང་འོག་མཉམ་འགུལ་གྱི་ལྟ་སྐུལ་དྲ་རྒྱ་བསྐྲུན་ཡོད། “ཐབས་རྣམ་བཞི”གནད་སྨིན་སྤྱད་དེ་སྤུས་ཚད་མཐོ་བའི་ལྟ་སྐུལ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། “སྒྱུར་བཅོས་ཁག་གསུམ”ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཅིག་སྡུད་སྐུལ་འདེད་བཏང་བ་དང་། རྩ་ལག་མཉམ་བཅོས་རྒྱུན་མཐུད་གཏིང་ཟབ་བྱས་ནས་རུལ་རྒོལ་འཐབ་རྩོད་ཀྱི་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་སྲ་བརྟན་དང་འཕེལ་རྒྱས་བཏང་ཡོད། ཆབ་སྲིད་དང་ལས་སྒོའི་འཇོན་ཐང་ཆེ་རུ་གཏོང་བར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་སྒྲིག་ཁྲིམས་ལག་བསྟར་བྱེད་མཁན་གྱིས་སྒྲིག་ལས་འགལ་བ་དང་ཁྲིམས་ལག་བསྟར་བྱེད་མཁན་གྱིས་ཁྲིམས་ལས་འགལ་བ་ཐར་པར་གཏན་ནས་མ་བཏང་བར་ལྷག་བསམ་རྣམ་དག་དང་། དྭངས་གཙང་། འགན་འཁྲི་འཁུར་བ་བཅས་ཀྱི་སྒྲིག་བཤེར་ལྟ་ཞིབ་ཀྱི་དཔུང་ཁག་འཛུགས་སྐྱོང་བྱས་ཡོད། ཚང་འཛོམས་གྲོས་ཚོགས་ཐོག་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན་དུ། སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་དོན་ལ་བྱུང་བའི་ངོས་འཛིན་དང་མྱོང་ཚོར་ལ་ཕྱོགས་སྡོམ་བྱས་ནས་གྲུབ་འབྲས་ལ་ཁས་ལེན་བྱས་པ་དང་ཆབས་ཅིག དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་དོན་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་གནས་པའི་མངོན་གསལ་དོད་པའི་གནད་དོན་ལ་དབྱེ་ཞིབ་དང་། མཐོང་ཧ་ཅང་ཆེན་པོ་བྱས་ཏེ་བྱ་ཐབས་ནུས་ལྡན་སྤྱད་ནས་ཐག་གཅོད་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། 2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་དང་། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་རེད། འདི་ལོའི་ལས་ཀའི་སྤྱིའི་བླང་བྱ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ནན་ཏན། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ལྟེ་བར་དམ་པོར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། ཏང་ཨུད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་ཏུ་གཏོང་བར་གཞོགས་འདེགས་བྱེད་པ། བརྟན་ཐོག་ཡར་བརྩོན་དང་རྩ་ལག་མཉམ་བཅོས་མཐའ་འཁྱོངས། སྒྲིག་ཁྲིམས་ཞིབ་བཤེར་གྱི་སྒྲིག་གཞི་སྒྱུར་བཅོས་དང་། ལྟ་ཞིབ་ཀྱི་སྒྲིག་གཞི་སྒྱུར་བཅོས། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་སྒྱུར་བཅོས་བཅས་ལ་གཅིག་སྡུད་སྐུལ་འདེད་གཏོང་བ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཅིག་སྡུད་སྐུལ་འདེད་གཏོང་བ། ཆུ་ཚད་དེ་བས་མཐོ་བ་དང་དེ་བས་གཏིང་ཟབ་པའི“སྒྱུར་གསུམ”ལ་གཅིག་སྡུད་སྐུལ་འདེད་གཏོང་བ། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བར་དམིགས་པ། དབང་ཆ་སྤྱོད་པར་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རིང་གི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་འགན་ལེན་དང་ལག་བསྟར་ལ་ལྟ་སྐུལ་དང་འཐུས་ཚང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་། དུས་རབས་གསར་པའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་བོད་ལྗོངས་སྐྲུན་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་མཐའ་གཅིག་ཏུ་ལེན་པ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བཅས་ལ་རྒྱལ་ཁ་འགན་ལེན་བརྟན་པོ་བྱེད་དགོས།

