ཀྲུང་གོ་བོད་ཀྱི་དྲ་བ།

འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་པའི་ཐད་རྨང་གཞི་བརྟན་པོ་བཏིངས་པ། ༢

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2016-05-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

“མིག་སྔར་རིགས་བསྒྱུར་རིམ་སྤར་གྱི་གནད་འགག་གི་དུས་སྐབས་སུ།ནུས་པ་ཡོད་ཚད་བཏོན་ནས་འཕེལ་རྒྱས་ལ་སྐུལ་འདེད་བྱས་ན།འཕེལ་སྟངས་བསྒྱུར་བའི་གོ་སྐབས་དང་སྒེའུ་ཁུང་འཆོར་འགྲོ།”ཁྲིན་ཏུང་ཆི་ཡིས་བལྟས་ན།ཉེ་བའི་ལོ་འགའི་རིང་གི་ཇུས་ཆོད་སྡེ་ཁག་གིས་ཁ་ཕྱོགས་གཏན་ཁེལ་དང་ས་ཁོངས། ཉིང་བསྡུས་སྙོམ་སྒྲིག་བཅས་རྒྱུན་འཁྱོངས་བྱས་ནས།ངར་ཤུགས་མ་བསྐྱེད་པས་འཐབ་ཇུས་ཀྱི་གཏན་ཤུགས་སྲུང་འཛིན་བྱས་པ་རེད།འཐབ་ཇུས་ཀྱི་གཏན་ཤུགས་ནི་བརྟན་བརླིང་གི་སྲིད་ཇུས་བརྒྱུད་ནས་སྤྱི་ཚོགས་ཡོངས་ལ་མཐུད་ཁྲིད་བྱས་པ་རེད།

“ཚོང་རའི་ནང་འཕེལ་འགྲིབ་བྱུང་ནའང་སྲིད་ཇུས་ལྟོས་བཅས་ཀྱིས་བརྟན་འཇགས་ཡིན་པས། ང་ཚོས་སེམས་ཐག་བཅད་ནས་གསར་སྐྲུན་བྱེད་པ་དང་བློ་གཅིག་སེམས་གཅིག་གིས་ཞིབ་འཇུག་གསར་སྤེལ་བྱས་པར།ལོ་འདི་གའི་རིང་ཚོང་རའི་བར་གསེང་ཇེ་ཆེ་ནས་ཇེ་ཆེ་རེད།”ཧྲོང་ཐུང་འཇིབ་སྦུག་ལས་འཛིན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་ལིའུ་ཀྲུང་ཕེན་གྱིས་གསར་འགོད་པར་བཤད་རྒྱུར།འཛམ་གླིང་གི་འཇིབ་སྦུག་གི་སུམ་ཆའི་གཉིས་བདག་གིར་བཟུང་བའི་ཆེད་ཁེའི་ཁེ་ལས་འདིའི་ལོ་སྟོད་ཀྱི་ཁེ་སྤོགས་ནི་ན་ནིང་གི་ལོ་ཧྲིལ་བོ་ལས་བརྒལ་བ་རེད།

འདི་ནི་དཔེ་དབྱིངས་ཪྙིང་བ་ལེགས་སྒྱུར་དང་དཔེ་དབྱིབས་གསར་བ་གསར་སྐྲུན་བྱས་པའི་གནད་འགག་གི་ལོ་ལྔ་ཡིན།བཅོས་བསྒྱུར་བྱེད་འདོད་ཀྱང་བཅོས་བསྒྱུར་མ་བྱས་པ་དང་།ཁྱབ་གདལ་གཏོང་འདོད་ཀྱང་གཏོང་དཀའ་བའི་བཅོས་བསྒྱུར་གྱི་བྱེད་ཐབས་རབས་དང་རིམ་པ་སྔ་གཞུག་ཏུ་བཏོན་པ་རེད།

བཅོས་བསྒྱུར་ནི་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་རབས་ཀྱི་འཕར་རྩ་ལྟ་བུ་དང་།ཀྲུང་ཧྭ་མི་རིགས་བསྟུད་མར་འཕེལ་རྒྱས་འགྲོ་བའི་སྒུལ་ཤུགས་ཀྱི་འབྱུང་ཁུངས་ཡིན་ལ།“བརྟན་བརླིང་ཁྲོད་འཕེལ་རྒྱས་འགྲོ་བའི”བྱེ་བྲག་གི་མཚོན་ཐབས་ཀྱང་ཡིན།

ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས།ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བའི་ཚ་རླབས་འཕྱུར་ཏེ།སྲིད་འཛིན་དང་ནོར་ཁྲལ།དངུལ་རྩ།རིན་གོང་།དངུལ་གཏོང་།རྒྱལ་དབང་ཁེ་ལས།ཚན་རྩལ་སོགས་ཁྱབ་ཁོངས་སོ་སོའི་བཅོས་བསྒྱུར་ཐད་འཕེལ་རིམ་གསར་བ་བྱུང་བ་དང་།མཚོན་རྟགས་རང་བཞིན་དང་གནད་འགག་རང་བཞིན།ཁྲིད་སྟོན་རང་བཞིན་ལྡན་པའི་བཅོས་བསྒྱུར་གྱི་བྱེད་ཐབས་སྔ་གཞུག་ཏུ་བཏོན་པས།ལོ་ངོ་མང་པོའི་རིང་བཅོས་བསྒྱུར་བྱེད་འདོད་ཀྱང་བཅོས་བསྒྱུར་མ་བྱས་པའི་ཁྱབ་ཁོངས་གཙོ་བོ་རུ་འགག་སྒྲོལ་ཆེན་པོ་བྱུང་།

ཧྲང་ཧེ་ཡི་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་བཙུགས་པ་དང་།“རྒྱུད་གཅིག་ལམ་གཅིག”དང་པེ་ཅིན་དང་ཐེན་ཅིན།ཧི་པེ་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བ།འབྲི་ཆུའི་དཔལ་འབྱོར་རྒྱུད་འཛུགས་སྐྲུན་བྱེད་པའི“འཐབ་ཇུས་ཆེན་པོ་གསུམ”ལག་བསྟར་བྱས་ཏེ།གསར་སྐྲུན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་འཐབ་ཇུས་ཤུགས་ཆེན་པོས་ལག་བསྟར་བྱས་ནས།རྩེ་གྲས་ཀྱི་ཇུས་འགོད་རང་བཞིན་ལྡན་པའི་ལམ་ལུགས་དང་འཆར་ཟིན་སྐོར་ཞིག་སྔ་གཞུག་ཏུ་བཏོན་པས།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་ལམ་ལུགས་ཀྱི་སྟེང་ནས་རྒྱབ་སྐྱོར་ཐོབ།

འདི་ནི་རྒྱུན་ཆད་མིད་པར་ཚོང་རའི་གསོན་ཤུགས་ཧུར་པོར་བཏང་བ་དང་ལས་སྐྲུན་གསར་སྐྲུན་རླུང་འཚུབ་དང་སྤྲིན་ལྟར་འཁྲིགས་པའི་ལོ་ལྔ་ཡིན།

སྲིད་གཞུང་གིས་ཐོན་ཁུངས་ལ་ཐད་ཀར་བཀོད་སྒྲིག་བྱེད་པ་ཆེས་ཆེར་ཇེ་ཉུང་དུ་བཏང་ནས།རྒྱ་ཆེ་ཞིང་གཏིང་ཟབ་པའི་སྒོ་ནས་ཚོང་ར་ཅན་གྱི་བཅོས་བསྒྱུར་ལ་སྐུལ་འདེད་བྱས་པ་དང་།ཧུར་ཐག་གིས་མང་ཚོགས་ཀྱིས་ལས་སྐྲུན་དང་མི་ཚོགས་ཁྲི་སྟོང་མང་པོས་གསར་སྐྲུན་བྱེད་པར་སྐུལ་འདེད་བྱས་ཏེ།“གསར་སྐྲུན་ཟུང”གི་འཕེལ་རྒྱས་ཀྱི་སྒུལ་བྱེད་འཕྲུལ་འཁོར་གསར་བ་གསར་སྐྲུན་བྱས་ནས།འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་བ་ཇེ་དྲག་ཏུ་བཏང་།

སྲིད་འཛིན་མཆན་འགོད་ལས་གཞི་མིད་པར་བཏང་བ་དང་ལེགས་སྒྲིག་བྱས་པ་ནས་སྲིད་འཛིན་མཆན་འགོད་བྱ་སྤྱོད་ཚད་ལྡན་དང་ལེགས་སྒྱུར་བྱས་པ་དང་།དབང་ཆའི་རྩིས་ཕྲའི་ལམ་ལུགས་སྐུལ་འདེད་བྱས་པ་ནས་སྲིད་གཞུང་གི་ཞབས་ཞུའི་ལྟ་སྐུལ་དོ་དམ་ལེགས་སྒྱུར་བྱས་པ།“དཔང་གསུམ་གཞི་གཅིག”གི་ཐོ་འགོད་ལམ་ལུགས་ལག་བསྟར་བྱས་པ་ནས་ཚོང་རྫས་ཞབས་ཞུའི་རིན་གོང་གློད་པ་སོགས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ཀྱི་བྱེད་ཐབས་ཐད་དོན་དངོས་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་དང་།ཐོན་ལས་གསར་བ་དང་ལག་རྩལ་གསར་བ།ལས་ཚུལ་གསར་བ།དཔེ་དབྱིབས་གསར་བ་སོགས་རྒྱུན་ཆད་མིད་པར་བྱུང་།

