ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྤེལ〔2015〕ཡིག་ཨང1པ། ལས་ལེའུ་གཉིས་པ།

ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།     སྤེལ་དུས། : 2016-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བཞི། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་གཞི་གཅིག་ཏུ་འགྱུར་བར་སྐུལ་སྤེལ་བཏང་སྟེ། ཞིང་སྡེ་གསར་པ་དང་འབྲོག་ཁུལ་གསར་པ་འཛུགས་སྐྲུན་བྱ་དགོས།

རོང་འབྲོག་ཁུལ་དར་རྒྱས་གོང་འཕེལ་གཏོང་དགོས་ན། སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་པ་དང་འབྲོག་ཁུལ་གསར་པའི་འཛུགས་སྐྲུན་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་སྤེལ་གཏོང་དགོས། འཆར་འགོད་ཀྱི་སྣེ་ཁྲིད་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། རོང་འབྲོག་ཁུལ་གྱི་རྨང་གཞི་སྒྲིག་བཀོད་ཀྱི་ཆུ་ཚད་མཐོར་རུ་འདེགས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དུ་སྐུལ་སྤེལ་བཏང་སྟེ། བདེ་འཁོད་ལས་བརྩོན་གྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱ་དགོས།

19.རོང་འབྲོག་ཁུལ་གྱི་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏོང་དགོས། 

འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་མ་ཡུར་དང་མ་ཡུར་བྱང་མའི་བཟོ་འགོད་སྐབས་དང་པོ། ཕ་བོང་འགག་ཆུ་མཛོད། རྨ་ཆུ་ཆུ་འགྲམ་གྱི་ཆུ་བེད་ཕྱོགས་བསྡུས་གསར་སྤེལ་སོགས་ཆུ་བེད་བཟོ་འགོད་གལ་ཆེན་སྐོར་ཞིག་ཁྱོན་ཡོངས་ནས་འཛུགས་སྐྲུན་ཐུབ་པར་བྱ་དགོས། འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་མ་ཡུར་ནུབ་མ་དང་བྱང་མའི་བཟོ་འགོད་སྐབས་གཉིས་པ། ཞོས་ཅིས་འགག་ཆུ་བེད་ལྟེ་གནས། རྨ་ཆུ་ཆུ་གཞུང་གི་ཆུ་ལོག་འགོག་པ་སོགས་བཟོ་འགོད་གལ་ཆེན་གྱི་འཛུགས་སྐྲུན་བྱེད་མགོ་བརྩམ་དགོས། ཚྭ་འདམ་ཆུའི་ཐོན་ཁུངས་བཀོད་སྒྲིག་དང་ཙོང་ཆུ་ལྷོ་འགྲམ་གྱི་ཆུ་བེད་དབུལ་སྐྱོར། གྲམ་ཐང་གསུམ་གྱི་ཆུ་འདྲེན་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཆུ་བེད་བཟོ་འགོད་གལ་ཆེན་མ་བསྐྲུན་སྔོན་གྱི་བྱ་བ་བཟང་སྒྲུབ་བྱ་དགོས། འཆར་གཞི་ནང་གི་ཆུ་འདྲེན་ཁུལ་ཆེ་འབྲིང་གྲས་ཀྱི་སྒྱུར་བཀོད་དང་ཞིང་ལས་ཆུང་བའི་ཆུ་བེད་གཙོ་གནད་རྫོང་གི་འཛུགས་སྐྲུན་སོགས་ཀྱི་ལས་འགན་འགྲུབ་ཐུབ་པ་དང་། ས་ཞིང་གསལ་སྤེར་ལེགས་སྒྲིག་དང་ཚད་གཞི་མཐོ་བའི་ཞིང་ཁའི་འཛུགས་སྐྲུན་མགྱོགས་མྱུར་གྱིས་སྐུལ་སྤེལ་གཏོང་བ། འདེབས་ཞིང་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་བཏང་སྟེ། རྨ་ཆུ་གཞོང་སའི་ས་ཞིང་མུའུ་ཁྲི་བརྒྱ་ལེགས་སྒྲིག་དང་གསར་སྤེལ་བྱེད་པའི་དུས་རིམ་དང་པོའི་དམིགས་འབེན་དང་ལས་འགན་འགྲུབ་པར་བྱེད་པ་དང་། ཙོང་ཆུ་འབབ་རྒྱུད་ཀྱི་ས་ཞིང་མུའུ་ཁྲི་བརྒྱ་ལེགས་སྒྲིག་དང་གསར་སྤེལ་བྱེད་པའི་ལས་གཞི་འགོ་རྩོམ་ཐུབ་པར་བརྩོན་ལེན་བྱ་དགོས། "ལྔའི་བཅུ་གཉིས་པའི"འཆར་འགོད་ནང་གི་རོང་འབྲོག་པའི་བཏུང་ཆུ་བདེ་འཇགས་ཀྱི་གནད་དོན་ཁྱོན་ཡོངས་ནས་ཐག་གཅོད་བྱ་དགོས། རོང་འབྲོག་ཁུལ་གྱི་གློག་དྲ་སྒྱུར་བཀོད་རིམ་སྤར་གྱི་བཟོ་འགོད་མུ་མཐུད་དུ་ལག་ལེན་བསྟར་བ་དང་། ཡུལ་བབ་དང་བསྟུན་ནས་གློག་དྲ་རྒྱང་བསྲིང་དང་འོད་ཝོལ་དང་རླུང་གློག ཆུ་གློག་ཆུང་བ་སོགས་ཀྱིས་གློག་འདོན་སྤྲོད་བྱེད་སྟངས་སྤྱད་དེ། གློག་མེད་པའི་མི་གྲངས་ཀྱི་གློག་བཀོལ་པའི་གནད་དོན་ཐག་གཅོད་བྱ་དགོས། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་གཞུང་ལམ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། རོང་འབྲོག་ཁུལ་གྱི་གཞུང་ལམ་བདག་སྐྱོང་དོ་དམ་ཐད་ཀྱི་མ་དངུལ་གཏོང་འཇོག་དང་རྐྱེན་སྲོལ་གསར་སྐྲུན་ཤུགས་དྲག་ཏུ་བཏང་སྟེ། ཞིང་སྡེའི་འགྲུལ་སྐྱེལ་དང་ཞིང་སྡེའི་སློབ་གྲྭའི་རླངས་འཁོར་བདེ་འཇགས་དོ་དམ་ལ་དངོས་གནས་ཤུགས་སྣོན་དགོས། ཞིང་སྡེའི་རྫབ་རླངས་འཛུགས་སྐྲུན་དང་དོ་དམ་གྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། ཞིང་སྡེའི་རྒྱང་སྒྲོག་བརྙན་འཕྲིན་ཁྱིམ་ཚང་ཀུན་ཏུ་ཐོན་ཐུབ་པ་དང་གློག་བརྙན་དང་འཕྲིན་སྐྱེལ་སྡེ་བ་ཀུན་ཏུ་ཐོན་ཐུབ་པར་བྱེད་པའི་བཟོ་འགོད་གཏིང་ཟབ་ཏུ་སྐུལ་སྤེལ་གཏོང་བ་དང་། ཞིང་སྡེའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་གཤོང་ཆེའི་དྲ་རྒྱ་ཁྱབ་ཚད་ཇེ་མགྱོགས་སུ་བཏང་སྟེ། སྲིད་འཛིན་སྡེ་བར་གཞི་རྩའི་ཐོག་ནས་དྲ་རྒྱ་གཏོང་ཐུབ་པ་དང་། ཆ་འཕྲིན་སྡེ་བ་དང་ཁྱིམ་ཚང་དུ་ཐོན་ཐུབ་པར་སྐུལ་སྤེལ་གཏོང་དགོས།

