ཀྲུང་གོ་བོད་ཀྱི་དྲ་བ།

དབུལ་ཐར་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས། ༣

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2016-04-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལས་སྐྲུན་ཁག་ཐེག་དངུལ་བུན་དང་།སློབ་རོགས་དངུལ་བུན།བུད་མིད་ཀྱི་གྲངས་ཉུང་དངུལ་བུན།བདེ་ཐང་སླར་གསོའི་དབུལ་སྐྱོར་དངུལ་བུན་བཅས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་དགོས།དབུལ་ཕོངས་ས་ཁུལ་དུ་སྡེ་བ་དང་གྲོང་རྡལ་དངུལ་ཁང་དང་གྲངས་ཉུང་དངུལ་བུན་གཏོང་བའི་ཀུང་སི་སོགས་སྒྲིག་གཞི་འཛུགས་རྒྱུར་དམིགས་བསལ་ཐོག་རྒྱབ་སྐྱོར་བྱེད་དགོས།དབུལ་ཕོངས་ས་ཁུལ་དུ་ཞིང་པའི་མ་དངུལ་རོགས་རེས་རྩ་འཛུགས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ་དང་ཞིང་པའི་མཉམ་ལས་ཁང་གི་ཡིད་རྟོན་མཉམ་ལས་ཚོད་ལྟ་བྱེད་རྒྱུར་རྒྱབ་སྐྱོར་བྱེད་དགོས།དབུལ་ཕོངས་ས་ཁུལ་དུ་དབུལ་སྐྱོར་དངུལ་བུན་གྱི་ཉེན་གསབ་ཐེབས་རྩ་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་དགོས།དབུལ་ཕོངས་ས་ཁུལ་དུ་སྲིད་གཞུང་གིས་མ་དངུལ་གཏོང་བའི་མ་དངུལ་རྒྱུན་འཁོར་འགན་ལེན་ལས་ཁུངས་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ཏེ་དབུལ་སྐྱོར་ཁག་ཐེག་ལས་སྒོ་གཙོ་གནད་ཐོག་སྤེལ་དགོས།

དབུལ་སྐྱོར་གྲངས་ཉུང་དངུལ་བུན་འགན་ལེན་དང་འགན་བཅོལ་ཧུར་ཐག་བྱས་ཏེ་དུད་ཚང་དབུལ་པོར་འགན་ལེན་འགན་བཅོལ་ཐད་ཁ་གསབ་སྤྲོད་དགོས།ཞིང་ལས་འགན་བཅོལ་གྱི་ཁྱབ་རྒྱ་ཆེ་རུ་བཏང་སྟེ་ཀྲུང་དབྱང་ནོར་སྲིད་ཀྱིས་རོགས་དངུལ་བྱ་དགར་བསྒྱུར་བ་སོགས་བརྒྱུད་དབུལ་ཕོངས་ས་ཁུལ་དུ་ཁྱད་ལྡན་ཞིང་ལས་ཐོན་རྫས་འགན་བཅོལ་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས།དབུལ་ཕོངས་ས་ཁུལ་གྱི་དངུལ་རྩའི་ཞབས་ཞུའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་བསྣན་ནས་དངུལ་རྩའི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་དགོས།དབུལ་ཕོངས་ས་ཁུལ་དུ་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་རིན་གོང་འགན་བཅོལ་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཏེ་ཆ་རྐྱེན་ཡོད་པའི་ས་ཆར་མ་དངུལ་འགན་ལེན་ཁ་གསབ་ངེས་ཅན་སྤྲོད་ཆོག དབུལ་ཕོངས་ས་ཁུལ་གྱི་གཏའ་འཇོག་ཁག་ཐེག་གི་གཞི་ཁྱོན་ཆེ་རུ་ནུས་ལྡན་གཏོང་དགོས།

(ཉི་ཤུ།)དབུལ་སྐྱོར་གསར་སྤེལ་གྱི་ས་སྤྱོད་སྲིད་ཇུས་་འཐུས་ཚང་དུ་གཏོང་དགོས།

དབུལ་ཕོངས་ས་ཁུལ་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་རྒྱལ་ཡོངས་ས་ཆ་བརྟག་དཔྱད་ཐེངས་གཉིས་པ་དང་དེ་བཞིན་ལོ་འཁོར་གསར་པའི་བརྗེས་སྒྱུར་བརྟག་དཔྱད་གྲུབ་འབྲས་ལ་གཞིགས་ནས་ས་ཆ་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད་བཅོས་སྒྲིག་དང་འཐུས་ཚང་དུ་གཏོང་དགོས།གསར་འཕར་འཛུགས་སྐྲུན་ས་སྤྱོད་འཆར་གཞིའི་དམིགས་ཚད་ཀྱིས་སྔོན་ལ་དབུལ་སྐྱོར་གསར་སྤེལ་གྱི་ས་སྤྱོད་དགོས་མཁོ་འགན་ལེན་བྱས་ཏེ་རྒྱལ་ཁབ་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གཙོ་གནད་རྫོང་གི་ལོ་འཁོར་མོའི་གསར་འཕར་འཛུགས་སྐྲུན་ས་སྤྱོད་འཆར་གཞིའི་དམིགས་ཚད་ཀྱི་ཆེད་གཉེར་རྣམ་གྲངས་བཀོད་སྒྲིག་བྱེད་དགོས།ཀྲུང་དབྱང་དང་ཞིང་ཆེན་རིམ་པས་ས་ཆ་བཅོས་སྒྲིག་ལས་གྲྭ་དང་རྣམ་གྲངས་བཀོད་སྒྲིག དེ་བཞིན་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་འཆར་འགོད་དང་ཁ་གསབ་མ་དངུལ་བགོ་བཤའ་དང་གཤམ་སྤྲོད་བྱེད་སྐབས་དབུལ་ཕོངས་ས་ཁུལ་ལ་གཟིགས་སྐྱོང་བྱེད་དགོས།

ཡུག་སྦྲེལ་དབུལ་ཕོངས་ས་ཁུལ་དང་རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གཙོ་གནད་རྫོང་དུ་དབུལ་སྐྱོར་གནས་སྤོ་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་ས་སྤྱོད་འཕར་ཆག་དང་འབྲེལ་བ་ཡོད་པའི་དམིགས་ཚད་དེ་ཞིང་ཆེན་གྱི་ཁྱབ་ཁོངས་ནང་སྤྱོད་ཆོག ཆ་རྐྱེན་འཛོམས་པའི་དབུལ་ཕོངས་ས་ཁུལ་ལ་རྒྱལ་ཁབ་ས་ཆ་ཐོན་ཁུངས་དོ་དམ་ལམ་ལུགས་བཅོས་བསྒྱུར་ཚོད་ལྟ་སྔོན་ལ་བཀོད་སྒྲིག་བྱས་ཏེ་བཟོ་གཏེར་ཁུལ་གྱི་བེད་མིད་ས་ཆ་བསྐྱར་དུ་གསར་སྦོལ་བྱེད་རྒྱུ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱོད་གོ་དེ་ཙམ་ཆེན་པོ་མིད་པའི་ས་ཆ་སླར་ཡང་གསར་སྤེལ་དང་།རི།ཐང་རྒོད་སོགས་བེད་མིད་ས་ཆ་གསར་སྤེལ་ཚོད་ལྟར་རྒྱབ་སྐྱོར་བྱེད་དགོས།