གཅིག་ནས་ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་མཐར་ཕྱིན་དང་གནད་འཁེལ་བྱེད་དགོས། “སྲུང་སྐྱོང་གཉིས”སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ཆེས་རྩ་བའི་ཆབ་སྲིད་ཀྱི་ལས་འགན་ལ་བརྩིས་ནས་ཞིབ་ཕྲའི་ལས་དོན་ཁྲོད་དོན་འཁྱོལ་བྱེད་པ་དང་། དར་ཆ་གསལ་སྟོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་དང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་འཁྱོངས་བྱེད་དགོས། ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས་སྲིད་ཇུས་མཐའ་འཁྱོངས། ཐབས་ཇུས་བཀོད་སྒྲིག་གལ་ཆེན། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གྱི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ཀྲུང་དབྱང་གི་བཀོད་པ་ལུང་དུ་འགྲོ་བའི་འགན་ལེན་བྱེད་དགོས། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བར་དམིགས་ནས་འགན་ལེན་དང་ལག་བསྟར་ལ་ལྟ་སྐུལ་དང་འཐུས་ཚང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་བཏང་ནས་བོད་ལྗོངས་ཡུན་རིང་བདེ་འཁོད་ལ་ཤུགས་རྐྱེན་བཟོ་བའི་ཆབ་སྲིད་ཀྱི་མངོན་མེད་རྐྱེན་ངན་གལ་ཆེན་མཐའ་གཅིག་ཏུ་སེལ་དགོས།

གཉིས་ནས་མི་དམངས་ལྟེ་བར་འཛིན་པའི་རྩ་བའི་ཆབ་སྲིད་ཀྱི་ལངས་ཕྱོགས་མཐའ་འཁྱོངས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ནུས་ཤུགས་ཡོད་རྒུས་སྲ་བརྟན་དུ་གཏོང་དགོས། དབུལ་སྐྱོར་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྒྲིག་ཟབ་ཏུ་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་སྐོར་ཞིབ་དག་ཐེར་དང་། དབུལ་སྒྲོལ་ལས་དོན་གྱི་ཕན་འབྲས། དབུལ་སྒྲོལ་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་པོའི་རང་བཞིན། དེ་བཞིན་དབུལ་ཞྭ་འཕུད་རྗེས་ཀྱི“མཚམས་མི་འཇོག་པ་བཞིའི”གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། མང་ཚོགས་ཀྱི་ཉེ་འགྲམ་དུ་ཐོན་པའི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་ལ་ཆད་པ་ནན་པོ་བཅད་ནས་ནག་གཤེད་དང་འབྲེལ་བ་ཡོད་པའི་རུལ་སུངས་དང“རྒྱབ་རྩའི”གྱོད་གཞིར་ཞིབ་བཤེར་ཐག་གཅོད་མཐར་ཕྱིན་བྱེད་པ་དང་། སློབ་གསོ་སྨན་བཅོས་དང་། ཁོར་ཡུག་སྲུང་སྐྱོང་། ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་སོགས་ཀྱི་དམངས་འཚོའི་ཁྱབ་ཁོངས་ལ་དོ་ཁུར་བྱས་ཏེ་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཟོ་བའི་གནད་དོན་ལ་གཅིག་སྡུད་བཅོས་སྒྲིག་གཏིང་ཟབ་བྱེད་དགོས།