2013ལོའི་ཟླ5པ་ནས་ད་ལྟའི་བར། ཀྲུང་དབྱང་རིམ་པས་འབྲེལ་ཡོད་ཡིག་ཆ20ལྷག་བཏོན་ནས་ལས་སྐྲུན་དང་གསར་སྐྲུན་ཐད་ཡར་སྐུལ་བྱས་པས། སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་ཧུར་བརྩོན་རང་བཞིན་དང་གསར་སྐྲུན་རང་བཞིན་སྐུལ་སློང་བྱས་ནས།ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་དེ་རང་བྱུང་ཐོན་ཁུངས་ལ་བརྟེན་དྲགས་པ་ནས་སྔར་ལས་མང་པོ་ཞིག་མི་ཤུགས་ཐོན་ཁུངས་ལ་བརྟེན་པར་བསྒྱུར།སེམས་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་སྙེག་པ་དང་གོང་འོག་སེམས་མཐུན་བྱུང་ན་ལས་དོན་འགྲུབ།

སྤྱི་ཁོག་སྙོམ་སྒྲིག་ལ་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པ་ནས་མང་ཚོགས་ཀྱིས་ལས་སྐྲུན་བྱེད་པ་དང་།མང་ཚོགས་ཁྲི་སྟོང་མང་པོས་གསར་སྐྲུན་བྱེད་པ། ཁྱོན་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་ནས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ།ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དེ་ས་གནས་སོ་སོ་དང་སྡེ་ཁག་སོ་སོའི་འགུལ་སྐྱོད་ཀྱི་ཕྱོགས་སྟོན་དུ་གྱུར་པ་རེད།

མི་ཞིག་གིས་སྡོམ་རྩིས་ཤིག་བྱས་པ་སྟེ།ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས་ཀྱི་ཕྱི་ལོའི་ས་གནས་ཀྱི་ཚོགས་ཆེན་གཉིས་ཀྱི་སྟེང་དུ།ཞིང་ཆེན་དང་ལྗོངས།གྲོང་ཁྱེར་བཅས་ཀྱི་སྲིད་གཞུང་བྱ་བའི་སྙན་ཞུའི་ནང“བཅོས་བསྒྱུར”ཞེས་པའི་མིང་ཚིག་འདི་ཆ་སྙོམས་ཀྱིས་བཀོལ་ཚད་ཐེངས50ཡས་མས་ཡོད་པ་དང་།ས་གནས་མང་པོ་ཞིག་གིས་ད་དུང“ཁྱོན་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ”དེ་ཟུར་དུ་བཏོན་ནས།སྲིད་གཞུང་བྱ་བའི་ལས་འགན་གཙོ་བོར་བརྩིས་ཡོད།དྲག་རླུང་རྒྱུ་བ་ཇི་ལྟར་རྒོད་ན་ཡང་།།ཀྲོང་ངེར་འགྱིང་བའི་གསོམ་སྡོང་སྐྱོམ་མི་སྲིད།།

འདས་པའི་ལོ་ལྔར་ཕྱིར་དྲན་ཞིག་བྱས་ན།འཛམ་གླིང་གི་དཔལ་འབྱོར་འཕེལ་ཚད་སྤྱི་ཁོག་ནས་ཇེ་དལ་དུ་སོང་བ་དང་།ཀྲུང་གོའི་དཔལ་འབྱོར་ཐད་གནོན་ཤུགས་ཆེན་པོར་འཕྲད་པས།ཏང་ཀྲུང་དབྱང་གིས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ།ཆོས་ཉིད་ཁོང་དུ་ཆུད་པ་དང་ཧུར་བརྩོན་ཡར་བསྐྱེད་བྱས་ནས།གསོན་ཤུགས་འཁྲུག་པོར་བཏང་བ་དང་མི་འདང་སར་ཁ་གསབ།དངོས་ཤུགས་ཇེ་དྲགཉེན་ཁ་ཚོད་འཛིན་བཅས་བྱས་ནས།དཔལ་འབྱོར་འཕེལ་ཚད་ཇེ་དལ་དུ་བཏང་ཡང་ཉམས་མི་འཆོར་བ་ཁག་ཐེག་བྱས་པས། ཀྲུང་གོའི་དཔལ་འབྱོར་དེ་རྒྱུན་ཚུལ་གསར་བར་མཐུན་པར་ཁ་ལོ་སྒྱུར་བའི་བློ་གྲོས་དང་སྤོབས་པ་མངོན་པར་བྱས།

“ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་གཏན་ཁེལ་བྱས་ནས།“གནས་ལྔ་ཕུང་གཅིག”གི་སྤྱི་ཁོག་བཀོད་སྒྲིག་ཆགས་པ་སྟེ།—བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མིག་རྒྱང་རིང་བོ་དང་།མི་རིགས་བསྐྱར་དར་གྱི་སྟོབས་ཤུགས་ཆེན་པོ་གོང་བུར་བསྒྲིལ།སྟོན་མཇུག་གི་པེ་ཅིན་ཚེ་སྲོག་ཚན་རིག་གླིང་དུ།ཆུ་གཙང་འབྱུང་ཁུངས་ཀྱི་ལས་འཛིན་པའི་ལྷན་ཚོགས་ཀྱི་མགོ་གཙོ་ཝུན་ཅན་ཕེན་དང་ལས་གྲོགས་རྣམས་ཀྱིས་ཁེ་ལས་ཀྱི་མ་འོངས་པའི་ལོ་ལྔའི་རིང་གི་འཕེལ་རྒྱས་འཆར་གཞི་འཆར་འགོད་བྱས།

“ལྔ·བཅུ་གཉིས’ནི་དཀྱོགས་མཚམས་ཤིག་སྟེ།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན‘མགྱོགས་བགྲོད་ལམ’དུ་ཕྱིན་ཏེ།ང་ཚོས་ཆུའི་ཐོན་ཁུངས་འཁོར་རྒྱུག་བེད་སྤྱོད་དང་ཆུའི་སྦགས་བཙོག་བཅོས་སྐྱོང་བྱེད་པའི་ཕྱོགས་ནས་ལག་རྩལ་གསར་སྐྲུན་དང་ལས་གཉེར་ཡོང་སྒོ་གཉིས་ཆ་ནས་གྲུབ་འབྲས་བཟང་པོ་བླངས།དེང་ཕྱིན་གྱི་ལོ་ལྔ་ནང་།རང་སྟེང་གི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཚེ།ནུས་གྲོན་ཁོར་སྲུང་གི་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་གོ་སྐབས་བཟང་པོ་བསུ་ཐུབ”ཞེས་ལིའུ་ཅན་ཕེན་གྱིས་དེ་ལྟར་བཤད།

  འདས་པའི་ལོ་ལྔ་གླེང་སྐབས།ཁེ་ལས་པ་དང་གསར་གཏོད་མཁན། ད་དུང་ཆེད་མཁས་པ་དང་རིག་གནས་པ་སུ་ཡིན་ཡང་།ཚང་མས་ཕལ་ཆེར“དཀྱོགས་མཚམས”ཞེས་པའི་ཡིག་འབྲི་འདི་གཉིས་སྤྱོད་པ་རེད།“ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བའི་བགྲོད་ལམ་དུ།‘ལྔ·བཅུ་གཉིས’སྔ་མཐུད་ཕྱི་སྐྱོང་དང་སྔ་རྗེས་རྒྱུན་མཐུད་ཀྱི་གནད་འགག་ཏུ་ཡོད་པ་ནི་སྨོས་མ་དགོས་པ་ཞིག་རེད”ཅེས་ཀྲུང་གོ་རྒྱལ་སྤྱིའི་དཔལ་འབྱོར་བརྗེ་རེས་ལྟེ་གནས་འདྲི་རྟོགས་ཞིབ་འཇུག་པུའུ་ཡི་པུའུ་ཀྲང་གཞོན་པ་ཝང་ཅུན་གྱིས་དེ་ལྟར་བཤད།ལོ་ལྔའི་འཆར་འགོད་ལ་བརྟེན་ནས་དཔལ་འབྱོར་སྤྱི་ཚོགས་གོང་དུ་འཕེལ་བར་སྣེ་ཁྲིད་པ་ནི་ཀྲུང་གོར་ཁྱད་དུ་མངའ་བའི་འཐབ་ཇུས་རྣམ་པ་རེད།