(ཉེར་གཅིག)ཚན་རྩལ་དང་ཤེས་ལྡན་མི་སྣའི་འདེགས་སྐྱོར་ནུས་པ་འདོན་སྤེལ་བྱེད་དགོས།

ཚན་རྩལ་གྱིས་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་དབུལ་ཕོངས་ས་ཁུལ་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་སྐྱེ་ཁམས་འཛུགས་སྐྲུན་ཁྲོད་ཀྱི་འགག་རྩའི་ལག་རྩལ་གནད་དོན་ཐག་གཅོད་དགོས།ལག་རྩལ་གསར་གཏོད་སྣེ་ཁྲིད་ཆེད་གཉེར་རྣམ་གྲངས(ཐེབས་རྩ)ཀྱིས་ཚན་རྩལ་དབུལ་སྐྱོར་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་སྔོན་ཐོན་དང་སྤྱོད་གོ་ཆོད་པའི་ལག་རྩལ་གྲུབ་འབྲས་དེ་དབུལ་ཕོངས་ས་ཁུལ་དུ་གཞན་བསྒྱུར་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས།ཚན་རྩལ་ཆེད་མངགས་པའི་ལམ་ལུགས་ཁྱབ་གདལ་གཏིང་ཟབ་བཏང་ནས་ཚན་རྩལ་ཆེད་མངགས་པས་བྱ་གཞག་གསར་གཏོད་ཅན་གྱི་དབུལ་སྐྱོར་ཞབས་ཞུ་སྤེལ་རྒྱུར་རྒྱབ་སྐྱོར་བྱེད་དགོས།དབུལ་ཕོངས་ས་ཁུལ་གྱི་གཞི་རིམ་ཞིང་ལས་ལག་རྩལ་ཁྱབ་གདལ་མ་ལག་འཛུགས་རྒྱུར་ཤུགས་བསྣན་ནས་ལས་རིགས་གསར་པའི་ཞིང་པའི་གསོ་སྦྱོང་ལ་ཤུགས་སྣོན་དགོས།སྲིད་ཇུས་ཀྱི་ཐོག་ནས་སྐུལ་ལྕག་བྱེད་ཤུགས་ཆེ་རུ་བཏང་སྟེ་ཤེས་ལྡན་མི་སྣ་རིགས་སྣ་ཚོགས་ཀྱིས་དབུལ་ཕོངས་ས་ཁུལ་གྱི་གཞི་རིམ་དུ་བྱས་རྗེས་འཇོག་རྒྱུར་སྐུལ་ལྕག་བྱས་ཏེ་ཕུལ་བྱུང་མི་སྣའི་ལས་གནས་ཐོབ་ཐང་དཔྱད་བསྡུར་དང་གདན་ཞུ་སོགས་ལ་གཟིགས་སྐྱོང་བྱེད་དགོས།རྒྱང་རིང་ལུང་ཁུག་གི་དབུལ་ཕོངས་ས་ཁུལ་དང་།མཐའ་མཚམས་མི་རིགས་ས་ཁུལ།གསར་བརྗེ་ས་ཁུལ་ཪྙིང་པ་བཅས་ལ་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་འཆར་གཞི་དང་དབུལ་ཕོངས་ས་ཁུལ་དེ་གའི་ཤེས་ལྡན་མི་སྣ་གསོ་སྐྱོང་འཆར་གཞི་ལག་བསྟར་ཤུགས་ཆེན་བྱེད་དགོས།སྡེ་བ་དབུལ་པོའི་བྱ་གཞག་གསར་གཏོད་དང་ཕྱུག་སྒྱུར་སྣེ་ཁྲིད་མི་སྣའི་གསོ་སྦྱོང་བཟོ་འགོད་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།

དྲུག སྤྱི་ཚོགས་ཧྲིལ་པོའི་སྟོབས་ཤུགས་སྐུལ་སློང་བྱས་ཏེ་དབུལ་སྐྱོར་འགག་སྒྲོལ་ལ་མཉམ་དུ་སྐུལ་འདེད་གཏོང་དགོས།

(ཉེར་གཉིས།)ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།

ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་ལ་ཤུགས་བསྣན་ཏེ་གནད་ཕིགས་འབྲེལ་མཐུད་ཀྱི་ལམ་སྲོལ་བཙུགས་ནས་རོགས་སྐྱོར་མ་དངུལ་གཙོ་བོ་སྡེ་བ་དབུལ་པོ་དང་དུད་ཚང་དབུལ་པོར་སྤྱོད་དགོས།ཤར་རྒྱུད་ས་ཁུལ་གྱིས་ནོར་ཤུགས་འཕར་ཚུལ་ལ་གཞིགས་ནས་ཁ་གཏད་རོགས་སྐྱོར་གྱི་ནོར་སྲིད་མ་དངུལ་འཇོག་ཚད་རིམ་གྱིས་མང་དུ་གཏོང་བ་དང་འབྲེལ་ལོ་འཁོར་མོའི་སྔོན་རྩིས་ནང་འགོད་དགོས།ཁེ་ལས་དང་མཉམ་ལས་བྱ་རྒྱུ་གཞི་རྟེན་དུ་བྱེད་པའི་དབུལ་སྐྱོར་མཉམ་ལས་ལ་ཤུགས་བསྣན་ཏེ་ཤར་ནུབ་རྒྱུད་ཀྱིས་ས་གནས་དེ་གའི་བྱེད་པོའི་ནུས་པའི་ངེས་གནས་ལ་གཞིགས་ཏེ་ཐོན་ལས་གླིང་མཉམ་དུ་བསྐྲུན་ནས་ཤར་རྒྱུད་ཀྱི་ཤེས་ལྡན་མི་སྣ་དང་།མ་དངུལ།ལག་རྩལ་བཅས་དབུལ་ཕོངས་ས་ཁུལ་དུ་སྐོར་སྐྱོད་བྱེད་རྒྱུར་སྐུལ་འདེད་གཏོང་དགོས།དཔལ་འབྱོར་སྟོབས་ཆེའི་རྫོང(གྲོང་ཁྱེར)དང་རྒྱལ་ཁབ་དབུལ་སྐྱོར་གསར་སྤེལ་ལས་དོན་གཙོ་གནད་རྫོང“མཉམ་དུ་ལག་གདང་སྦྲེལ་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི”བྱ་སྤྱོད་ལག་བསྟར་བྱས་ཏེ་ཤར་རྒྱུད་ཀྱི་ཞིང་ཆེན(ཐད་གཏོགས་གྲོང་ཁྱེར)སོ་སོས་ས་ཁོངས་དེ་གའི་དབུལ་སྐྱོར་གསར་སྤེལ་ལས་དོན་ཧུར་ཐག་གིས་བསྒྲུབ་དགོས་པ་དང་ཆབས་ཅིག རྫོང(གྲོང་ཁྱེར)གི་ནུས་པ་དེ་བས་འདོན་སྤེལ་བྱས་ནས་དབུལ་སྐྱོར་མཉམ་ལས་ཞིང་ཆེན་གྱི་རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གཙོ་གནད་རྫོང་དང་ཆ་སྒྲིག་རོགས་རམ་གྱི་ལས་དོན་སྤེལ་དགོས།ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་དཔྱད་ཞིབ་གདེང་འཇོག་ལམ་སྲོལ་འཛུགས་དགོས།