གསུམ་ནས་རྒྱུན་མཐུད་དམ་འཛིན་བྱེད་པའི་སེམས་ཤུགས་བརྟན་པོ་དང་དམ་འཛིན་མཐར་ཕྱིན་བྱེད་པའི་ལས་དོན་སྤེལ་ཤུགས་རྒྱུན་འཁྱོངས་བྱས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་གཏོང་བ་དང་། ཏང་ཡོན་འགོ་ཁྲིད་ལས་བྱེད་པ་དང་ལྷག་དོན་དུ“འགོ་ཁྲིད་གཙོ་བོས”ཁ་བཤད་དཔེ་སྟོན་དང་དོ་དམ་ནན་པོ་བྱེད་དགོས་པར་སྐུལ་འདེད་བཏང་ནས་སྙིང་རུས་ལྷོད་མེད་ངང“སྤྱོད་ཚུལ་བཞིའི”གནད་དོན་ཡོ་བསྲང་བཅོས་སྒྲིག་བྱེད་དགོས། རྒྱུན་གཏན་གྱི་ལྟ་སྐུལ་དང་ཆེད་དོན་གྱི་ལྟ་སྐུལ་ཟུང་འབྲེལ་མཐའ་འཁྱོངས་དང་། ཇི་ཙམ་ལས་མཇུག་ཏུ་སླེབས་ཚེ་དེ་ཙམ་གྱིས་དམ་འཛིན་ནན་པོ་བྱེད་པ་དང་སྒྲིག་ཁྲིམས་ལག་བསྟར་དེ་བས་ནན་པོ་བྱས་ནས་མངོན་མེད་ངོ་སྒྱུར་གྱི་གནད་དོན་ཐོན་མ་ཐག་རྡུང་རྡེག་གཏོང་བ་དང་ཐག་གཅོད་ནན་པོ་བྱེད་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཅོས་སྒྲིག་བྱེད་པ“སྤྱོད་ཚུལ་བཞི”ལ་ངོ་རྒོལ་བྱེད་པའི་ཡུན་རིང་གི་ལས་འགན་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་རང་སྐྱོང་ལྗོངས་རིམ་པའི་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་ནས་དམ་འཛིན་དང་བཅོས་སྒྲིག་བྱས་ཏེ་འགོ་ཁྲིད་ལས་ཁུངས་དང་། འགོ་ཁྲིད་དང་ལས་བྱེད་པས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པར་སྐུལ་འདེད་གཏོང་དགོས། སྤྱོད་ཚུལ་ལེགས་བཅོས་ཀྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཏང་ཡོན་ལས་བྱེད་པས་སྒྲིག་ཁྲིམས་སྒྲིག་ལམ་བཞིན་ལས་དོན་སྒྲུབ་པ་དང་གྲོན་ཆུང་བསྲི་ཚགས་ངང་དོན་དག་སྒྲུབ་པར་སྐུལ་འདེད་གཏོང་དགོས།

བཞི་ནས་ཆེད་དོན་འགན་འཁྲིའི་ལྟ་སྐུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་དབང་ཆ་ཡང་དག་སྤྱོད་པ་དང་སྤྱོད་གཙང་ངང་སྤྱོད་པའི་འགན་ལེན་བྱེད་དགོས། གནད་སྨིན་གྱི་ལྟ་སྐུལ་ཐད་ཤུགས་བརྒྱབ་ནས་གོང་རིམ་སྒྲིག་ཨུད་ཀྱིས་འོག་རིམ་ཏང་རྩ་འཛུགས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འོག་རིམ་ཏང་ཨུད(ཏང་ཙུའུ)ཚན་ཁག་ཁོངས་མི་དང་ལྷག་དོན་དུ“འགོ་ཁྲིད་གཙོ་བོར”ལྟ་སྐུལ་བྱེད་པར་གཙོ་གནད་ཤུགས་སྣོན་བརྒྱབ་ནས“འགག་རྩ་ཉུང་ཤས”ལ་དམ་པོར་དམིགས་པ་བརྒྱུད། ཏང་ཨུད(ཏང་ཙུའུ)ཀྱིས་ཏང་ནང་ཁུལ་གྱི་ལྟ་སྐུལ་འགན་འཁྲི་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས། ལྟ་སྐུལ་བྱེད་སྟངས་འཚོལ་ཞིབ་དང་ལེགས་སུ་བཏང་ནས་མི་འདེམས་མི་སྤྱོད་ཀྱི་ཆབ་སྲིད་ཁོར་ཡུག་གི་རླུང་ཕྱོགས་སྟོན་རྟགས་འདིར་དམ་པོར་དམིགས་ནས་མི་འདེམས་མི་སྤྱོད་ཀྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་མཐའ་གཅིག་ཏུ་ཡོ་བསྲང་བྱེད་དགོས། དངོས་ཐོག་བདེན་འཚོལ་གྱིས“ཐབས་རྣམ་བཞི”སྤྱོད་པ་དང་། “དབྱེ་བ་འབྱེད་དགོས་པ་གསུམ”དོན་འཁྱོལ་ནན་ཏན་བྱས་ནས་ལྟ་སྐུལ་གྱི་སྒམ་ནན་རང་བཞིན་དང་། མཉམ་སྒྲུབ་རང་བཞིན། ནུས་ལྡན་རང་བཞིན་བཅས་ཆེ་རུ་གཏོང་དགོས།