20.རོང་འབྲོག་ཁུལ་གྱི་སྤྱི་པའི་ཞབས་ཕྱི་ཆུ་ཚད་མཐོ་རུ་གཏོང་དགོས། 

འོས་འགན་སློབ་གསོ་ཆ་སྙོམས་པོར་འཕེལ་རྒྱས་གཏོང་བ་གཙོ་གནད་བྱས་ཏེ། སློབ་གསོའི་རིགས་སྣ་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་གཅིག་གྱུར་གྱིས་འཆར་འགོད་བྱ་དགོས། སློབ་གསོའི་གྲོན་དངུལ་འགན་སྲུང་གི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། དབུལ་ཕོངས་ས་ཁུལ་གྱི་འོས་འགན་སློབ་གསོ་ཉམས་ཞན་ཡིན་པའི་སློབ་གྲྭའི་གཞི་རྩའི་སློབ་འཛུགས་ཆ་རྐྱེན་གྱི་ལས་གཞི་ལག་ལེན་བསྟར་བ་དང་། སློབ་སྔོན་སློབ་གསོའི་སྐབས་གཉིས་པའི་ལོ་གསུམ་བྱེད་སྒོའི་འཆར་གཞི་རྒྱུན་མི་ཆད་པར་སྐུལ་སྤེལ་བཏང་སྟེ། ཞང་དང་སྡེ་བ་རིམ་པ་གཉིས་ཀྱི་གཞུང་དོན་ཁང་དང་ཡོངས་ཁྱབ་ཏུ་ཕན་པའི་རང་བཞིན་ལྡན་པའི་དམངས་སྒྲུབ་བྱིས་པ་ཁང་གི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་དགོས། དེང་རབས་ཀྱི་ལས་རིགས་སློབ་གསོ་སྐུལ་སྤེལ་བཏང་སྟེ། དབུས་ནུབ་ཕྱོགས་གཉིས་ཀྱི་མཐོ་རིམ་སློབ་གསོ་དར་སྤེལ་གཏོང་བའི་བྱེད་སྒོ་འཆར་གཞི་དངོས་འབེབ་བྱ་དགོས། ལས་རིགས་ལག་རྩལ་གསོ་སྦྱོང་ཁྱོན་ཡོངས་སུ་ཁྱབ་པ་སྐུལ་སྤེལ་བཏང་སྟེ། རོང་འབྲོག་པའི་ལས་རིགས་སློབ་གསོ་ཧུར་ཐག་གིས་འཕེལ་རྒྱས་གཏོང་དགོས། གྲོང་གསེབ་ཀྱི་དགེ་རྒན་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། གཅིག་བསྡུས་མུ་འབྲེལ་གྱི་དབུལ་ཕོངས་ས་ཁུལ་གྱི་གྲོང་གསེབ་དགེ་རྒན་གྱི་འཚོ་བའི་ཁ་གསབ་སྲིད་ཇུས་དངོས་འབེབ་བྱེད་པ་མ་ཟད། ལོ་རེར་བཞིན་ཁ་གསབ་ཚད་གཞི་མཐོར་འདེགས་གཏོང་དགོས། ཞིང་སྡེའི་ལུགས་གསར་མཉམ་ལས་སྨན་བཅོས་རྒྱུན་མཐུད་ངང་མ་དངུལ་གྲབས་གསོག་གི་རྐྱེན་སྲོལ་འཛུགས་པའི་ཆབས་ཅིག་ཏུ། མི་རེའི་ཆ་སྙོམས་ནོར་སྲིད་ཀྱི་གྲོན་དངུལ་ཁ་གསབ་དང་མི་སྒེར་གྱིས་འཇལ་བའི་གྲོན་དངུལ་གྱི་ཚད་གཞི་མཐོར་འདེགས་གཏོང་དགོས་ལ། རྩིས་ཞུ་དངོས་ཀྱི་ཆུ་ཚད་ཀྱང་སྔར་ལས་ལྷག་པར་མཐོར་འདེགས་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་གཞི་པའི་ནད་རིགས་ལྕི་གྲས་ཉེན་འགོག་ཡོངས་ཁྱབ་ཏུ་སྤེལ་བ་དང་། རོང་འབྲོག་ཁུལ་གྱི་གཞི་རིམ་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེའི་མ་ལག་དང་གྲོང་གསེབ་སྨན་པའི་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། གཞི་རྩའི་སྨན་བཅོས་དང་སྤྱི་པའི་འཕྲོད་བསྟེན། འཆར་ལྡན་བུ་སྐྱེ་བཅས་ཀྱི་ཞབས་ཕྱི་ནུས་པ་ཆེ་རུ་གཏོང་དགོས། རིག་གནས་དམངས་ཕན་གྱི་ལས་གཞི་གལ་ཆེན་གྱི"ཞིང་གསུམ"ལ་ཞབས་ཞུ་སྒྲུབ་པའི་ནང་དོན་རྒྱས་གཏོད་བྱས་ཏེ། རིག་གནས་སྡེ་བར་ཐོན་པར་བྱེད་པའི་བཟོ་འགོད་མུ་མཐུད་དུ་ལག་ལེན་བྱ་དགོས། རོང་འབྲོག་ཁུལ་གྱི་མ་མཐའི་འཚོ་བ་འགན་སྲུང་ལམ་ལུགས་ཚད་ལྡན་དུ་དོ་དམ་བྱེད་པར་ཤུགས་བསྣན་ཏེ། གནས་སྐབས་རོགས་སྐྱོབ་ཀྱི་ལམ་ལུགས་ཁྱོན་ཡོངས་སུ་འཛུགས་པ་དང་། རོང་འབྲོག་ཁུལ་གྱི་སྤྱི་ཚོགས་རོགས་སྐྱོབ་བྱ་བ་ལེགས་བཅོས་བྱ་དགོས། གྲོང་ཁྱེར་དང་གྲོང་གསེབ་གཞི་པའི་གཞི་རྩའི་རྒན་གསོ་ཉེན་འགོག་གཅིག་གྱུར་ཡིན་པའི་ལམ་ལུགས་དངོས་འབེབ་བྱ་དགོས། ད་ཡོད་ཀྱི་སྒྲིག་ཆས་དང་ཐང་ས། ཐོན་ཁུངས་བཅས་སྡེབ་སྒྲིག་དང་བེད་སྤྱོད་བྱས་ཏེ། རོང་འབྲོག་ཁུལ་གཞི་རིམ་གྱི་ཕྱོགས་བསྡུས་སྤྱི་པའི་ཞབས་ཕྱིའི་ལས་སྟེགས་གསར་དུ་བསྐྲུན་དགོས།

21.རོང་འབྲོག་ཁུལ་གྱི་གཞིས་ཆགས་ཁོར་ཡུག་གི་སྒྲིག་བཅོས་ཁྱོན་ཡོངས་ནས་སྐུལ་སྤེལ་གཏོང་དགོས། 

རྫོང་མངའ་ཁོངས་ཀྱི་སྡེ་གྲོང་མ་ལག་དང་གྲོང་སྡེའི་འཆར་འགོད་འཐུས་ཚང་དུ་བཏང་སྟེ། འཆར་འགོད་ཀྱི་ཚན་རིག་རང་བཞིན་དང་ཚོད་འཛིན་ནུས་ཤུགས་ཇེ་དྲག་ཏུ་གཏོང་དགོས། ཞིང་སྡེའི་ཉེན་ཁ་ཆེ་བའི་ཁང་པ་སྒྱུར་བཀོད་དང་བྱ་དགའི་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་བཏང་སྟེ། རོང་འབྲོག་པའི་སྡོད་ཁང་ཆ་རྐྱེན་ལེགས་བཅོས་བྱ་དགོས། རོང་འབྲོག་ཁུལ་གྱི་སྤྱི་པའི་ཞབས་ཕྱི་སྒྲིག་ཆས་ཆ་ཚང་སྡེབ་སྒྲིག་ལེགས་པོར་བྱས་ཏེ། རི་ཆུ་ཞིང་ནགས་ལམ་ལྔ་ཡི་ཕྱོགས་བསྡུས་བཅོས་སྐྱོང་སྐུལ་སྤེལ་གཏོང་དགོས། རོང་འབྲོག་ཁུལ་གྱི་ཁོར་ཡུག་གཅིག་བསྡུས་དང་ཡུག་གཅིག་ཏུ་སྒྲིག་བཅོས་བྱེད་པར་མུ་མཐུད་དུ་རྒྱབ་སྐྱོར་བྱེད་པ་དང་། རོང་འབྲོག་ཁུལ་གྱི་འབབ་ཆུ་ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། རོང་འབྲོག་ཁུལ་གྱི་འཚོ་བའི་གད་སྙིགས་ཆེད་དམིགས་བཅོས་སྐྱོང་བྱེད་པའི་བྱེད་སྒོ་སྤེལ་བ། རོང་འབྲོག་ཁུལ་གྱི་གད་སྙིགས་དང་བཙོག་ཆུ་གཙང་བཟོ་བྱེད་ཤུགས་ཇེ་ཆེར་བཏང་སྟེ། གྲོང་སྡེའི་གཙང་སྦྲའི་གནས་ཚུལ་ལེགས་བཅོས་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས། རོང་འབྲོག་ཁུལ་བཟོ་ལས་ཀྱི"སྙིགས་རོ་གསུམ"གཏོང་འབུད་དང་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་སྤུང་བར་ལྟ་སྐུལ་དོ་དམ་དང་བཅོས་སྐྱོང་བྱེད་པར་ཤུགས་སྣོན་དགོས། སྡེ་བ་རིམ་པའི་སྤྱི་ཕན་བྱ་བཞག་ལ་དོན་དག་རེར་གྲོས་མོལ་རེ་བྱེད་པའི་ནོར་སྲིད་ཀྱི་བྱ་དགའི་ཁ་གསབ་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། རོང་འབྲོག་ཁུལ་གྱི་སྤྱི་པའི་ཞབས་ཕྱི་འཁོར་སྐྱོད་སྲུང་སྐྱོང་གི་རྐྱེན་སྲོལ་ཚོད་ལྟ་བྱེད་ཁོངས་རྒྱ་བསྐྱེད་དེ། སྡེ་བའི་ནང་གི་སྤྱི་ཕན་བྱ་བཞག་འཛུགས་སྐྲུན་དང་བདག་སྐྱོང་བྱེད་པར་གཙོ་གནད་དུ་བཟུང་ནས་རྒྱབ་སྐྱོར་བྱ་དགོས། སྲོལ་རྒྱུན་ལྡན་པའི་སྡེ་བའི་མིང་གྲགས་དཀར་ཆག་འཛུགས་པ་དང་། སྲོལ་རྒྱུན་ལྡན་པའི་མི་སེར་ཁང་པར་བརྟག་དཔྱད་ཞིབ་འཇུག་བྱེད་པ། སྲོལ་རྒྱུན་ལྡན་པའི་སྡེ་བ་དང་སྲོལ་རྒྱུན་ལྡན་པའི་མི་སེར་ཁང་པར་སྲུང་སྐྱོང་བྱེད་པའི་འཆར་འགོད་དངོས་འབེབ་བྱས་ཏེ། གནའ་བོའི་སྡེ་བ་དང་རོང་འབྲོག་ཁུལ་གྱི་སྲོལ་རྒྱུན་ལྡན་པའི་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བར་ཤུགས་སྣོན་དགོས། "མཛེས་སྡུག་ལྡན་པའི་གྲོང་གསེབ"300འཛུགས་སྐྲུན་བྱ་དགོས།