(ཉེར་གསུམ།)གནས་གཏན་ཁེལ་གྱིས་དབུལ་སྐྱོར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། 

གནས་གཏན་ཁེལ་གྱིས་དབུལ་སྐྱོར་ལས་དོན་ལ་སྔར་བས་ཤུགས་སྣོན་པ་དང་ཇེ་ལེགས་སུ་གཏོང་བ་དང་དཔྱད་ཞིབ་གདེང་འཇོག་རྐྱེན་སྲོལ་བཙུགས་ཏེ་སྡེ་ཚན་སོ་སོས་དབུལ་སྐྱོར་འགན་འཁྲི་དོན་འཁྱོལ་བྱེད་རྒྱུ་ཁག་ཐེག་བྱེད་དགོས།ཀྲུང་དབྱང་ཁེ་ལས་ཀྱིས་གནས་གཏན་ཁེལ་གྱིས་དབུལ་སྐྱོར་བྱ་ཡུལ་གྱི་གསར་བརྗེ་ས་ཁུལ་ཪྙིང་པའི་རྫོང་དུ“རྫོང་བརྒྱ་གྲོང་ཁྲིའི”བྱེད་སྒོར་སྐུལ་འདེད་གཏིང་ཟབ་གཏོང་དགོས།གནས་གཏན་ཁེལ་གྱིས་དབུལ་སྐྱོར་སྣེ་ཁྲིད་ཀྱི་འབྲེལ་གཏུག་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་སྣེ་ཁྲིད་མཁན་སྡེ་ཁག་སོ་སོས་ལས་བགོས་ལྟར།སྡེ་ཚན་སོ་སོས་གནས་གཏན་ཁེལ་གྱིས་དབུལ་སྐྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུར་ལྟ་སྐུལ་མཛུབ་ཁྲིད་བྱེད་དགོས།

(ཉེར་བཞི།)སྤྱི་ཚོགས་ཀྱི་སྟོབས་ཤུགས་ཞུགས་རྒྱུའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།

 དམངས་གཉེར་ཁེ་ལས་དང་།སྤྱི་ཚོགས་རྩ་འཛུགས།མི་སྒེར་བཅས་དབུལ་སྐྱོར་གསར་སྤེལ་ནང་ཞུགས་རྒྱུར་ལྕག་སྐུལ་བཏང་ནས་སྤྱི་ཚོགས་ཀྱི་དབུལ་སྐྱོར་ཐོན་ཁུངས་དང་གནད་ཕིགས་དབུལ་སྐྱོར་སྦྲེལ་མཐུད་ནུས་ལྡན་ཐུབ་པ་བྱེད་དགོས།སྤྱི་ཚོགས་ཀྱི་དབུལ་སྐྱོར་ལྟེ་བ་གཤམ་ལ་ཕྱོགས་ནས་སྡེ་བ་དང་དུད་ཚང་རང་མོས་ངང་འགན་གཙང་ལེན་དུ་བཅུག་སྟེ་དུད་ཚང་དབུལ་པོ་ཚང་མར་ཏང་ཡོན་ལས་བྱེད་པའམ་སེམས་བཟང་ཅན་གྱི་ཆ་སྒྲིག་རོགས་སྐྱོར་ཐོབ་པར་བྱེད་དགོས།གྲོང་གསེབ་ཀྱི་དབུལ་པོ་ལས་ཞུགས་བྱེད་པའི་ཁེ་ལས་བཀུག་ནས་གཏན་འབེབས་བཞིན་ཁྲལ་འབབ་གཟིགས་སྐྱོང་དང་ལས་རིགས་གསོ་སྦྱོང་ཁ་གསབ་སོགས་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ལོངས་སུ་སྤྱོད་ཆོག ཁེ་ལས་དང་མི་སྒེར་གྱི་སྤྱི་ཕན་དབུལ་སྐྱོར་ཞལ་འདེབས་ཀྱི་ཐོབ་ཁྲལ་མ་བཅག་གོང་གི་འཕྲི་འཐེན་སྲིད་ཇུས་དོན་འཁྱོལ་བྱེད་དགོས།དམངས་གཙོ་ཏང་ཁག་སོ་སོ་དང་།ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣས་ཤེས་ལྡན་དང་རིག་སྟོབས་ཀྱིས་དབུལ་སྐྱོར་བྱེད་པའི་ལེགས་ཆ་དང་ནུས་པ་ལེགས་པོར་འདོན་དགོས།བཟོ་ཚོང་ལས་རིགས་མཉམ་འབྲེལ་ཁོངས་གཏོགས་ཀྱིས་དམངས་གཉེར་ཁེ་ལས་སྒྲིག་འཛུགས་བྱས་ནས“ཁེ་ལས་ཁྲིས་སྡེ་བ་ཁྲིར་རོགས་རམ་བྱེད་པའི”གནད་ཕིགས་དབུལ་སྐྱོར་གྱི་བྱ་སྤྱོད་སྤེལ་དགོས།སྲིད་གཞུང་གིས་ཞབས་ཞུ་ཉོ་བ་སོགས་ཀྱི་ཐབས་ལམ་བརྒྱུད་སྤྱི་ཚོགས་རྩ་འཛུགས་རིགས་སོ་སོ་སྡེ་བ་དང་དུད་ཚང་ལ་བསྐྱོད་དེ་གནད་ཕིགས་དབུལ་སྐྱོར་ཡོང་བར་སྐུལ་མ་གཏོང་དགོས།དབུལ་སྐྱོར་སྣེ་འདྲེན་ཁེ་ལས་ངོས་ལེན་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་དུད་ཚང་དབུལ་པོར་འབབ་འཕར་ཡོང་བའི་ཁེ་ལས་ཀྱི་ཁྱབ་འགྱེད་སྣེ་ཁྲིད་ནུས་པ་ཆེ་རུ་གཏོང་དགོས།ཆ་རྐྱེན་འཛོམས་པའི་ཁེ་ལས་ཀྱིས་དབུལ་སྐྱོར་སྤྱི་ཕན་ཐེབས་རྩ་འཛུགས་པ་དང་དབུལ་སྐྱོར་སྤྱི་ཕན་གྱི་ཡིད་རྟོན་འཕེལ་བ་བྱེད་དགོས།“10·17”གྱི་རྒྱལ་ཡོངས་དབུལ་སྐྱོར་ཉིན་མོའི་སྤྱི་ཚོགས་སྐུལ་སློང་ནུས་པ་ཆེ་རུ་གཏོང་དགོས།དབུལ་སྐྱོར་དང་བླངས་པའི་བྱ་སྤྱོད་འཆར་གཞི་དང་སྤྱི་ཚོགས་ལས་དོན་གྱི་ཆེད་ལས་ཤེས་ལྡན་པའི་དབུལ་ཕོངས་ས་ཁུལ་གྱི་ཞབས་ཞུའི་འཆར་གཞི་ལག་ལེན་བསྟར་དགོས།