ལྔ་ནས་གནད་དོན་ཤེས་རྟོགས་དང་དག་ཐེར་དོན་འཁྱོལ་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ཏེ་ཆབ་སྲིད་ཀྱི་སྐོར་གཟིགས་སྐོར་ཞིབ་ཀྱི་ཕན་འབྲས་དངོས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཆབ་སྲིད་ཀྱི་སྐོར་གཟིགས་སྐོར་ཞིབ་མཐའ་འཁྱོངས་བྱས་ཏེ“སྲུང་སྐྱོང་གཉིས”ཀྱི་རྩ་བའི་ལས་འགན་སྒྲུབ་པར་སྐུལ་འདེད་གཏོང་བ་དང་། སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་ཁག་དང“འགག་རྩ་ཉུང་ཤས”ལ་དམ་པོར་དམིགས་ནས་ཆབ་སྲིད་ལྟ་སྐུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། སྐོར་གཟིགས་སྐོར་ཞིབ་གོང་འོག་མཉམ་འགུལ་གྱི་ལས་ཀའི་རྣམ་པ་འཐུས་སྒོ་ཚང་དུ་བཏང་ནས་སྐོར་གཟིགས་དང་སྐོར་ཞིབ་མཉམ་དུ་བཀོད་སྒྲིག་དང་མཉམ་དུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་། གྲོང་ཁྱེར་དང་རྫོང་ཏང་ཨུད་ཀྱི་སྐོར་ཞིབ་ཀྱི་བྱེད་པོའི་འགན་འཁྲི་ནན་དུ་བཏང་སྟེ་སྐོར་གཟིགས་སྐོར་ཞིབ་དང་སྒྲིག་ཁྲིམས་ཀྱི་ལྟ་སྐུལ་དང་། ལྟ་ཞིབ་ཀྱི་ལྟ་སྐུལ། མངགས་སྡོད་ཀྱི་ལྟ་སྐུལ་བཅས་ཀྱི་སྤྱི་འདོམས་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་དགོས། སྐོར་གཟིགས་སྐོར་ཞིབ་ཀྱི་གྲུབ་འབྲས་སྤྱོད་ཤུགས་ཆེ་རུ་བཏང་ནས་ཡོངས་བསྒྲགས་ལམ་སྲོལ་འཐུས་ཚང་དང་བཅོས་སྒྲིག་བྱས་ཏེ་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྐོར་གཟིགས་སྐོར་ཞིབ་དག་ཐེར་དོན་འཁྱོལ་གྱི་ལས་དོན་ལ་རྒྱུན་གཏན་གྱི་ལྟ་སྐུལ་དངོས་འབྲེལ་ཐུབ་པར་བྱེད་དགོས།

དྲུག་ནས་བརྟན་ཐོག་ཡར་བརྩོན་མཐའ་འཁྱོངས་བྱས་ཏེ། སྒྲིག་བཤེར་ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་དགོས། ཏང་ཨུད་ལ་གཞོགས་འདེགས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་རིམ་པ་གཅིག་མཚུངས་དབར་ལྟ་སྐུལ་བྱེད་ཁག་པའི་དཀའ་གནད་ཧུར་ཐག་སེལ་དགོས། བཅའ་སྡོད་དང་མངགས་གཏོང་གི་སྒྲིག་གཞི་སྒྱུར་བཅོས་ཟབ་ཏུ་བཏང་སྟེ“གཙོ་བོར་འཛིན་པ་གསུམ་དང་སྙན་ཞུ་གཅིག”གི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང་། རང་སྐྱོང་ལྗོངས་ཀྱིས་དོ་དམ་བྱེད་པའི་གཞུང་ཁོངས་ཁེ་ལས་དང་། རང་སྐྱོང་ལྗོངས་ཁོངས་གཏོགས་ཀྱི་དངུལ་རྩའི་ཁེ་ལས། རང་སྐྱོང་ལྗོངས་ཁོངས་གཏོགས་ཀྱི་མཐོ་སློབ་བཅས་ཀྱི་སྒྲིག་བཤེར་ལྟ་ཞིབ་ཀྱི་སྒྲིག་གཞི་སྒྱུར་བཅོས་ཕྱོགས་ཡོངས་ནས་ལེགས་གྲུབ་བྱེད་དགོས། སྒྲིག་བཤེར་ལྟ་ཞིབ་ཀྱི་སྒྲིག་གཞི་སྒྱུར་བཅོས་ཟབ་ཏུ་བཏང་སྟེ་ཆུ་ཚད་དེ་བས་མཐོ་བ་དང་དེ་བས་གཏིང་ཟབ་པའི“སྒྱུར་གསུམ”ལ་སྐུལ་འདེད་དང་། གྲོང་ཁྱེར་དང་རྫོང་གི་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལ་འགོ་ཁྲིད་ཚན་ཁག་གི་ལས་འགན་ཁག་བགོས་དང་སྒྲིག་གཞི་གསར་འཛུགས་ཚད་ལྡན་བཟོ་བར་སྐུལ་འདེད་གཏོང་དགོས།