22.རོང་འབྲོག་ཁུལ་གྱི་འཛུགས་སྐྲུན་ཐད་སྤྱི་ཚོགས་མ་རྩ་འཇོག་པར་ཁྲིད་སྟོན་དང་སྐུལ་བསྟོད་བྱ་དགོས།

 རོང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་རོང་འབྲོག་ཁུལ་གྱི་བྱ་བཞག་སྣ་ཚོགས་གསར་གཏོད་བྱེད་ཁྲོད་སྤྱི་ཚོགས་ཀྱིས་མ་རྩ་འཇོག་པར་སྐུལ་བསྟོད་བྱ་དགོས། སྲིད་གཞུང་གིས་གཙོ་ཁྲིད་དང་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པའི་རོང་འབྲོག་ཁུལ་གྱི་སྤྱི་ཕན་རང་བཞིན་གྱི་བཟོ་འགོད་དང་ལས་གཞིའི་སྐོར་ལ། སྲིད་གཞུང་གིས་ཞབས་ཕྱི་ཉོ་སྒྲུབ་བྱེད་པ་དང་སྲིད་གཞུང་དང་སྤྱི་ཚོགས་མ་རྩ་མཉམ་ལས་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཁེ་ལས་དང་སྤྱི་ཚོགས་རྩ་འཛུགས་དེ་འཛུགས་སྐྲུན་དང་བདག་སྐྱོང་། ལས་གཉེར་བཅས་ནང་དུ་ཞུགས་པར་ཁྲིད་སྟོན་བྱ་དགོས། ཚོང་ལས་ཅན་དུ་ལས་གཉེར་བྱེད་པའི་རོང་འབྲོག་ཁུལ་གྱི་ཞབས་ཕྱི་ལས་རིགས་ལ་མཚོན་ན། སྤྱི་ཚོགས་མ་རྩར་སྒོ་ཀུན་ནས་སྒོ་འབྱེད་དགོས། རྨང་གཞིའི་སྒྲིག་བཀོད་དང་སྤྱི་ཚོགས་བྱ་བཞག་སོགས་ཁྱབ་ཁོངས་སུ་མ་རྩ་འཇོག་པའི་ལས་གཉེར་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། སྤྱི་ལ་དབང་བ་མིན་པའི་མ་རྩ་སྐོར་ཞིག་གཅིག་བསྡུས་ཀྱིས་ཕྱིར་འཐེན་ཐབས་བྱས་ནས་དཔེ་སྟོན་གྱི་ལས་གཞིའི་ནང་འཇོག་ཐུབ་པར་སྐུལ་བསྟོད་བྱེད་པ་མ་ཟད། སྤྱི་ཚོགས་མ་རྩའང་དེར་ཞུགས་པར་སྐུལ་བསྟོད་བྱ་དགོས། ཞང་གྲོང་སྲིད་གཞུང་གི་འགན་ནུས་གཞན་སྤོ་བྱེད་པའི་དཀར་ཆག་འཛུགས་པར་འཚོལ་ཞིབ་བྱས་ཏེ། སྤྱི་ཚོགས་གསར་གཏོད་དང་མཐུན་པའི་སྤྱི་པའི་ཞབས་ཕྱི་དེ་སྤྱི་ཚོགས་རྩ་འཛུགས་ལ་སྤྲད་ནས་འགན་ཁུར་དུ་འཇུག་དགོས།

23.རོང་འབྲོག་ཁུལ་གྱི་ཀུན་སྤྱོད་སྤེལ་སྐྱོང་ལ་ཤུགས་སྣོན་དགོས། 

སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བྱེད་པར་དམིགས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་དང་ཀྲུང་གོའི་ཕུགས་འདུན་གྱི་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་ཏུ་སྤེལ་དགོས། དུས་བབ་ཀྱི་སྲིད་ཇུས་དྲིལ་སྒྲོག་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་ཁྱབ་གདལ། གནོད་མེད་ཀྱི་འཚོ་བའི་ལྟ་བ་སོགས་ཀྱི་སློབ་གསོ་རྒྱ་ཆེར་སྤེལ་ཏེ། རོང་འབྲོག་པའི་ཕྱོགས་བསྡུས་བྱང་ཚད་མཐོར་འདེགས་གཏོང་བ་དང་། རོང་འབྲོག་ཁུལ་གྱི་སྤྱི་ཚོགས་དཔལ་ཡོན་ཆུ་ཚད་མཐོ་རུ་འདེགས་དགོས། རོང་འབྲོག་ཁུལ་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ་དང་། དུས་བསྟུན་ལྷན་སྐྱོད་ཀྱི་སྒོ་ནས་ཡུལ་སྲོལ་དམངས་ཆིངས་འཐུས་ཚང་དུ་བཏང་སྟེ། ཡར་ཐོན་དང་དགེ་སྨོན། མཛེས་ཞེན་བཅས་ཀྱི་སྟོབས་ལྡན་དྲང་ནུས་སུ་གོང་བུར་གཅིག་ཏུ་ཆགས་པར་འཇུག་དགོས། སྐྱོན་བྲལ་ཕན་ཡོད་དང་ལྟ་འདོད་ཉན་སྤྲོའི་རིག་གནས་ཞབས་ཕྱི་དར་སྤེལ་གཏོང་དགོས། གྲོང་གསེབ་ཀྱི་འཐུས་ཚབ་ཕུལ་བྱུང་རིག་གནས་གསར་སྐྲུན་བྱེད་པ་དང་། དགེ་སྦྱོར་སྤྱོད་བཟང་དར་སྤེལ་གཏོང་བ། ཕ་ཡུལ་གྱི་བརྩེ་སེམས་དང་ཕ་ཡུལ་གྱི་སྐྱོ་སེམས་གཉིས་སྦྲེལ་ཐག་ལྟ་བུ་བྱས་ཏེ། ཕྱོགས་སོ་སོའི་མི་སྣ་རྣམས་ཀྱིས་ཕ་ཡུལ་གྱི་འཛུགས་སྐྲུན་ཐད་རྒྱབ་སྐྱོར་བྱེད་པར་ཡིད་འགུགས་དང་གོང་བུར་གཅིག་ཏུ་ཆགས་པར་བྱས་ཏེ། གྲོང་གསེབ་ཀྱི་དཔལ་ཡོན་རྒྱུད་འཛིན་བྱ་དགོས།