དབུལ་སྐྱོར་སྤྱི་ཕན་སྤུས་རྟགས་དམིགས་བཀར་དུ་བཏོད་དེ་དབུལ་སྐྱོར་ཞལ་འདེབས་ཆ་འཕྲིན་ཁྱོན་ཡོངས་དང་དུས་ཐོག་ཏུ་ཁྱབ་བསྒྲགས་བྱས་ཏེ་སྤྱི་ཚོགས་དབུལ་སྐྱོར་གྱི་ཀུན་གྱིས་ཡིད་ཆེས་བྱེད་ཚད་དང་མཚན་སྙན་བཟང་པོ་མཐོ་རུ་གཏོང་དགོས།སྤྱི་ཚོགས་ཀྱི་དབུལ་སྐྱོར་ཆ་འཕྲིན་ཞབས་ཞུའི་དྲ་རྒྱ་འཛུགས་པ་དང་སྤྱི་ཕན་ཀུན་གྲབས་བྱེད་པའི་དབུལ་སྐྱོར་འཕེལ་རྒྱས་གཏོང་རྒྱུ་འཚོལ་ཞིབ་བྱེད་དགོས།

  བདུན།རྣམ་པ་བཟང་པོ་ཧུར་ཐག་གིས་བསྐྲུན་ཏེ་དབུལ་ཐར་འགག་སྒྲོལ་ལ་བསམ་པའི་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱེད་དགོས།

(ཉེར་ལྔ།)ཀྲུང་གོའི་ཁྱད་ཆོས་ལྡན་པའི་དབུལ་སྐྱོར་་གསར་སྤེལ་གྱི་རིགས་པའི་གཞུང་ལུགས་གསར་གཏོད་བྱེད་དགོས།

དུས་སྐབས་གསར་པའི་དབུལ་སྐྱོར་གསར་སྤེལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ཏེ།རང་རེའི་ཏང་དང་སྲིད་གཞུང་གིས་མི་དམངས་དུང་ཕྱུར་མང་པོའི་སྣེ་ཁྲིད་དེ་དབུལ་ཐར་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཕྱོགས་སྡོམ་བྱེད་པ་དང་གནད་ཕིགས་དབུལ་སྐྱོར་ལག་ལེན་གྱི་གྲུབ་འབྲས་བཙོ་སྦྱང་རིམ་སྤར་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དབུལ་སྐྱོར་གསར་སྤེལ་གྱི་རིགས་པའི་གཞུང་ལུགས་རྒྱུན་ཆད་མིད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་དབུལ་སྐྱོར་འགག་སྒྲོལ་ཐད་བསམ་པའི་སྒུལ་ཤུགས་ཆེན་པོ་སྣོན་དགོས།

(ཉེར་དྲུག)དབུལ་ཕོངས་ས་ཁུལ་གྱི་ཡུལ་སྲོལ་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་དགོས།

 སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་འབད་བརྩོན་ལྷོད་མིད་དང་དབུལ་སྐྱོར་དཀའ་སེལ་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཧུར་ཐག་གཏོང་བ་དང་།དབུལ་ཕོངས་ས་ཁུལ་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་ཤུགས་འཕེལ་བར་བྱེད་པ།དབུལ་ཕོངས་དང་རྗེས་ལུས་ཀྱི་རྣམ་པར་འགྱུར་ལྡོག་གཏོང་བའི་ཡིད་ཆེས་དང་ཆོད་སེམས་བརྟན་པོར་གཏོང་བ་བཅས་བྱས་ཏེ།ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་དབུལ་སྐྱོར་གསར་སྤེལ་གྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྡུ་དགོས།དེང་རབས་དཔལ་ཡོན་གྱི་འདུ་ཤེས་དང་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ་དང་རྗེས་ལུས་ཀྱི་ཡུལ་སྲོལ་གོམས་གཤིས་བསྒྱུར་ནས་དབུལ་སྐྱོར་དཀའ་སེལ་ཁྲོད་ཀྱི་ཡུལ་སྲོལ་དམངས་ཆིངས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་མཁས་པོ་བྱེད་པ་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་དབུལ་ཐར་གྱི་སྤྲོ་སེམས་འཕེལ་བར་བྱེད་དགོས།རིག་གནས་ཀྱི་གཏོང་འཇོག་དབུལ་ཕོངས་ས་ཁུལ་དུ་གཟིགས་སྐྱོང་བྱ་རྒྱུར་སྐུལ་མ་བཏང་སྟེ་རིག་གནས་དམངས་ཕན་གྱི་དབུལ་སྐྱོར་རྣམ་གྲངས་ཁག་ཅིག་གཅིག་སྡུད་ཐོག་ལག་བསྟར་བྱས་ནས་སྡེ་བ་རིམ་པའི་རིག་གནས་ལྟེ་གནས་ཡོངས་ཁྱབ་ཏུ་བསྐྲུན་དགོས།དབུལ་ཕོངས་ས་ཁུལ་གྱི་དཔལ་ཡོན་སྡེ་བ་དང་གྲོང་རྡལ་དང་དཔལ་ཡོན་ཁྱིམ་ཚང་གསར་སྐྲུན་བྱེད་དགོས།དབུལ་ཕོངས་ས་ཁུལ་གྱི་རྫོང་རིམ་པའི་སྤྱི་ཕན་རིག་གནས་ཀྱི་ལུས་རྩལ་སྒྲིག་ཆས་རྒྱལ་ཁབ་ཀྱི་ཚད་གཞིར་བསླེབ་རྒྱུར་སྐུལ་མ་གཏོང་དགོས།དབུལ་ཕོངས་ས་ཁུལ་ལ་གསར་བརྗེ་དང་མི་རིགས།དམངས་སྲོལ་རིག་གནས་ཐོན་ཁུངས་བཅས་སྔོག་འདོན་སྲུང་སྐྱོང་དང་གསར་སྤེལ་བེད་སྤྱོད་བྱེད་རྒྱུར་རྒྱབ་སྐྱོར་བྱེད་དགོས།རིག་གནས་སྡེ་ཚན་དང་།རིག་རྩལ་ལས་དོན་པ།སྤྱི་ཚོགས་སྟོབས་ཤུགས་གཞན་པ་བཅས་ཀྱིས་དབུལ་ཕོངས་ས་ཁུལ་ལ་རིག་གནས་ཐོན་རྫས་དང་ཞབས་ཞུ་མཁོ་འདོན་བྱེད་རྒྱུར་སྐུལ་མ་གཏོང་དགོས།