བཅོས་བསྒྱུར་སྒོ་འབྱེད་བྱས་ཚུན་དུ།ཀྲུང་གོའི་ལོ་ལྔའི་འཆར་འགོད7བརྒྱུད་ཅིང་།དེའི་རིང་གི་མི་ལོ35ནི་ཀྲུང་གོས་བཅོས་བསྒྱུར་སྒོ་འབྱེད་ཀྱི་ཡོངས་སུ་གསར་བའི་ལས་དོན་མགོ་བརྩམས་ཏེ།བསྟུད་མར་མགྱོགས་མྱུར་ངང་འཕེལ་བ་མངོན་འགྱུར་བྱེད་པའི་དུས་སྐབས་གལ་ཆེན་རེད།དེང་ཕྱིན་གྱི་ལོ་ངོ35ཡང“ལོ་བརྒྱ་གཉིས”ཀྱི་འབད་བརྩོན་དམིགས་འབེན་ལེགས་འགྲུབ་བྱས་ཏེ།ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་འབྱུང་བར་རྣམ་པ་གསར་བ་གསར་གཏོད་བྱེད་པའི་གནད་འགག་གི་དུས་སྐབས་ཀྱང་རེད།

“ལྔ·བཅུ་གཉིས’ལ་དཔྱད་འཇོག་བྱེད་པ་དེ་ལོ་རྒྱུས་ཀྱི་གནས་ཚད་དུ་འཇོག་དགོས།དུས་ཚོད་ཅིག་གི་བར་གྱི་མཐུད་གནས་ཡིན་པའི་ཆ་ནས།འདས་པའི་ལོ་ལྔ་ནི།རྣམ་པ་ཪྙིང་བ་ནས་རྣམ་པ་གསར་བར་རིགས་བསྒྱུར་ཐོད་རྒལ་བྱེད་པའི་དུས་སྐབས་གལ་ཆེན་ཞིག་ཡིན་པ་སྨོས་མ་དགོས་ལ།དེས་རང་གཤིས་དང་ཁྱད་ཆོས་གསལ་བོར་བརྟེན་ནས་མ་འོངས་པའི་འཕེལ་ཕྱོགས་མཚོན་ཡོད་ལ།དུས་མཚུངས་སུ་མ་འོངས་པའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོའང་བཏིངས་ཡོད”ཁྲིན་ཏུང་ཆི་ཡིས་དེ་ལྟར་བཤད།

དཔལ་འབྱོར་མགྱོགས་མྱུར་གྱིས་འཕེལ་བ་ནས་མགྱོགས་འབྲིང་སྒོས་འཕེལ་བའི་རྒྱུན་ཚུལ་གསར་བར་ཐོན་པའི་བར།ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པར་འགྱུར་ལྡོག་ཟབ་མོ་བྱུང་སྟེ།དུས་རབས་སྔོན་མའི་ལོ་རབས80ནས་བཟུང་གྲོས་བསྡུར་བྱེད་མགོ་བརྩམས་པའི་གཅིག་འདུས་འཕེལ་རྒྱས་དང་ལྗང་མདོག་འཕེལ་རྒྱས།ནང་སྙིང་འཕེལ་རྒྱས།གསར་སྐྲུན་འཕེལ་རྒྱས་བཅས་ནི“ལྔ·བཅུ་གཉིས”ཀྱི་དུས་སྐབས་སུ་དངོས་ནས་ལག་ལེན་དུ་བསྟར་ཅིང་།ཀྲུང་གོའི་བཅོས་བསྒྱུར་སྒོ་འབྱེད་ཀྱང་སྔ་ན་མིད་པའི་ཟབ་ཚད་དང་རྒྱ་ཆེར་རྒྱ་སྐྱེད་མགོ་བརྩམས།

 “ལྔ་བཅུ་གཉིས”འཕེལ་རྒྱས་ཀྱི་ལམ་རྟགས་རྡོ་རིང་གི་དོན་སྙིང་དེ།འཕེལ་རྒྱས་རྣམ་པའི་འགྱུར་ལྡོག་སྟེང་མཚོན་ཡོད་ལ།དེ་བས་ཀྱང་འཕེལ་རྒྱས་འདུ་ཤེས་ཀྱི་འགྱུར་ལྡོག་སྟེང་མཚོན་པ་དང་།དུས་བསྟུན་ལྷན་སྐྱོད་བྱེད་པའི་སྟེང་མཚོན་ཡོད་ལ།དེ་བས་ཀྱང་རང་འགུལ་གྱིས་འཆར་གཞི་འགོད་པའི་སྟེང་མཚོན་ཡོད།

ཡང་ལོ་ལྔ་གཅིག་བརྗེ་བའི་དུས་སྐབས་ཀྱི་གནས་ཚད་དུ་འགྲེངས་ཏེ།ཀྲུང་གོས་མིག་མདངས་ལོ་ལྔ་རྗེས་མའི་ལོ་མཇུག་ལ་གཏད་ཡོད་ཅིང་།ཐ་ན་དེ་བས་ཀྱང་རྒྱང་རིང་བོར་གཏད་ཡོད།

“སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གོ་གནས་འབུར་ཐོན་དུ་བཞག་སྟེ།དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན།རིག་གནས་འཛུགས་སྐྲུན།སྤྱི་ཚོགས་འཛུགས་སྐྲུན་བཅས་ཀྱི་ཕྱོགས་སོ་སོ་དང་གོ་རིམ་ཡོངས་སུ་བསྟར་ལ་བརྒྱུས་ནས།མཛེས་སྡུག་གི་ཀྲུང་གོ་བསྐྲུན་གང་ཐུབ་ཀྱིས་ཀྲུང་ཧྭ་མི་རིགས་ནམ་ཡང་བསྟུད་མར་འཕེལ་བ་མངོན་འགྱུར་འབྱུང་རྒྱུ”སྟེ་མི་དམངས་མང་ཚོགས་ཀྱི་རེ་སྒུག་ཆེན་པོ་དང་མཐུན་པར་བྱེད་པ་དང་།ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་རྩ་བའི་བླང་བྱ་མཚོན་པ།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་སྤྱིའི་བཀོད་སྟངས་དེ

“གནས་བཞི་ཕུང་གཅིག”ནས“གནས་ལྔ་ཕུང་གཅིག”ཏུ་འཕེལ་རྒྱས་སུ་གཏོང་བ་བཅས་བྱས།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ།རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་རྒྱུན་ཆད་མིད་པར་འགྱུར་ལྡོག་བྱུང་ནའང་།ཏང་ཀྲུང་དབྱང་གིས་མཐའ་གཅིག་ཏུ་འཐབ་ཇུས་གཏན་ཤུགས་རྒྱུན་སྲུང་བྱས་ཏེ།“གནས་ལྔ་ཕུང་གཅིག”གི་སྤྱི་པའི་བཀོད་སྒྲིག་ལྟར།བློ་བརྟན་འགྱུར་མིད་སྒོས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་འབེན་རླབས་པོ་ཆེའི་ཕྱོགས་སུ་གོམ་པ་སྤོས།

ཀྲུང་དབྱང་གིས《སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བའི་སྐོར་གྱི་བསམ་འཆར》བཏོན་པ་དང་།བཟོ་བཅོས་ཚན་ཆུང་གིས་སྐྱེ་ཁམས་འཛུགས་སྐྲུན་གྱི་ཕྱོགས་ཀུན་ལ་དམིགས་པའི་བཅོས་བསྒྱུར་ཇུས་གཞིའི་རྣམ་གྲངས4བཏོན་པ།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཁའ་རླུང་ཆེན་པོ་དང་ཆུའི་སྦགས་བཙོག་འགོག་བཅོས་བྱེད་པའི་འགུལ་སྐྱོད་འཆར་གཞི་ལག་ཏུ་བསྟར་བ་སོགས་ལམ་ལུགས་འཛུགས་སྐྲུན་རབས་དང་རིམ་པ་རིམ་པ་བཞིན་ཁྱབ་སྤེལ་དུ་བཏང་སྟེ།“མཛེས་སྡུག་ཀྲུང་གོའི”འདུ་ཤེས་དེ་མིའི་སེམས་སུ་ཟུག་པར་བྱས།

“སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ‘གནས་ལྔ་ཕུང་གཅིག’དང་གཞི་གཅིག་ཏུ་འདྲེས་པར་བྱེད་པ་ནི།ཐད་ཀར་མིག་སྔའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་སོ་སོར་འབྲེལ་བར་མ་ཟད།མ་འོངས་པའི་འཕེལ་རྒྱས་འདུ་ཤེས་དང་འཕེལ་རྒྱས་རྣམ་པར་ཤུགས་རྐྱེན་ཟབ་མོ་ཡང་ཐེབས་ངེས”ཞེས་རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཐོན་ཁུངས་དང་ཁོར་ཡུག་སྲིད་ཇུས་ཞིབ་འཇུག་སའོ་ཡི་སའོ་ཀྲང་གཞོན་པ་ཁྲང་ཅི་ཝན་གྱིས་དེ་ལྟར་བཤད།