24.རོང་འབྲོག་ཁུལ་གྱི་གཞི་རིམ་རྩ་འཛུགས་གྱི་འཛུགས་སྐྲུན་ལ་དངོས་གནས་ཤུགས་སྣོན་དགོས། 

"གཞི་གསུམ"གྱི་འཛུགས་སྐྲུན་ལོ་གཉིས་ཀྱི་ནང་དུ་གྲུབ་འབྲས་མངོན་ཐུབ་པར་བྱེད་པའི་ལས་འགན་གལ་ཆེན་དངོས་འབེབ་བྱས་ཏེ། ཏང་རྩ་འཛུགས་སྲོག་ཤིང་ཡིན་པའི་རོང་འབྲོག་ཁུལ་གྱི་གཞི་རིམ་རྩ་འཛུགས་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། སྟོབས་ཞན་ནུས་མེད་ཀྱི་གཞི་རིམ་ཏང་རྩ་འཛུགས་མུ་མཐུད་དུ་དག་ཐེར་བྱེད་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རོང་འབྲོག་ཁུལ་དུ་ཏང་གིས་འཛིན་པའི་སྲིད་འཛིན་རྨང་གཞི་བརྟན་པོར་འདིང་དགོས། རོང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་སྒྲིག་འཛུགས་དང་བྱ་འགུལ་སྤེལ་སྟངས་གསར་སྐྲུན་དང་འཐུས་ཚང་དུ་གཏོང་བ་དང་། ཞིང་ཕྱུགས་ལས་ཀྱི་ཐོན་ལས་མུ་སྦྲེལ་དང་རོང་འབྲོག་པ་མང་ཚོགས་འདུས་སྡོད་ས་ཁུལ་དུ་ཏང་རྩ་འཛུགས་འཛུགས་པའི་བྱ་བ་སྐུལ་སྤེལ་བྱས་ཏེ། ཏང་གི་རྩ་འཛུགས་དང་བྱ་བར་མངོན་གསལ་ལྡན་པའི་ཕན་ནུས་ཀྱིས་ཁྱབ་པ་རྒྱ་སྐྱེད་དགོས། ཞང་དང་སྡེ་རིམ་པ་གཉིས་ཀྱི་ཏང་རྩ་འཛུགས་ཚན་ཁག་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། སྣེ་ཁྲིད་མི་སྣ་སྔར་ལས་ལྷག་པར་འདེམ་བསྐོ་དང་དོ་དམ། བེད་སྤྱོད་བཅས་བཟང་པོ་བྱས་ཏེ། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཁོངས་མིར་གསོ་སྦྱོང་བྱེད་པར་རྩ་འཛུགས་བྱ་དགོས། རོང་འབྲོག་ཁུལ་གྱི་གཞི་རིམ་ཏང་ནང་གི་ཆབ་སྲིད་འཚོ་བ་གཟབ་ནན་བྱས་ཏེ། ཏང་ཡོན་རྣམས་ལ་དུས་རྒྱུན་སློབ་གསོ་དང་དོ་དམ་བྱེད་པར་ཤུགས་སྣོན་དགོས། ཏང་གི་ལུགས་སྲོལ་དང་ཏང་གི་སྒྲིག་ཁྲིམས་དང་འགལ་བའི་བྱ་སྤྱོད་ལ་ཐག་གཅོད་ནན་མོ་བྱས་ཏེ། རོང་འབྲོག་པའི་ཉེ་འགྲམ་དུ་བྱུང་བའི་ཚུལ་མིན་གྱི་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ལ་རྦད་ཆོད་ཀྱིས་ཞིབ་གཅོད་བྱ་དགོས། རོང་འབྲོག་ཁུལ་གྱི་གཞི་རིམ་ཞབས་ཕྱི་ཅན་གྱི་ཏང་རྩ་འཛུགས་ཀྱི་འཛུགས་སྐྲུན་འཆང་བཟུང་བྱས་ཏེ། རྫོང་དང་ཞང་། སྡེ་བ་རིམ་པ་གསུམ་གྱི་དམངས་ལ་སྟབས་བདེ་བཟོ་བའི་ཞབས་ཕྱི་དྲ་རྒྱའི་འཛུགས་སྐྲུན་ཤུགས་དྲག་ཏུ་གཏོང་དགོས། ཏང་འཛུགས་སྐྲུན་བྱ་བའི་འགན་ཁུར་ལམ་ལུགས་ནན་ཏན་གྱིས་དངོས་འབེབ་བྱས་ཏེ། གྲོང་ཁྱེར་དང་རྫོང་། ཞང་བཅས་ཀྱི་ཏང་ཨུ་ཧྲུའུ་ཅི་ཡིས་གཞི་རིམ་ཏང་འཛུགས་སྐྲུན་བྱ་བ་འཛིན་པའི་ལས་འགན་སྒྲུབ་ཚུལ་དཔྱད་མོལ་དང་དཔྱད་ཞིབ་བྱེད་པ་ཁྱོན་ཡོངས་ནས་སྤེལ་དགོས།

ལྔ། རོང་འབྲོག་ཁུལ་གྱི་བཅོས་སྒྱུར་གསར་སྐྲུན་སྐུལ་སྤེལ་བཏང་སྟེ། རོང་འབྲོག་ཁུལ་འཕེལ་རྒྱས་ཀྱི་གསོན་ཤུགས་ཇེ་དྲག་ཏུ་གཏོང་དགོས།

བཅོས་སྒྱུར་གསར་སྐྲུན་ནི་འཕེལ་རྒྱས་ཀྱི་རྩ་བའི་སྒུལ་ཤུགས་ཡིན། རོང་འབྲོག་ཁུལ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་དགོས་ན། ཚོད་ལྟའི་དཔེ་སྟོན་ལེགས་འཛིན་བྱེད་པ་དང་། གཏིང་ཟབ་ཏུ་སྤེལ་བ་རྒྱུན་མི་ཆད་པར་སྤྱི་བསྡོམས་བྱེད་པ། ལྟ་སྐུལ་ཞིབ་བཤེར་དངོས་འབེབ་བྱེད་པར་ཤུགས་སྣོན་པ། བཅོས་སྒྱུར་བྱས་ན་ཡར་ཐོན་ཡོད་པ་དང་བཅོས་སྒྱུར་བྱས་ན་གྲུབ་འབྲས་ཡོད་པ་བཅས་ཁག་ཐེག་བྱས་ཏེ། རོང་འབྲོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གསོན་ཤུགས་སྔར་ལས་ལྷག་པར་སྐུལ་སྤེལ་གཏོང་དགོས།

25.ཞིང་ཕྱུགས་ལས་ཀྱི་ལུགས་གསར་བདག་གཉེར་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས། 

རོང་འབྲོག་ཁུལ་གྱི་གཞི་རྩའི་བདག་གཉེར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། ཁྱིམ་ཚང་གི་བདག་གཉེར་གོ་གནས་གཙོ་བོ་རྒྱུན་འཁྱོངས་བྱེད་པ། ས་ཞིང་དང་རྩྭ་སའི་བདག་གཉེར་དབང་ཆ་ཚད་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་འཁོར་རྒྱུག་བྱེད་པར་སྣེ་ཁྲིད་དེ། ས་ཞིང་དང་རྩྭ་ས་འཁོར་རྒྱུག་དང་གཞི་ཁྱོན་ཚད་རན་པོས་བདག་གཉེར་བྱེད་སྟངས་གསར་སྐྲུན་བྱ་དགོས། གསར་བྱུང་གི་བདག་གཉེར་མཁན་གཙོ་བོ་ཧུར་ཐག་གིས་གསོ་སྐྱོང་བྱས་ཏེ། ས་ཞིང་དང་རྩྭ་ས་གཙོ་བོ་འདེབས་གསོ་བྱེད་པའི་དུད་ཆེན་དང་ཁྱིམ་ཚང་གི་ཞིང་ཕྱུགས་ར། རོང་འབྲོག་པའི་མཉམ་ལས་ཁང་བཅས་སུ་གཅིག་འདུས་བྱེད་པར་རོགས་སྐྱོར་དང་སྣེ་ཁྲིད་བྱས་ཏེ། གཞི་ཁྱོན་ཚད་རན་པོས་བདག་གཉེར་བྱེད་སྟངས་སྐུལ་སྤེལ་གཏོང་བ་དང་། འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་འདེགས་དགོས། ལས་རིགས་གསར་རྐྱང་གི་རོང་འབྲོག་པ་གསོ་སྦྱོང་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས། རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་ཞབས་ཕྱི་སྒྲུབ་ཁོངས་རྒྱ་བསྐྱེད་པར་སྣེ་ཁྲིད་པ་དང་། ཚད་ལྡན་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱས་ཏེ། དཔེ་སྟོན་གསར་འཛུགས་ཀྱི་བྱ་སྤྱོད་གཏིང་ཟབ་ཏུ་སྐུལ་སྤེལ་གཏོང་དགོས། ཞིང་ཕྱུགས་ལས་ཐོན་ལས་ཅན་དཔེ་སྟོན་རྟེན་གཞིའི་འཛུགས་སྐྲུན་དང་སྣེ་ཁྲིད་ཁེ་ལས་རིགས་སྒྱུར་རིམ་སྤར་བྱེད་པར་སྐུལ་སྤེལ་གཏོང་དགོས། རོང་འབྲོག་པས་ས་ཞིང་དང་རྩྭ་སའི་བདག་གཉེར་དབང་ཆ་དེ་མཉམ་ལས་ཁང་དང་སྣེ་ཁྲིད་ཁེ་ལས་སུ་མ་རྐང་འཇོག་པར་ཁྲིད་སྟོན་བྱས་ཏེ། ས་ཞིང་དང་མ་རྐང་མཉམ་ལས་བྱེད་པ་འཕེལ་རྒྱས་གཏོང་དགོས། བཟོ་ཚོང་མ་རྩ་དེས་ཁེ་ལས་ཅན་དུ་བདག་གཉེར་བྱེད་པར་འཕྲོད་པའི་དེང་རབས་འདེབས་གསོ་ལས་རིགས་དང་ཞིང་ཕྱུགས་ལས་ཐོན་རྫས་ལས་སྣོན་འཁོར་རྒྱུག ཞིང་ཕྱུགས་ལས་སྤྱི་ཚོགས་ཅན་དུ་ཞབས་ཕྱི་སྒྲུབ་པ་བཅས་སུ་འཕེལ་རྒྱས་གཏོང་བར་སྐུལ་བསྟོད་བྱ་དགོས།

26.རོང་འབྲོག་ཁུལ་གྱི་ས་ཞིང་ལམ་ལུགས་ཀྱི་བཅོས་སྒྱུར་ཚོད་ལྟ་བརྟན་བརླིང་ངང་སྐུལ་སྤེལ་གཏོང་དགོས། 