(ཉེར་བདུན།)དབུལ་ཐར་འགག་སྒྲོལ་དྲིལ་བསྒྲགས་བྱེད་པའི་ལས་དོན་ཏན་ཏིག་གིས་བསྒྲུབ་དགོས།

ཡང་དག་པའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་མཐའ་འཁྱོངས་བྱས་ཏེ་རང་རྒྱལ་གྱི་དབུལ་སྐྱོར་བྱ་གཞག་ཐད་ནས་ཐོབ་པའི་གྲུབ་འབྲས་ཆེན་པོ་ཕྱོགས་ཡོངས་ནས་དྲིལ་བསྒྲགས་དང་།ཏང་དང་སྲིད་གཞུང་གི་དབུལ་སྐྱོར་གསར་སྤེལ་གྱི་འཐབ་ཇུས་བཀོད་སྒྲིག་དང་སྲིད་ཇུས་བྱ་ཐབས་ཀློག་འགྲེལ་ཡང་དག་བྱས་ཏེ།ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་གནད་ཕིགས་དབུལ་སྐྱོར་དང་གནད་ཕིགས་དབུལ་ཐར་གྱི་ཕུན་སུམ་ཚོགས་པའི་ལག་ལེན་དང་སྔོན་ཐོན་དཔེ་མཚོན་གསོན་ཉམས་དོད་པོས་དྲིལ་བསྒྲགས་བྱེད་དགོས།རྒྱལ་ཁབ་ཀྱི་དབུལ་སྐྱོར་གཟི་བརྗིད་ལམ་ལུགས་འཛུགས་པ་དང་དབུལ་སྐྱོར་གསར་སྤེལ་ལ་ལེགས་སྐྱེས་གཟེངས་སུ་ཐོན་པ་འབུལ་མཁན་རྩ་འཛུགས་དང་མི་སྒེར་ལ་གཟེངས་བསྟོད་བྱེད་དགོས། ཕྱི་ཕྱོགས་ལ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་དབུལ་པོ་ཉུང་དུ་གཏོང་བའི་ཀྲུང་གོའི་གཏམ་རྒྱུད་ཡག་པོ་བཤད་པ་དང་།དབུལ་པོ་ཉུང་དུ་གཏོང་བའི་ཀྲུང་གོའི་རེ་འབོད་བརྒྱུད་བསྒྲགས།དབུལ་པོ་ཉུང་དུ་གཏོང་བའི་ཀྲུང་གོའི་འདུ་ཤེས་རྒྱས་བཤད་ཡག་པོ་བཅས་བྱེད་དགོས།

(ཉེར་བརྒྱད།)རྒྱལ་སྤྱིའི་དབུལ་པོ་ཉུང་དུ་གཏོང་བའི་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་དགོས།

ཕྱི་ཕྱོགས་སུ་རོགས་སྐྱོར་དང་།རྣམ་གྲངས་མཉམ་ལས།ལག་རྩལ་རྒྱ་སྐྱེད།རིག་མཛོད་སྤེལ་རེས་སོགས་བྱ་ཐབས་སྣ་ཚོགས་བརྒྱུད་དེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་རྒྱལ་སྤྱིའི་ལས་ཁུངས་བར་དབུལ་པོ་ཉུང་དུ་གཏོང་བའི་ཁྱབ་ཁོངས་སུ་སྤེལ་རེས་མཉམ་ལས་བྱ་བར་ཤུགས་སྣོན་དགོས།རྒྱལ་སྤྱིའི་སྔོན་ཐོན་གྱི་དབུལ་པོ་ཉུང་དུ་གཏོང་བའི་འདུ་ཤེས་དང་ཉམས་མྱོང་དཔྱད་གཞིར་ཧུར་ཐག་གིས་འཛིན་དགོས།དབུལ་པོ་ཉུང་དུ་གཏོང་བའི་རྒྱལ་སྤྱིའི་འགན་འཁྲི་ལག་བསྟར་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་བར་རྒྱུན་མཐུད་འཕེལ་རྒྱས་གཏོང་བའི་གྲོས་རིམ་དོན་འཁྱོལ་ཧུར་ཐག་བྱས་ཏེ་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་དུ་གཏོང་བའི་བྱ་གཞག་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།

  བརྒྱད། ཏང་གི་མགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་བྱས་ནས་དབུལ་ཐར་འགག་སྒྲོལ་ལ་སྟོབས་དང་ལྡན་པའི་ཆབ་སྲིད་ཀྱི་འགན་ལེན་བྱེད་དགོས།

  (ཉེར་དགུ།)དབུལ་ཐར་འགག་སྒྲོལ་གྱི་མགོ་ཁྲིད་ཀྱི་འགན་འཁྲིའི་ལམ་ལུགས་ལ་ཤུགས་སྣོན་དགོས། 