ལག་ལེན་གྱི་གོམ་སྟབས་ལ་འཇགས་པ་མིད།།གཞུང་ལུགས་ཀྱི་གསར་སྐྲུན་ལ་མཐའ་མི་མངོན།།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ།བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གིས་མིག་རྒྱང་རིང་བོར་གཏད་དེ།སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་གཞི་རྩའི་རྒྱལ་ཚུལ་གཞིར་བཟུང་བ་དང་།སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་འབྱུང་བའི་སྤྱིའི་དམིགས་འབེན་དང་སྤྱིའི་ལས་འགན་འདིར་དམིགས་པ།མ་འོངས་པའི་འཕེལ་རྒྱས་ལ་ཁ་ཕྱོགས་ནས་སྟེང་རིམ་ཇུས་འགོད་རབས་དང་རིམ་པ་བྱས་པ་སྟེ།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པས་ཚོགས་ཆེན་ཐེངས་བཅུ་དྲུག་པ་དང་ཚོགས་ཆེན་ཐེངས་བཅུ་བདུན་པའི་རྨང་གཞིའི་སྟེང་།གོམ་གང་མདུན་སྤོས་ཀྱིས2020ལོར“འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་པའི”དམིགས་འབེན་བཏོན།

ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་ཁྱབ་ཁོངས15དང་བཅོས་བསྒྱུར་བྱེད་ཐབས330ལྷག་ཁྱབ་སྤེལ་དུ་བཏང་སྟེ།བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ།

ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ལས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བྱེད་ཐབས་ཆེན་པོ180བཏོན་ཏེ།ཁྱོན་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་འགྲོ་བར“གཅེན་གཅུང་གི་ལེའུ”བསྒྲིགས།

ཏང་གིས་ཏང་ལ་དོ་དམ་དང་ཏང་གཟབ་ནན་སྒོས་བཅོས་སྐྱོང་བྱེད་པ་ནས་ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་བར།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་ལ་སྟོབས་དང་ལྡན་པའི་མགོ་ཁྲིད་སྲོག་ཤིང་རྡུང་བཟོ་བྱེད་པའི་བསམ་བློའི་འཐབ་ཇུས་ཉིན་བཞིན་ཇེ་རྒྱས་ཇེ་ལེགས་སུ་སོང་།

“ཁྱོན་ཡོངས་བཞིའི”འཐབ་ཇུས་སྒྲིག་བཀོད་རིམ་པ་བཞིན་ཏང་ཀྲུང་དབྱང་གི་རྒྱལ་བཅོས་སྲིད་སྐྱོང་གི་སྤྱིའི་འཐབ་ཇུས་ལ་མཐོར་འདེགས་བྱས་ཏེ།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་སྔར་ལས་ཡངས་ཤིང་།རིགས་པའི་གཞུང་ལུགས་རྒྱུན་ཆད་མིད་པར་གསར་སྐྲུན་དང་ལམ་ལུགས་ཉིན་བཞིན་འཐུས་ཚང་དུ་ཕྱིན།

“མཐུན་སྦྱོར་སྒོས‘ཁྱོན་ཡོངས་བཞིའི’འཐབ་ཇུས་བཀོད་སྒྲིག་སྐུལ་འདེད་བྱེད་པ་ནི།‘ལྔ·བཅུ་གསུམ’དང་ཐ་ན་དེ་ལས་རིང་བའི་དུས་སྐབས་ཀྱི་ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་བའི‘གནད’དང‘སྲོག’ཡིན”ཞེས་ཀྲུང་དབྱང་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོ་ཧན་ཆིན་ཞང་གིས་བསྟན་དོན།འདི་ནི“ལོ་བརྒྱ་གཉིས”ཀྱི་འབད་བརྩོན་དམིགས་འབེན་མངོན་འགྱུར་འབྱུང་བ་དང་།ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་འབྱུང་བའི་ཀྲུང་གོའི་འདུན་མར་རིགས་པའི་གཞུང་ལུགས་ཀྱི་མཛུབ་སྟོན་དང་ལག་ལེན་མཛུབ་སྟོན་གལ་ཆེན་འདོན་སྤྲོད་བྱས་པ་རེད།

ཉེ་ལམ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་རིག་རྩལ་བྱ་བའི་བཞུགས་མོལ་ཚོགས་འདུ་སྟེང་གསུང་བཤད་གལ་ཆེན་གནང་ནས་ལོ་ངོ་གཅིག་འཁོར་བའི་བབ་སྐབས་སུ།ཀྲུང་དབྱང་གིས་སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་རྒྱས་གོང་འཕེལ་གཏོང་བའི་སྐོར་གྱི་བསམ་འཆར་བཏོན་པ་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཁང་གིས《གཞི་རིམ་གྱི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར》པར་སྐྲུན་འགྲེམ་སྤེལ་བྱས་ལ།བྱེད་ཐབས་གལ་ཆེན་རབས་དང་རིམ་པས་སྤྱི་ཚོགས་ཡོངས་ནས་ཀྲུང་གོའི་འདུན་མ་མངོན་འགྱུར་འབྱུང་བར་རིག་རྩལ་གྱི་སྟོབས་ཤུགས་སྐུལ་སྤེལ་བྱེད་ཀྱིན་འདུག