ཞིང་སྡེའི་ས་ཞིང་ལམ་ལུགས་ཀྱི་བཅོས་སྒྱུར་གཟབ་ནན་དང་བརྟན་བརླིང་ངང་སྐུལ་འདེད་གཏོང་དགོས། ཞིང་སྡེའི་ས་ཞིང་བསྡུ་ལེན་དང་ཐུན་མོང་བདག་གཉེར་རང་བཞིན་གྱི་འཛུགས་སྐྲུན་ཐད་སྤྱོད་པའི་ས་ཞིང་ཚོང་ཁྲོམ་དུ་འགྲེམ་པ་དང་། ཁང་ས་ལམ་ལུགས་བཅོས་སྒྱུར་གྱི་ཚོད་ལྟ་བཅས་ཁག་བགོས་ནས་ལག་ལེན་བྱ་དགོས། ས་ཞིང་བསྡུ་ལེན་བྱ་ཡུལ་གྱི་ཞིང་པའི་ལུགས་མཐུན་དང་ཚད་ལྡན། རྒྱུ་མང་བཅས་ཀྱི་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། འཆར་འགོད་དང་སྤྱོད་སྒོའི་དོ་དམ་ལམ་ལུགས་དང་མཐུན་པའི་ཞིང་སྡེའི་ཐུན་མོང་བདག་གཉེར་རང་བཞིན་གྱི་འཛུགས་སྐྲུན་ཐད་སྤྱོད་པའི་ས་ཞིང་བཤུག་སྤྲོད་དང་བོགས་མར་གཏོང་ལེན། མ་རྐང་དུ་འཇོག་པ་བཅས་ཀྱི་དབང་ནུས་སྤྲད་དེ། ཚོང་ཁྲོམ་གྱི་ཉོ་ཚོང་སྒྲིག་སྲོལ་དང་ཞབས་ཕྱི་ལྟ་སྐུལ་དོ་དམ་གྱི་རྐྱེན་སྲོལ་འཛུགས་པར་འཚོལ་ཞིབ་བྱ་དགོས། ཞིང་པའི་ཁང་སའི་ཁེ་དབང་ཁྲིམས་ལྟར་འགན་སྲུང་བྱས་ཏེ། ཞིང་པའི་སྡོད་ཁང་ཐད་སྤྱོད་པའི་ས་ཞིང་ཐོབ་སྟངས་བཅོས་སྒྱུར་བྱེད་པ་དང་། ཞིང་པའི་སྡོད་ཁང་འགན་སྲུང་གི་རྐྱེན་སྲོལ་གསར་པ་འཚོལ་ཞིབ་བྱ་དགོས། ཧོང་ཀྲུང་སོགས་རྫོང་དུ་ས་ཞིང་འགན་གཙང་ལེན་གྱི་བདག་གཉེར་དབང་ཆ་གཏན་ཁེལ་བྱས་ནས་རྫོང་ཧྲིལ་བོར་སྐུལ་འདེད་གཏོང་བའི་བྱ་བ་སྤེལ་དགོས། ས་ཞིང་དང་རྩྭ་སའི་འགན་གཙང་ལེན་གྱི་བདག་གཉེར་དབང་ཆ་དེ་ཚད་ལྡན་ངང་འཁོར་རྒྱུག་བྱེད་པའི་ཚོད་ལྟ་བྱ་བ་མུ་མཐུད་དུ་སྤེལ་ཏེ། ཞང་གྲོང་གི་འཁོར་རྒྱུག་ལས་སྟེགས་ཏན་ཏིག་གིས་སྒྲུབ་པ་དང་། ཆེད་བསྐོས་མི་སྣ་དང་ལམ་ལུགས་བྱེད་ཐབས། ཆ་འཕྲིན་འགྲེམ་སྤེལ་བཅས"བཞི་ལྡན་པ"དངོས་གནས་སྒྲུབ་ཐུབ་པར་བྱ་དགོས། ཞིང་སྡེའི་ཐུན་མོང་ཐོན་དབང་ལམ་ལུགས་ཀྱི་བཅོས་སྒྱུར་ཚོད་ལྟའི་བྱ་བ་སྒྲུབ་དགོས། ཞིང་སྡེ་ཐུན་མོང་གི"མ་དངུལ་རིགས་གསུམ"གྱི་ལྟ་སྐུལ་དོ་དམ་དང་ཡོང་འབབ་བགོ་བཤའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། རྫོང་དང་ཞང་གི་ས་ཞིང་འགན་གཙང་ལེན་གྱི་བདག་གཉེར་དབང་ཆ་དང་ནགས་ལས་དབང་ཆ་འཁོར་རྒྱུག་གི་ཞབས་ཕྱི་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཞིང་སྡེའི་ཐོན་དབང་འཁོར་རྒྱུག་གི་ཚོང་ཁྲོམ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་ཁྲིད་སྟོན་བྱ་དགོས།

27.སྐྱེ་ཁམས་བྱ་དགས་ཁ་གསབ་པའི་སྲིད་ཇུས་དང་སྲུང་སྐྱོང་ཕན་འབྲས་ཀྱི་འགན་འཁྲི་སྦྲེལ་མཐུད་བྱེད་པའི་ཚོད་ལྟ་རྒྱ་སྐྱེད་དགོས། 

ཞིང་ཆེན་ཡོངས་ཀྱི་རྩྭ་ཐང་སྐྱེ་ཁམས་བྱ་དགས་ཁ་གསབ་པའི་རྐྱེན་སྲོལ་གྱི་བྱས་རྗེས་དང་ལས་ཆོད་དོ་དམ་བྱ་བའི་མཛུབ་སྟོན་བསམ་འཆར་གཏན་འབེབ་བྱས་ནས་ཕྱིར་བཏོན་ཏེ། མཚོ་ནུབ་དང་མཚོ་ལྷོ། མཚོ་བྱང་ཁུལ་གསུམ་གྱིས་སོ་སོས་རྫོང2རེ་བདམས་ནས་ཁྱབ་སྤེལ་ཚད་རན་ཙམ་བྱེད་པ་དང་། ལྷོ་རྒྱུད་ཁུལ་གསུམ་གྱིས་སོ་སོས་རྫོང1རེ་བདམས་ནས་ཚོད་ལྟ་བྱ་དགོས། སྤྱི་ཕན་ནགས་ཚལ་བདག་སྐྱོང་གི་བྱ་དགས་ཁ་གསབ་པའི་ཚོད་ལྟ་ཁྱོན་ཡོངས་ནས་སྤེལ་བ་དང་། སྐྱེ་ཁམས་བདག་སྐྱོང་པ་དོ་དམ་དང་དཔྱད་ཞིབ་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་བཏང་སྟེ། སྐྱེ་ཁམས་བདག་སྐྱོང་གི་གྲུབ་འབྲས་མཐོ་རུ་འདེགས་དགོས། རྗེས་མཐུད་ཁེ་ལས་ཧུར་ཐག་གིས་འཕེལ་རྒྱས་བཏང་སྟེ། གཞན་སར་གནས་སྤོས་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱ་དགོས། རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་འཛུགས་སྐྲུན་གྱི་ཚོད་ལྟའི་བྱ་བ་སྒྲུབ་དགོས།