ཀྲུང་དབྱང་གིས་སྤྱི་འདོམས་དང་།ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)གྱིས་སྤྱི་འགན་ཁུར་བ། གྲོང་ཁྱེར(ས་ཁུལ)དང་རྫོང་གིས་དོན་འཁྱོལ་ལ་དམ་འཛིན་བཅས་ཀྱི་ལས་ཀའི་ལམ་སྲོལ་ལག་བསྟར་བྱས་ཏེ་ཡུག་འབྲེལ་ས་ཁུལ་གཙོ་གནད་དུ་འཛིན་རྒྱུ་དང་དམིགས་ས་ཡོད་པའི་སྒོ་ནས་སྡེ་བ་དང་དུད་ཚང་དུ་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས།ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དབུལ་སྐྱོར་གསར་སྤེལ་གྱི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་སྤྱི་འདོམས་བྱས་ནས་བཟོ་རྒྱུའི་འགན་ཁུར་ཏེ་སྲིད་ཇུས་ཀྱི་བྱེད་ཐབས་གལ་ཆེན་འདོན་པ་དང་བཟོ་འགོད་གལ་ཆེན་གྱི་རྣམ་གྲངས་འཆར་འགོད་བྱེད་དགོས།ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)ཏང་ཨུ་དང་སྲིད་གཞུང་གིས་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་སྤྱི་འགན་ཁུར་ནས་དམིགས་ཚད་གཏན་ཁེལ་དང་།རྣམ་གྲངས་དོན་འཁྱོལ།མ་དངུལ་གཏོང་བ།སྒྲིག་འཛུགས་སྐུལ་སློང་།ལྟ་སྐུལ་དཔྱད་ཞིབ་སོགས་ཀྱི་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས།གྲོང་ཁྱེར(ས་ཁུལ)ཏང་ཨུ་དང་སྲིད་གཞུང་གིས་གོང་འོག་འབྲེལ་མཐུད་དང་།ས་ཁོངས་མཐུན་སྦྱོར།ལྟ་སྐུལ་ཞིབ་བཤེར་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་སེམས་ནུས་ཚང་མ་རྫོང་དབུལ་པོ་དུས་བཅད་ལྟར་དབུལ་ཐར་ཐུབ་རྒྱུའི་ཐོག་འཇོག་དགོས།རྫོང་རིམ་པའི་ཏང་ཨུ་དང་སྲིད་གཞུང་གིས་བྱེད་པོའི་འགན་འཁྲི་འཁུར་དགོས་པ་དང་།ཧྲུའུ་ཅི་དང་རྫོང་དཔོན་འགན་ཁུར་པ་དང་པོ་ཡིན་པའི་ཐོག་ནས་མྱུར་ཚད་བཀོད་སྒྲིག་དང་།རྣམ་གྲངས་དོན་འཁྱོལ།མ་དངུལ་བེད་སྤྱོད།མི་ཤུགས་བཀོད་སྒྲིགལག་བསྟར་བྱ་རྒྱུར་སྐུལ་འདེད་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས།དབུལ་ཐར་འགག་སྒྲོལ་གྱི་འགན་འཁྲིའི་ཡི་གེ་རིམ་པ་རེ་རེ་བཞིན་བཞག་ནས་དབུལ་སྐྱོར་གསར་སྤེལ་གྱི་ལས་འགན་ལྕི་བའི་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)ཏང་སྲིད་ཀྱི་མགོ་ཁྲིད་གཙོ་བོས་ཀྲུང་དབྱང་དང་དབུལ་ཐར་འགན་འཁྲིའི་ཡི་གེ་བཞག་སྟེ་ལོ་རེར་ཀྲུང་དབྱང་ལ་དབུལ་སྐྱོར་དབུལ་ཐར་གྱི་འཕེལ་རིམ་གནས་ཚུལ་སྙན་སེང་ཞུ་དགོས།ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)ཏང་ཨུ་དང་སྲིད་གཞུང་གིས་གྲོང་ཁྱེར(ས་ཁུལ)དང་རྫོང(གྲོང་ཁྱེར)ཞིང་གྲོང་བཅས་ལ་བླང་བྱ་འདོན་དགོས་པ་དང་འབྲེལ་འགན་འཁྲིའི་ལམ་ལུགས་རིམ་པ་རེ་རེ་བཞིན་དོན་འཁྱོལ་བྱེད་དགོས།ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཁག་སོ་སོས་སྡེ་ཁག་གི་འགན་འཁྲི་ལྟར་དབུལ་སྐྱོར་གསར་སྤེལ་གྱི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། སྡེ་ཚན་གྱི་ཆེད་དོན་འཆར་འགོད་དང་དབུལ་ཐར་འགག་སྒྲོལ་གྱི་འཆར་འགོད་ནུས་ལྡན་ངང་འབྲེལ་མཐུད་བྱས་ཏེ།ལས་རིགས་ཐོན་ཁུངས་གང་ལེགས་སྤྱད་ནས་དབུལ་སྐྱོར་གསར་སྤེལ་གྱི་ལས་དོན་ཡག་པོ་བསྒྲུབ་དགོས།དམག་དཔུང་དང་དྲག་ཆས་ཉེན་རྟོག་དམག་དཔུང་གིས་ལེགས་ཆ་འདོན་སྤེལ་བྱས་ཏེ་ས་གནས་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་ནང་ཧུར་ཐག་སྒོས་ཞུགས་དགོས།རྫོང་རིམ་པའི་ལས་བྱེད་པ་བསྐོ་སྤྱོད་ཀྱི་རྐྱེན་སྲོལ་ཇེ་ལེགས་སུ་གཏོང་བ་དང་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)ནང་གི་ཕུལ་བྱུང་ལས་བྱེད་པ་གཅིག་འདོམས་ཀྱིས་དབུལ་སྐྱོར་ལས་འགན་ལྕི་བའི་རྫོང་དུ་ཏང་སྲིད་ཀྱི་མགོ་ཁྲིད་གཙོ་བོའི་ལས་འགན་འཁུར་བར་མངགས་ཏེ།དབུལ་སྐྱོར་གསར་སྤེལ་གྱི་ལས་ཀའི་གྲུབ་འབྲས་དངོས་དེ་ལས་བྱེད་པ་འདེམ་བསྐོའི་གཞི་འཛིན་ས་གལ་ཆེན་དུ་བྱེད་དགོས།དབུལ་ཐར་འགག་སྒྲོལ་རིང་གི་དབུལ་ཕོངས་རྫོང་གི་རྫོང་རིམ་པའི་མགོ་ཁྲིད་ཚན་ཁག་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་།ལས་ཀའི་རྣམ་འགྱུར་ལེགས་པ་དང་ཆ་རྐྱེན་དང་མཐུན་པའི་རིགས་ས་དེ་གར་གོ་གནས་སྤར་ཆོགན་གཞོན་ལས་བྱེད་པ་ཕུལ་བྱུང་ཅན་དང་།ལྷག་པར་རྗེས་གྲབས་ལས་བྱེད་པ་ས་ཁུལ་དབུལ་པོར་གཏོང་བའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་སྟེ།འཆར་གཞི་ཡོད་པའི་སྒོ་ནས་ཞིང་ཆེན་རིམ་པའི་རྗེས་གྲབས་ལས་བྱེད་པ་རྫོང་དབུལ་པོར་གོ་གནས་འཁུར་རྒྱུའི་བཀོད་སྒྲིག་བྱེད་དགོས་པ་དང་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)ཏང་ཨུ་དང་སྲིད་གཞུང་ཁག་གིས་ཀྱང་ཐིང་དང་ཅུས་རིམ་པའི་རྗེས་གྲབས་ལས་བྱེད་པ་རྫོང་དབུལ་པོར་གོ་གནས་ཁུར་བར་གཏོང་དགོས།

རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་རང་རྟོགས་ཀྱིས་ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་བྱས་ཏེ་སྤྱོད་ཚུལ་ལེགས་སུ་ཏན་ཏིག་གཏོང་བ་དང་།བླང་བྱ་ནན་པོ་འདོན་པ།སྤྱོད་ཚུལ་ཏན་ཏིག་བཅས་དབུལ་ཐར་འགག་སྒྲོལ་གྱི་ལས་ཀའི་མགོ་ནས་མཇུག་བར་ཁྱབ་པར་བྱེད་དགོས།

(སུམ་ཅུ།)གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་བཙན་རྫོང་གི་ནུས་པ་འདོན་སྤེལ་བྱེད་དགོས།