བདུན་ནས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་སྦྲེལ་མཐུད་མཐུན་སྦྱོར་ལ་སྐུལ་འདེད་བཏང་སྟེ་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས། རུལ་སུངས་བྱེད་མི་ཕོད་པའི་ཟིལ་གནོན་རྒྱུན་འཁྱོངས་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་མཚམས་དང་ཚོད་མི་བྱེད་པར་ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་ལག་བསྟར་ལ་འགོག་རྐྱེན་ཚབས་ཆེན་བཟོས་པ་དང་། ཏང་གི་སྲིད་སྐྱོང་རྨང་གཞིར་གནོད་འཚེ་ཚབས་ཆེན་བཟོས་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགལ་རྐྱེན་ལ་གྱུར་པ་བཅས་ཀྱི་རུལ་སུངས་ཀྱི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་ནན་པོ་དང་ཆད་གཅོད་ནན་པོ་བྱེད་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་ལྟ་སྐུལ་ལམ་སྲོལ་སྒྱུར་བཅོས་དང་ལམ་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། ཁྲིམས་སྲོལ་དང་ལམ་ལུགས་ལག་བསྟར་གྱི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ལམ་ལུགས་ཀྱི་རླུང་ཙེ་དེ་བས་ཚགས་དམ་ལ་ནུས་ལྡན་ཡོང་བར་བྱེད་དགོས། སྤྱོད་གཙང་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། བསམ་བློ་ཀུན་སྤྱོད་དང་ཏང་སྒྲིག་རྒྱལ་ཁྲིམས་སློབ་གསོར་ཤུགས་སྣོན། ཉེན་བརྡའི་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་རུལ་སུངས་བྱེད་མི་འདོད་པའི་རང་རྟོགས་ཆེ་རུ་གཏོང་དགོས།

བརྒྱད་ནས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་དགོས། ཆབ་སྲིད་འཛུགས་སྐྱོང་ལ་དམ་འཛིན་མངོན་གསལ་དོད་པོ་བྱེད་པ་དང་། ཏང་ལ་དོ་དམ་དང་ཏང་སྐྱོང་བའི་བྱེད་པོའི་འགན་འཁྲི་སྣེ་ཁྲིད་ནས་དོན་འཁྱོལ་བྱས་ཏེ་རང་ངོས་ཀྱི་དབང་ཆ་སྤྱོད་པའི་ལམ་སྲོལ་དང་དོ་དམ་ལྟ་སྐུལ་ཚོད་འཛིན་གྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ལས་བྱེད་པའི་དཔུང་ཁག་ཆེད་ལས་ཅན་གྱི་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་བྱང་ཚད་དང་ལས་སྒོའི་འཇོན་ཐང་ཆེ་རུ་གཏོང་བ། འཐབ་རྩོད་ཀྱི་བློ་རྩ་བརྟན་དུ་གཏོང་བ་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱེད་དགོས། དོ་དམ་ནན་པོ་དང་ཐུགས་ཁུར་ཟབ་མོ་དོན་འཁྱོལ་གནད་སྨིན་དང་། སྒྲིག་ཁྲིམས་དང་སྤྱོད་ཚུལ་ནན་དུ་གཏོང་བ། ཐར་པར་གཏན་ནས་མི་གཏོང་བའི་རྣམ་འགྱུར་ལ་བརྟེན་ནས་སྒྲིག་འགལ་བ་གཙང་སེལ་བཅས་བྱས་ནས“སྒྲོན་འོག་མུན་པ”རྒྱུན་མཐུད་འགོག་བཅོས་བྱེད་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཨུད་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་གསར་འབྱེད་ཡར་བརྩོན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལེའུ་གསར་པ་རྩོམ་པར་སྐུལ་འདེད་གཏོང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ། དུས་རབས་གསར་པར་བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་བྱས་ཏེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་འབོད་སྐུལ་བྱས་པ་རེད། །

ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།