28.རོང་འབྲོག་ཁུལ་གྱི་དངུལ་རྩ་སྒྲིག་སྲོལ་གྱི་བཅོས་སྒྱུར་སྐུལ་སྤེལ་གཏོང་དགོས། 

རོང་འབྲོག་ཁུལ་གྱི་དངུལ་རྩ་རྒྱུན་མི་ཆད་པར་གཏིང་ཟབ་ཏུ་སྤེལ་དགོས། ནོར་སྲིད་ཀྱི་ཁྲལ་སྡུད་དང་དངུལ་ལོར་ཡིད་རྟོན་དངུལ་བུན། དངུལ་རྩ་ལྟ་སྐུལ་དོ་དམ་སོགས་ཀྱི་རྒྱབ་སྐྱོར་སྲིད་ཇུས་ཕྱོགས་བསྡུས་ཀྱིས་བེད་སྤྱོད་བྱས་ཏེ། དངུལ་རྩ་ཐོན་ཁུངས་དེ་མུ་མཐུད་དུ"ཞིང་གསུམ་འབྲོག་གསུམ"གྱི་ཕྱོགས་སུ་ཕྱོགས་པ་སྐུལ་སྤེལ་བཏང་སྟེ། ཞིང་ཕྱུགས་ལས་ཀྱི་ཡིད་རྟོན་དངུལ་བུན་གྱི་བསྡོམས་གྲངས་མུ་མཐུད་དུ་ཇེ་མང་དུ་གཏོང་བ་ལས། ཞིང་ལས་དང་འབྲེལ་བའི་དངུལ་བུན་གྱི་བསྡུར་ཚད་ཇེ་དམའ་རུ་གཏོང་རྒྱུ་མིན། ཞིང་ཆེན་རིམ་པའི་དངུལ་རྩ་ཁག་ཁུར་ལས་སྟེགས་དེ་མགོ་འདྲེན་མཁན་བྱས་ཏེ། རྫོང་རིམ་པའི་ཞིང་ཕྱུགས་ལས་ཀྱི་སྲིད་ཇུས་རང་བཞིན་གྱི་ཁག་ཁུར་ལས་སྟེགས་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་བཏང་སྟེ། ས་ཞིང་དང་རྩྭ་སའི་འགན་གཙང་ལེན་གྱི་བདག་གཉེར་དབང་ཆ་དང་ནགས་ལས་དབང་ཆ། ནོར་ལུག་གསོན་པོ་སོགས་གཏའ་མ་བཞག་སྟེ་དངུལ་བུན་སྐྱི་བའི་ཚོད་ལྟ་སྐུལ་སྤེལ་གཏོང་དགོས། ཞིང་ལས་དངུལ་ཁང་གིས"ཞིང་གསུམ་དངུལ་རྩ་དོན་ལས་པུའུ"ཡི་བཅོས་སྒྱུར་ཚོད་ལྟ་སྐུལ་སྤེལ་གཏོང་བར་རྒྱབ་སྐྱོར་བྱ་དགོས། ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་ཆུ་བེད་དང་རོང་འབྲོག་ཁུལ་གྱི་གཞུང་ལམ་སོགས་རོང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་དངུལ་བུན་ཐོག་ནས་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བར་བརྩོན་ལེན་བྱ་དགོས། ཞིང་སྡེའི་ཡིད་རྟོན་དངུལ་བུན་ཁང་གི་མ་རྩའི་ཤུགས་དངོས་དང་བཅོས་སྐྱོང་ཆུ་ཚད་མཐོར་འདེགས་གཏོང་དགོས། སྦྲག་སྲིད་གསོག་འཇོག་དངུལ་ཁང་ལ་སྐུལ་བསྟོད་བྱས་ཏེ་ཞིང་སྡེའི་དངུལ་རྩ་བྱེད་སྒོ་རྒྱས་སྤེལ་བྱ་དགོས། ལུགས་གསར་ཞིང་ལས་མཉམ་ལས་ཀྱི་དངུལ་རྩ་འཕེལ་རྒྱས་གཏོང་བའི་ཕན་ཡོད་ཐབས་ལམ་ཧུར་ཐག་གིས་འཚོལ་ཞིབ་བྱེད་པ་དང་། རོང་འབྲོག་པའི་མཉམ་ལས་ཁང་ནང་ཁུལ་གྱི་མ་དངུལ་རོགས་རེས་བྱེད་པའི་ཚོད་ལྟ་བརྟན་བརླིང་ངང་སྤེལ་ཏེ། ས་གནས་སྲིད་གཞུང་གི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དངོས་འབེབ་བྱ་དགོས། "ཞིང་གསུམ་འབྲོག་གསུམ"གྱི་མ་དངུལ་འདུ་འཁོར་གྱི་ཁག་ཁུར་བྱེད་སྒོ་སྤེལ་བར་སྐུལ་བསྟོད་བྱ་དགོས། དངུལ་ཁང་ལས་རིགས་ཀྱི་དངུལ་རྩ་ལས་ཁུངས་ཀྱིས"ཞིང་གསུམ་འབྲོག་གསུམ"གྱི་ཆེད་སྤྱོད་དངུལ་རྩའི་བུ་ལོན་འགྲེམ་གཏོང་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ཆ་རྐྱེན་དང་མཐུན་ལ་ཞིང་ཕྱུགས་ལས་དང་འབྲེལ་བའི་ཁེ་ལས་ཀྱིས་བུན་འཛིན་འགྲེམ་གཏོང་བྱེད་པར་སྐུལ་བསྟོད་བྱ་དགོས།

29.ཆུ་བེད་དང་ནགས་ལས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་དགོས།

 ཆུའི་དབང་ཆ་ལམ་ལུགས་འཐུས་སྒོ་ཚང་དུ་འཛུགས་པ་དང་། ཆུའི་དབང་ཆ་གཏན་ཁེལ་ཐོ་འགོད་ཀྱི་ཚོད་ལྟ་བྱས་ཏེ། རྣམ་པ་མང་བའི་ཆུའི་དབང་ཆ་འཁོར་རྒྱུག་བྱེད་སྟངས་འཚོལ་ཞིབ་བྱ་དགོས། ཞིང་ལས་ཆུ་རིན་ཕྱོགས་བསྡུས་ཀྱིས་བཅོས་སྒྱུར་བྱེད་པ་སྐུལ་སྤེལ་བཏང་སྟེ། ཞིང་ལ་ཆུ་དྲངས་ཚད་བསྡོམས་གྲངས་ཚོད་འཛིན་དང་བཅད་གྲངས་ལྟར་དོ་དམ་བྱེད་པའི་ལམ་ལུགས་འཛུགས་པ་དང་། ཞིང་ལས་ཐད་ཆུ་བཀོལ་ཚད་འཇལ་བར་ཤུགས་སྣོན་པ། ཞིང་ལས་ཀྱི་ཆུ་རིན་ལུགས་མཐུན་གྱིས་ལེགས་སྒྲིག་བྱས་ཏེ། ཞིབ་ཚགས་ཡང་དག་གི་ཁ་གསབ་རྐྱེན་སྲོལ་འཛུགས་དགོས། ཆུ་བསྲི་དང་ཆུ་མཁོ་སྤྲོད་ཀྱི་ཆུ་བེད་བཟོ་འགོད་འཛུགས་སྐྲུན་གལ་ཆེན་ཐད་ཀྱི་ས་ཞིང་བསྡུ་ལེན་རྒུད་གསབ་དང་འདེབས་ཞིང་བཟུང་སྤྱོད་ཁ་གསབ་ཆ་སྙོམས་པ་དང་ལྕགས་ལམ་སོགས་རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ལས་གཞི་གལ་ཆེན་གྱི་སྲིད་ཇུས་དང་གཅིག་འདྲ་ཡིན་པ་ལག་ལེན་བྱ་དགོས། སྤྱི་ཚོགས་མ་རྩ་དེ་ཆུ་བེད་བཟོ་འགོད་འཛུགས་སྐྲུན་ཐད་འཇོག་པར་སྐུལ་བསྟོད་བྱེད་པའི་མཛུབ་སྟོན་བསམ་འཆར་བཏོན་ཏེ། སྤྱི་ཚོགས་མ་རྩ་ནང་འགུག་བྱས་ཏེ་ཆུ་བེད་བཟོ་འགོད་འཛུགས་སྐྲུན་དང་འཁོར་སྐྱོད་ཚོང་གཉེར་བྱེད་ཁྲོད་དུ་ཞུགས་དགོས། ཞིང་པའི་ཆུ་བཀོལ་མཉམ་ལས་རྩ་འཛུགས་འཕེལ་རྒྱས་གཏོང་བར་སྐུལ་བསྟོད་བྱས་ཏེ། དེ་ཞིང་ཁའི་ཆུ་བེད་བཟོ་འགོད་ཆུང་གྲས་འཛུགས་སྐྲུན་དང་བདག་སྐྱོང་གཙོ་བྱེད་དུ་ཆགས་སུ་འཇུག་དགོས། ཞིང་སྡེའི་ཆུ་བེད་འཛུགས་སྐྲུན་དེ་ཆེད་ལས་ཅན་དུ་བདག་གཉེར་བྱེད་པར་ཧུར་ཐག་གིས་འཕེལ་རྒྱས་གཏོང་དགོས། ཆུའི་ཐོན་ཁུངས་དང་ནགས་ས། རླན་ས་བཅས་ཀྱི་བདག་སྐྱོང་ལམ་ལུགས་ཆེས་ནན་མོ་ཞིག་འཐུས་སྒོ་ཚང་དུ་འཛུགས་དགོས། ཐུན་མོང་གི་ནགས་དབང་ལམ་ལུགས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་དགོས། རྒྱལ་དབང་ནགས་རའི་བཅོས་སྒྱུར་བརྟན་བརླིང་ངང་སྐུལ་སྤེལ་བཏང་སྟེ། སྐྱེ་ཁམས་སྤྱི་ཕན་རྩོལ་ནུས་ཀྱི་དམིགས་ས་གསལ་བོར་བྱས་ཏེ། ནགས་ཚལ་ཐོན་ཁུངས་བདག་སྐྱོང་དང་གསོ་སྐྱོང་བྱེད་པར་ཤུགས་སྣོན་དགོས། ནགས་ལས་ཀྱི་ཁྱད་ཆོས་དང་མཐུན་པའི་མ་དངུལ་འདུ་འཁོར་གྱི་བྱེད་སྒོ་སྣ་མང་ཧུར་ཐག་གིས་འཕེལ་རྒྱས་བཏང་སྟེ། སྤྱི་ཚོགས་མ་རྩ་ནང་འདྲེན་བྱས་ཏེ་ཐཱན་འདུས་ནགས་ཚལ་གྱི་འཛུགས་སྐྲུན་ཐད་དུ་ཞུགས་སུ་འཇུག་དགོས།

30.མཁོ་ཚོང་མཉམ་ལས་ཁང་དང་ས་རྒོད་གསར་སྦོལ་བཅོས་སྒྱུར་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས། 