ཞང་དང་གྲོང་རྡལ་དབུལ་པོའི་མགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་དམིགས་ས་ཡོད་པའི་སྒོ་ནས་ཆབ་སྲིད་ཀྱི་ཆུ་ཚད་མཐོ་བ་དང་།ལས་ཀའི་ནུས་པ་ཆེ་བ།“ཞིང་གསུམ”ལས་དོན་ལ་རྒྱུས་མངའ་ཡོད་པ་བཅས་ཀྱི་ལས་བྱེད་པ་ཞང་དང་གྲོང་རྡལ་དབུལ་པོའི་ཏང་སྲིད་ཀྱི་མགོ་ཁྲིད་གཙོ་བོའི་འགན་འཁུར་རྒྱུར་འདེམ་བསྐོ་བྱེད་དགོས།སྡེ་བའི་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་སྲོག་ཤིང་དུ་བྱེད་པའི་སྡེ་བ་རིམ་པའི་རྩ་འཛུགས་ཀྱི་ཆ་སྡེབ་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ནས་ནུས་མིད་ཉམས་ཞན་གྱི་སྡེ་བའི་ཏང་རྩ་འཛུགས་གཅིག་སྡུད་ཐོག་དག་ཐེར་བྱེད་པ་དང་།སྡེ་བ་དབུལ་པོའི་ཏང་རྩ་འཛུགས་ཀྱི་གསར་གཏོད་ནུས་པ་དང་།གོང་བུ་འགྲིལ་ཤུགས།དམག་འཐབ་ནུས་པ་བཅས་ཆེ་རུ་གཏོང་བ།བཟོ་ཚོགས་དང་།གུང་གཞོན་ཚོགས་པ།བུད་མིད་མཉམ་འབྲེལ་ལྷན་ཚོགས་སོགས་མང་ཚོགས་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱེད་དགོས།སྡེ་བ་རིམ་པའི་མགོ་ཁྲིད་ཚན་ཁག་འདེམ་བསྐོ་ཡག་པོ་བྱེད་པ་དང་།སྡེ་བའི་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པའི་དཔུང་ཁག་འཛུགས་སྐྱོང་ལ་མངོན་གསལ་དུ་དམ་འཛིན་ཡག་པོ་བྱེད་པ།ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱེད་དགོས།སྡེ་བ་རིམ་པའི་རྩ་འཛུགས་ཀྱི་འཁོར་སྐྱོད་འགྲོ་གྲོན་འགན་ལེན་གྱི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ་སྡེ་བའི་ལས་བྱེད་པའི་གླ་ཆ་དང་།སྡེ་བའི་གཞུང་དོན་འགྲོ་གྲོན།དགོས་ངེས་ཀྱི་འགྲོ་གྲོན་གཞན་བཅས་འགན་ལེན་གྱི་གཙོ་གནད་དུ་བརྩི་དགོས།བསམ་བློའི་ཆུ་ཚད་མཐོ་བ་དང་།སྤྱོད་ཚུལ་བཟང་བ།ནུས་པ་ཆེ་བ་བཅས་ཀྱི་ཕུལ་དུ་བྱུང་བའི་ན་གཞོན་ལས་བྱེད་པ་ས་ཁུལ་དབུལ་པོའི་སྡེ་བར་བཅའ་སྡོད་བྱེད་པར་འདེམ་མངག་བྱེད་པ་དང་སློབ་ཆེན་གྱི་མཐར་ཕྱིན་སློབ་མ་སྡེ་བ་དབུལ་པོར་ལས་ཀ་བྱེད་པར་གདམ་གསེས་དང་གདན་ཞུ་བྱ་རྒྱུར་སྣང་ཆེན་བྱེད་དགོས།སྡེ་བ་དབུལ་པོའི་དངོས་ཡོད་དགོས་མཁོ་གཞིར་བཟུང་སྟེ།ཧྲུའུ་ཅི་དང་པོ་གནད་ཕིགས་འདེམ་བསྐོ་དང་སྡེ་བར་བཅའ་སྡོད་ལས་དོན་རུ་ཁག་གནད་ཕིགས་འདེམ་མངག་བྱས་ནས་རྫོང་རིམ་པ་ཡན་གྱི་ལས་ཁུངས་ཀྱིས་ལས་བྱེད་པ་འདེམ་གཏོང་བྱེད་པའི་བསྡུར་ཚད་ཆེ་རུ་གཏོང་དགོས།སྡེ་བར་བཅའ་སྡོད་ལས་བྱེད་པར་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་དབུལ་ཐར་བརྟན་པོ་མ་བྱུང་ན་དཔུང་ཁག་ཕྱིར་འཐེན་བྱེད་མི་རུང་།གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བྱས་རྗེས་བཞག་པ་དང་མང་ཚོགས་ཀྱི་དགའ་བསུ་ཐོབ་པའི་སྡེ་བར་བཅའ་སྡོད་ལས་བྱེད་པ་གཙོ་གནད་དུ་བཟུང་ནས་གསོ་སྐྱོང་བྱེད་པ་དང་བེད་སྤྱོད་གཏོང་དགོས།སྡེ་བ་དབུལ་པོའི་སྡེ་དོན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་འཛུགས་སྐྱོང་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས“གྲོས་མོལ་བཞི་དང་ཡོངས་བསྒྲགས་གཉིས”དང་སྡེ་དོན་མཉམ་འབྲེལ་གྲོས་ཚོགས་སོགས་ཀྱི་ལམ་ལུགས་མུ་མཐུད་དུ་དོན་འཁྱོལ་ཡག་པོ་བྱེད་པ་དང་།ཏང་རྩ་འཛུགས་ཀྱིས་མགོ་ཁྲིད་བྱེད་པའི་སྡེ་མིའི་རང་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།དགོས་མཁོ་དངོས་ཡོད་པའི་ས་གནས་སུ་སྡེ་མིའི་ཚན་ཆུང་ངམ་ཡང་ན་རང་བྱུང་སྡེ་བར་སྡེ་མིས་རང་སྐྱོང་བྱ་ཐབས་འཚོལ་ཞིབ་བྱེད་པ་དང་།ལས་དོན་ལ་གྲོས་མོལ་བྱས་པ་བརྒྱུད།མང་ཚོགས་ཀྱིས་རང་རྟོགས་ངང་དབུལ་སྐྱོར་གསར་སྤེལ་ནང་རྒྱ་ཁྱབ་ཏུ་ཞུགས་པར་རྩ་འཛུགས་བྱེད་དགོས།