“ལྔ·བཅུ་གཉིས”ཀྱི་ཚུན་དང་ལྷག་པར་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ།ཀྲུང་དབྱང་གིས་རིག་གནས་འཛུགས་སྐྲུན་ལ་མཐོང་ཆེན་བྱས་ཏེ།“ལོ་བརྒྱ་གཉིས”ཀྱི་འབད་བརྩོན་དམིགས་འབེན་མངོན་འགྱུར་འབྱུང་བའི་མཐོ་ཚད་ནས།སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་པར་འཐབ་ཇུས་ལས་འགན་བཏོན་པར་མ་ཟད།རིག་གནས་སྒྲིག་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་དེ་ཁྱོན་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བའི་ཕྱོགས་གལ་ཆེན་ཞིག་ལ་བརྩིས་ཤིང་།རིག་གནས་ཁྲིམས་སྐྱོང་འཛུགས་སྐྲུན་བྱེད་པ་དེ་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཕྱོགས་གལ་ཆེན་དུ་བརྩིས་ནས་བཀོད་སྒྲིག་བྱས་ཏེ།སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ཤུགས་ཆེན་པོས་དར་སྤེལ་གཏོང་བ་དང་།ཀྲུང་ཧྭའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ཤུགས་ཆེན་པོས་དར་སྤེལ་དུ་གཏོང་བ།མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་གཏོང་བ་བཅས་བྱས།རྒྱ་ཆེ་བའི་རིག་རྩལ་བྱ་བ་གཉེར་མཁན་ཚོའི་གསར་རྩོམ་གྱི་གསོན་ཤུགས་ཆེས་ཆེར་རྒྱས་པས།རང་རྒྱལ་གྱི་རིག་རྩལ་ཐད་ནས་དར་རྒྱས་གོང་འཕེལ་ཡོང་བའི་སྐྱེ་སྟོབས་ཀྱིས་ཁེངས་འདུག

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ།དཔལ་འབྱོར་དང་ཆབ་སྲིད།རིག་གནས།སྤྱི་ཚོགས།སྐྱེ་ཁམས་དཔལ་ཡོན་བཅས“གནས་ལྔ་ཕུང་གཅིག”འཛུགས་སྐྲུན་བྱེད་པའི་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཤིང་།ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་གོམ་པ་བརྟན་པོ་སྤོས་ལ།ཁྱོན་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བར་མགོ་བཟང་པོ་བརྩམས་པ་དང་།ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་རྒྱང་སྐྱོད་ཀྱི་ལམ་གསར་བ་བཏོད་ཅིང་།ཁྱོན་ཡོངས་ནས་ཏང་ནན་མོར་སྐྱོང་བའི་འཕེལ་ཚུལ་གསར་བ་བླངས།

གྲུབ་འབྲས་ནི་ཐོབ་སླ་བ་ཞིག་མིན་ལ།ཉམས་མྱོང་ནི་ཧ་ཅང་རྩ་ཆེ་བ་དང་།འཐབ་ཇུས་ནི་ཡུན་རིང་བོར་ཤུགས་རྐྱེན་ཐེབས་པ་ཞིག་ཡིན།རླབས་ཆེ་བའི་ལག་ལེན་དང་གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་མི་རིགས་ཡོངས་ཀྱིས་བགྲོད་ལམ་སྟེང་རང་ལ་ཡིད་ཆེས་པ་དང་རིགས་པའི་གཞུང་ལུགས་སྟེང་རང་ལ་ཡིད་ཆེས་པ།ལམ་ལུགས་སྟེང་རང་ལ་ཡིད་ཆེས་པའི་ཚད་བསྟུད་མར་ཇེ་དྲག་ཏུ་གཏོང་བཞིན་ཡོད།

འཐབ་ཇུས་བཀོད་སྒྲིག་ཆགས་ཟིན་པ་དང་།འཆར་འགོད་རི་མོ་མི་འགྱངས་པར་འབྲི་ངེས།།“ལྔ·བཅུ་གཉིས”ལ་བདེ་མོ་བཞག་ནས“ལྔ·བཅུ་གསུམ”ལ་བསུ་མ་བྱེད།བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ཀྲུང་གོས་གོམ་སྟབས་གསར་བ་སྤོས་ནས་མདུན་དུ་བསྐྱོད་དགོས།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།