"རང་ཉིད་སྒྱུར་བཀོད་དང་ཞིང་པར་ཞབས་ཕྱི"བསྒྲུབ་པའི་སྤྱིའི་བླང་བྱ་ལྟར། རྩ་འཛུགས་འཐུས་ཚང་དང་བདག་གཉེར་གསར་སྐྲུན། ཞབས་ཕྱི་ཇེ་ལེགས་བཅས་བྱེད་པར་དམིགས་ཏེ། ཞབས་ཕྱི་གཞི་ཁྱོན་ཅན་དང་འཁོར་རྒྱུག་དེང་རབས་ཅན་གཙོར་བྱས་ཏེ། རྫོང་གཉིས་སུ་སྔོན་ལ་ཚོད་ལྟ་བྱེད་པ་དང་། གཞི་རིམ་བདག་གཉེར་ཞབས་ཕྱི་དྲ་རྒྱ་འཕེལ་རྒྱས་གཏོང་བར་ཤུགས་ཕུད་དེ། དོན་ངོ་མའི་ཐོག་ནས་མཁོ་ཚོང་ཁང་དེ"ཞིང་གསུམ"ལ་ཞབས་ཕྱི་སྒྲུབ་པའི་ཕན་ཡོད་ལས་སྟེགས་སུ་སྒྲུབ་ཐུབ་པ་བྱ་དགོས། ས་རྒོད་གསར་སྦོལ་ལས་རིགས་ཀྱི་མཛུབ་སྟོན་དོ་དམ་སྒྲིག་སྲོལ་དང་། ཁེ་ལས་ཚོང་ཁྲོམ་ཅན་དུ་བདག་གཉེར་བྱེད་པའི་སྒྲིག་སྲོལ། ཞིང་ཕྱུགས་ར་བདག་གཉེར་དོ་དམ་གྱི་སྒྲིག་སྲོལ་བཅས་གསར་སྐྲུན་བྱས་ཏེ། དེང་རབས་ཞིང་ཕྱུགས་ལས་འཛུགས་སྐྲུན་ཁྲོད་ས་རྒོད་གསར་སྦོལ་རྒྱལ་དབང་ཕྱུགས་རའི་དཔེ་སྟོན་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་དགོས།

31.གྲོང་གསེབ་བཅོས་སྐྱོང་གི་རྐྱེན་སྲོལ་གསར་སྐྲུན་དང་འཐུས་ཚང་དུ་གཏོང་དགོས། 

གཞི་རིམ་དམངས་གཙོའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། སྡེ་དམངས་རང་སྐྱོང་གི་རྐྱེན་སྲོལ་འཐུས་ཚང་དང་གསར་སྐྲུན་བྱས་ཏེ། སྤྱི་ཚོགས་རྩ་འཛུགས་གཞན་པའི་ཧུར་ཐག་རྩོལ་ནུས་འདོན་སྤེལ་གང་ལེགས་བྱ་དགོས། སྡེ་བའི"ཨུ་ཡོན་ལྷན་ཁང་གཉིས"ཀྱི་འགན་འཁྲི་དང་སྡེ་དོན་ཐབས་ཇུས་དོ་དམ་གྱི་གོ་རིམ་སྔར་ལས་ལྷག་པར་ཚད་ལྡན་དུ་གཏོང་བ་དང་། སྡེ་དོན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ལམ་ལུགས་ཇུས་འགོད་འཐུས་ཚང་དུ་གཏོང་བ། སྡེ་དམངས་ཀྱིས་སྡེ་དོན་ལ་ལྟ་སྐུལ་ནུས་ལྡན་བྱེད་པ་ལག་བསྟར་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། སྡེ་བའི་ལས་བྱེད་པས་དབང་ཆ་སྤྱོད་པར་ལྟ་སྐུལ་ཚོད་འཛིན་བྱེད་ཤུགས་ཇེ་ཆེར་གཏོང་དགོས། རོང་འབྲོག་ཁུལ་གྱི་སྤྱི་ཚོགས་རྩ་འཛུགས་ཀྱི་གསོན་ཤུགས་སྐུལ་སྤེལ་བཏང་སྟེ། རོང་འབྲོག་ཁུལ་གྱི་ཆེད་ལས་མཐུན་ཚོགས་རིགས་དང་སྤྱི་ཕན་དགེ་སྒྲུབ་རིགས། སྡེ་ཁུལ་ཞབས་ཕྱི་རིགས་སོགས་སྤྱི་ཚོགས་རྩ་འཛུགས་གཙོ་གནད་དུ་བཟུང་ནས་གསོ་སྐྱོང་དང་དམིགས་བཀར་གྱིས་འཕེལ་རྒྱས་གཏོང་དགོས། རོང་འབྲོག་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་དང་སྔོན་འགོག་ཚོད་འཛིན་གྱི་མ་ལག་འཐུས་ཚང་དུ་གཏོང་བ་དང་། འབུར་དུ་ཐོན་པའི་བདེ་འཇགས་གནད་དོན་ལ་ཆེད་དམིགས་ཀྱིས་འཆུན་འདོམས་བྱས་ཏེ། རོང་འབྲོག་ཁུལ་གྱི་སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་ལ་སྲུང་སྐྱོང་བྱ་དགོས། དྲུག རོང་འབྲོག་ཁུལ་གྱི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ཁྲིམས་ལྟར་ཞིང་ཕྱུགས་ལས་བཅོས་སྐྱོང་བྱ་དགོས། རོང་འབྲོག་ཁུལ་གྱི་ཁྲིམས་སྐྱོང་འཛུགས་སྐྲུན་ལྟོས་བཅས་ཀྱིས་ཉམས་ཞན་དང་རྗེས་ལུས་ཡིན་པས། ངེས་པར་དུ་རོང་འབྲོག་ཁུལ་གྱི་ཁྲིམས་སྐྱོང་མ་ལག་མགྱོགས་མྱུར་གྱིས་འཐུས་ཚང་དུ་གཏོང་བ་དང་། ཞིང་ཕྱུགས་ལས་ཀྱི་ཁྲིམས་འཛིན་སྒྲིག་སྲོལ་གསར་དུ་བསྐྲུན་ཏེ། ཁྲིམས་སྐྱོང་གི་འདུ་ཤེས་དང་ཁྲིམས་སྐྱོང་གི་བྱེད་སྟངས་སྤྱད་དེ་རོང་འབྲོག་ཁུལ་གྱི་བྱ་བ་ལེགས་སྒྲུབ་བྱ་དགོས།

32.རོང་འབྲོག་ཁུལ་གྱི་ཁྲིམས་ལུགས་སྲུང་སྐྱོང་གི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། 

འཆུན་འདོམས་གྱི་ནུས་ཤུགས་དེ་བས་ལྡན་པའི་ཁྲིམས་ལུགས་ཁྲིམས་སྲོལ་ཞིབ་འཇུག་དང་གཏན་འབེབ་བྱས་ཏེ། རིམ་པ་སོ་སོའི་སྲིད་གཞུང་གི"ཞིང་གསུམ་འབྲོག་གསུམ"གྱི་དོན་གཅོད་དབང་ཆ་ཚད་ལྡན་ཅན་དང་ཁྲིམས་ལུགས་ཅན་དུ་འགྱུར་རུ་འཇུག་དགོས། ཞིང་ཕྱུགས་ལས་ཐོན་ཁུངས་ཁོར་ཡུག་གི་ཁྲིམས་ལུགས་ཁྲིམས་སྲོལ་འཐུས་ཚང་དུ་བཏང་སྟེ། འདེབས་ཞིང་དང་ཆུའི་ཐོན་ཁུངས། ནགས་ཚལ། རྩྭ་ཐང་། རླན་ས་སོགས་རང་བྱུང་ཐོན་ཁུངས་གསར་སྤེལ་དང་སྲུང་སྐྱོང་བྱེད་པར་ཁྲིམས་ལྟར་སྐུལ་སྤེལ་གཏོང་བ་དང་། སྐྱེ་ཁམས་རྒུད་གསབ་དང་ས་ཞིང་། ཆུ། མཁའ་རླུང་སོགས་ཀྱི་སྦག་བཙོག་འགོག་བཅོས་སྐོར་གྱི་ཁྲིམས་སྲོལ་ལམ་ལུགས་གཏན་འབེབ་དང་འཐུས་ཚང་དུ་གཏོང་དགོས། ཞིང་ཕྱུགས་ལས་ཀྱི་ཤེས་བྱའི་ཐོན་དབང་སྲུང་སྐྱོང་གི་ཁྲིམས་སྲོལ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཞིང་ཕྱུགས་ལས་ཀྱི་ཚོང་ཁྲོམ་ཚད་ལྡན་ངང་འཁོར་སྐྱོད་བྱེད་པའི་ཁྲིམས་སྲོལ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་དགོས། རོང་འབྲོག་ཁུལ་གྱི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཏེ། རིམ་པ་སོ་སོའི་མགོ་ཁྲིད་དང་ཞིང་འབྲེལ་སྡེ་ཁག རོང་འབྲོག་ཁུལ་གྱི་གཞི་རིམ་ལས་བྱེད་པའི་ཁྲིམས་སྐྱོང་འདུ་ཤེས་དང་ཁྲིམས་སྐྱོང་བྱང་ཚད་ཇེ་དྲག་ཏུ་གཏོང་དགོས་ལ། རོང་འབྲོག་པས་ཁྲིམས་ལུགས་སློབ་སྦྱོང་དང་བེད་སྤྱོད་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བར་ཁྲིད་སྟོན་བྱ་དགོས།

33.རོང་འབྲོག་ཁུལ་གྱི་བཅོས་སྒྱུར་དང་འཕེལ་རྒྱས་ཁྲིམས་ལྟར་འགན་སྲུང་བྱ་དགོས། 

རོང་འབྲོག་ཁུལ་གྱི་བཅོས་སྒྱུར་ཐབས་ཇུས་དེ་ཁྲིམས་འཛུགས་དང་འབྲེལ་མཐུད་བྱེད་པར་ཤུགས་སྣོན་དགོས། བཅོས་སྒྱུར་གྱི་བླང་བྱ་དང་མི་མཐུན་པའི་ཁྲིམས་ལུགས་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དུས་ཐོག་ཏུ་དག་བཅོས་དང་བེད་མེད་གཏོང་དགོས། ལག་ལེན་གྱི་ཆ་རྐྱེན་ད་དུང་འཛོམས་མེད་པ་དང་། སྔོན་དུ་ཚོད་ལྟ་བྱ་དགོས་པ་ཞིག་ཡིན་ཕྱིན། ཁྲིམས་བཀོད་ཀྱི་གོ་རིམ་ལྟར་དབང་ཆ་སྤྲོད་དགོས། ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱས་ཏེ་ཞིང་ཕྱུགས་ལས་ཀྱི་ཕྱོགས་བསྡུས་ཁྲིམས་འཛིན་སྐུལ་སྤེལ་གཏོང་དགོས། ཞིང་ཕྱུགས་ལས་ཀྱི་ཁྲིམས་འཛིན་སྒྲིག་སྲོལ་གསར་སྐྲུན་བྱེད་པ་དང་། རྩྭ་ཐང་ལྟ་བཤེར་སོགས་ཞིང་ཕྱུགས་ལས་ཀྱི་སྲིད་འཛིན་ཁྲིམས་བསྟར་ཇེ་དྲག་ཏུ་བཏང་སྟེ། ཁྲིམས་ལྟར་ཞིང་ཕྱུགས་ལས་བཅོས་སྐྱོང་བྱ་བ་མངོན་འགྱུར་བྱ་དགོས། ཞིང་ཕྱུགས་ལས་ཐད་ཀྱི་གཏོང་འཇོག་དངོས་རྫས་ལ་ལྟ་སྐུལ་དང་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་བཏང་སྟེ། ཞིང་སྤྱོད་དངོས་རྫས་རྫུན་མར་རྡུང་རྡེག་དང་ཟས་སྣོད་སྦག་བཙོག་བཅོས་སྐྱོང་སོགས་ཆེད་དམིགས་བཅོས་སྒྲིག་གཏིང་ཟབ་ཏུ་སྤེལ་དགོས། སྲོག་ཆགས་ཀྱི་འགོས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་དང་བཤའ་བའི་བརྒྱུད་རིམ་ཧྲིལ་བོར་དོ་དམ་ཚོད་འཛིན་བྱེད་པར་ཤུགས་བསྣན་ཏེ། ཟས་རིགས་བདེ་འཇགས་ལ་ཤུགས་སྣོན་དགོས། ཞིང་སྡེའི་བཅོས་སྒྱུར་ཚོད་ལྟ་ས་ཁུལ་གྱི་བྱ་བ་སྐུལ་སྤེལ་གཏོང་དགོས། ཞིང་ལས་དང་འབྲེལ་བའི་སྲིད་འཛིན་ཁྲིམས་བསྟར་གྱི་གྲོན་དངུལ་དེ་ནོར་སྲིད་ཀྱིས་འགན་སྲུང་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བཅའ་ཁྲིམས་ཞབས་ཕྱི་ཐོན་ཁུངས་གཅིག་གྱུར་གྱིས་འཆར་འགོད་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཡོངས་སུ་ཁྱབ་པར་བྱེད་པའི་སྤྱི་པའི་བཅའ་ཁྲིམས་ཀྱི་ཞབས་ཕྱི་མ་ལག་འཐུས་ཚང་དུ་བཏང་སྟེ། རོང་འབྲོག་པ་རྣམས་ལ་བཅའ་ཁྲིམས་རོགས་སྐྱོར་བྱེད་པའི་ལམ་ལུགས་དང་ཁྲིམས་འཛིན་རོགས་སྐྱོབ་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་དགོས།རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས"ཞིང་གསུམ་འབྲོག་གསུམ"གྱི་བྱ་བ་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བཞག་སྟེ་མགོ་ཁྲིད་སྟངས་དང་ཁྲིད་ཐབས་གསར་སྐྲུན་བྱེད་པ་དང་། "ཞིང་གསུམ་འབྲོག་གསུམ"གྱི་བྱ་བ་རྩ་འཛུགས་དང་མགོ་ཁྲིད་བྱེད་པར་དུས་རྒྱུན་དུ་ཤུགས་སྣོན་དང་ལེགས་བཅོས་བྱ་དགོས། ཏང་སྲིད་མགོ་ཁྲིད་གཙོ་བོས་སྐུ་དངོས་སུ"ཞིང་གསུམ་འབྲོག་གསུམ"དམ་འཛིན་བྱ་དགོས་པ་དང་། རྫོང་དང་ཞང་རིམ་པ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་བྱ་བའི་གཙོ་གནད་དང་སྟོབས་ཤུགས་གཙོ་བོ་དེ་རོང་འབྲོག་ཁུལ་གྱི་བྱ་བའི་ཐོག་ཏུ་བཞག་སྟེ། ངར་ཤུགས་མི་ལྷོད་པ་དང་ཤུགས་ཚད་མི་ཉམས་པ། སྟོབས་ཤུགས་ཇེ་ཆེར་འགྲོ་བ་བཅས་འགན་སྲུང་བྱ་དགོས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་རང་འགུལ་གྱིས་དུས་བབ་གསར་པ་དང་ལས་འགན་གསར་པ། བླང་བྱ་གསར་པ་བཅས་དང་བསྟུན་ཏེ། ཏང་གི"ཞིང་གསུམ་འབྲོག་གསུམ"གྱི་སྲིད་ཇུས་དང་ཞིང་ཆེན་གྱི་གནས་ཚུལ་དང་ཞིང་པའི་གནས་ཚུལ་རྒྱུས་ལོན་བྱེད་པ་དེ་ངེས་པར་བསླབ་དགོས་པའི་སློབ་ཚན་དུ་བརྩི་བ་དང་། དུས་སྐབས་གསར་པའི"ཞིང་གསུམ་འབྲོག་གསུམ"གྱི་བྱ་བ་ལེགས་སྒྲུབ་བྱེད་པ་དེ་གཞི་རྩའི་ཤེས་བྱར་བརྩིས་ཏེ། "གཞི་གསུམ"འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། སྤྱོད་ཚུལ་དངོས་གནས་བསྒྱུར་པ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ། "ཞིང་གསུམ་འབྲོག་གསུམ"བྱ་བའི་ནུས་པ་དང་ཆུ་ཚད་འབད་པས་མཐོར་འདེགས་གཏོང་དགོས། སྲིད་ཇུས་དྲིལ་སྒྲོག་ལ་ཤུགས་བསྣན་ཏེ་ལས་བྱེད་པ་ཁྲི་ཕྲག་གྲོང་གསེབ་ཏུ་འགྲོ་བའི་བྱ་འགུལ་སེམས་ཞིབ་ཀྱིས་རྩ་འཛུགས་བཟང་པོ་བྱ་དགོས།

རོང་འབྲོག་ཁུལ་གྱི་བཅོས་སྒྱུར་གསར་སྐྲུན་སྐུལ་སྤེལ་གཏོང་བ་དང་། མཐོ་སྒང་གི་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ལ་ལས་འགན་ཡང་ལྗིད་པ་རེད། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། འབྲེལ་ཡོད་སྡེ་ཁག་བཅས་ཀྱིས་རང་འགུལ་སྒོས་རྒྱུན་ལུགས་གསར་པ་དང་བསྟུན་ཏེ། དཀའ་ངལ་གདོང་གིས་བསུས་ནས་མདུན་དུ་སྐྱོད་པ་དང་སྒྲུབ་འགན་ཁུར་ཕོད་པ། སེམས་ཤུགས་གཅིག་སྒྲིལ། ཤུགས་སྐྱེད་ཡར་བརྩོན་བཅས་ཀྱི་སྒོ་ནས"ཞིང་གསུམ་འབྲོག་གསུམ"འཕེལ་རྒྱས་གཏོང་བའི་དཔེ་རིས་གསར་པ་བཀོད་དེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་པར་བྱས་རྗེས་གསར་པ་འཇོག་དགོས།། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།