(སོ་གཅིག) དབུལ་སྐྱོར་དཔྱད་ཞིབ་ལྟ་སྐུལ་དང་འགན་འཁྲི་བདའ་འདེད་ནན་མོ་བྱེད་དགོས། 

ཀྲུང་དབྱང་གིས་དུས་ཚོད་དམ་འཛིན་གྱིས་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)ཏང་ཨུ་དང་སྲིང་གཞུང་གི་དབུལ་སྐྱོར་གསར་སྤེལ་ལས་ཀའི་ཕན་འབྲས་ལ་དཔྱད་ཞིབ་བྱེད་ཐབས་འདོན་དགོས།ལོ་འཁོར་མོའི་དབུལ་སྐྱོར་གསར་སྤེལ་ལས་དོན་ལ་རིམ་པ་རེ་རེ་བཞིན་ལྟ་སྐུལ་བྱེད་པའི་ལམ་ལུགས་བཟོས་ཏེ།གནད་ཆེའི་སྡེ་ཚན་དང་གནད་ཆེའི་ས་གནས་གདམ་ག་བྱས་ཏེ་མཉམ་འབྲེལ་ཐོག་ལྟ་ཞིབ་བྱས་ནས་དོན་འཁྱོལ་ནུས་ལྡན་མ་བྱུང་བའི་སྡེ་ཚན་དང་ས་གནས་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་མགོ་ཁྲིད་ཚན་ཆུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་ཞུ་འབུལ་དགོས་པར་མ་ཟད།འགན་འཁྲི་བདའ་འདེད་ཀྱི་གྲོས་མགོའང་འདོན་དགོས་པ་དང་།ལོ་འཁོར་མོའི་དབུལ་པོ་ཉུང་གཏོང་གི་ལས་འགན་ལེགས་འགྲུབ་བྱུང་མིད་པའི་ཞིང་ཆེན་གྱི་ཏང་སྲིད་མགོ་ཁྲིད་གཙོ་བོ་ལ་ཁ་ཆད་གྲོས་མོལ་བྱེད་དགོས།

ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རྫོང་དབུལ་པོར་དབུལ་སྐྱོར་བྱེད་པའི་གྲུབ་འབྲས་དཔྱད་ཞིབ་བྱེད་ཐབས་མགྱོགས་མྱུར་ངང་བཟོས་ཏེ།དབུལ་ཕོངས་ཉུང་གཏོང་དམིགས་ཚད་ཀྱིས་རྫོང་དབུལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་ལ་དཔྱད་ཞིབ་བྱེད་པའི་དམིགས་ཚད་ནང་ཟིན་པའི་གོ་གནས་ཆེས་ཆེར་གཏོང་བ་དང་དབུལ་སྐྱོར་ལས་དོན་གྱི་འགན་འཁྲིའི་གསལ་ཐོ་བཟོ་དགོས།གསར་སྤེལ་ཚོད་འཛིན་ས་ཁོངས་དང་སྐྱེ་ཁམས་ཞན་པའི་རྫོང་དབུལ་པོར་ས་གནས་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་ལ་དཔྱད་ཞིབ་མི་བྱེད་པའི་བླང་བྱ་མགྱོགས་མྱུར་ངང་དོན་འཁྱོལ་བྱེད་དགོས།རྫོང་དབུལ་པོར་ཚོད་འཛིན་བྱེད་པའི་རྐྱེན་སྲོལ་དོན་འཁྱོལ་དང་།རྒྱས་སྤྲོས་ཆུད་ཟོས་གཏན་འགོགབསྲི་ཚགས་གྲོན་ཆུང་།“གཞུང་དོན་གསུམ”གྱི་འགྲོ་གྲོན་ཚོད་འཛིན་ནན་མོ།རྫོང་དབུལ་པོའི“རྒྱས་སྤྲོས་གཞུང་དོན་ཁང”དང“ཞྭ་མོས་གཡོག་པའི”ཕྱུག་ངོམ་སྲོལ་ངན་མཐའ་གཅིག་ཏུ་བཀག་འགོགདོན་དངོས་དང་མི་མཐུན་པའི་གཟུགས་བཪྙན་བཟོ་འགོད་གཏན་འགོག་བཅས་བྱེད་དགོས།དབུལ་འབྲེལ་དོན་རྐྱེན་ཚབས་ཆེན་ཐག་གཅོད་དང་ཕྱིར་ལྡོག་རྐྱེན་སྲོལ་བཟོས་ནས་དཔེ་མཚོན་དོན་རྐྱེན་ཐག་གཅོད་བྱེད་རིང་གནད་དོན་ཤེས་རྟོགས་ཐུབ་པ་དང་དབུལ་སྐྱོར་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མིད་པར་ཆེ་རུ་གཏོང་དགོས།གྲོང་གསེབ་ཀྱི་དབུལ་པོ་སྡོམ་རྩིས་དང་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་ལྟ་ཞིབ་ཚད་ལེན་བྱེད་ནུས་ཇེ་ཆེ་དང་གཞི་གྲངས་ཀྱི་སྤུས་ཚད་མཐོ་རུ་བཏང་ནས་གཞི་གྲངས་མཉམ་དུ་ལོངས་སྤྱོད་ཐུབ་པ་བྱེད་དགོས།

(སོ་གཉིས།)དབུལ་སྐྱོར་གསར་སྤེལ་གྱི་དཔུང་སྡེ་འཛུགས་སྐྱོང་ལ་ཤུགས་སྣོན་དགོས།

རིམ་པ་སོ་སོའི་དབུལ་སྐྱོར་གསར་སྤེལ་མགོ་ཁྲིད་ཚན་ཆུང་དང་ལས་ཀའི་སྒྲིག་གཞི་ཇེ་བརྟན་དུ་གཏོང་བ་དང་ཤུགས་སྣོན་རྒྱག་དགོས།དབུལ་སྐྱོར་གསར་སྤེལ་གྱི་ལས་འགན་ལྕི་བའི་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)དང་།གྲོང་ཁྱེར(ས་ཁུལ)དང་རྫོང(གྲོང་ཁྱེར)བཅས་ཀྱི་དབུལ་སྐྱོར་གསར་སྤེལ་མགོ་ཁྲིད་ཚན་ཆུང་གི་ཙུའུ་ཀྲང་དེ་ཏང་སྲིད་འགན་ཁུར་པ་གཙོ་བོས་འགན་ཁུར་ཏེ་རིམ་པ་སོ་སོའི་དབུལ་སྐྱོར་གསར་སྤེལ་མགོ་ཁྲིད་ཚོགས་ཆུང་གི་འཐབ་ཇུས་བཀོད་སྒྲིག་དང་།སྤྱི་འདོམས་མཐུན་སྦྱོར།ལྟ་སྐུལ་དོན་འཁྱོལ།ཞིབ་བཤེར་དཔྱད་ཞིབ་བཅས་ཀྱི་འགན་ནུས་ལ་ཤུགས་སྣོན་དགོས།གནད་ཕིགས་དབུལ་སྐྱོར་ལས་དོན་གྱི་བླང་བྱ་དང་འཚམ་པའི་དབུལ་སྐྱོར་གསར་སྤེལ་དཔུང་སྡེ་དང་ལས་ཁུངས་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ་དང་རིམ་པ་སོ་སོའི་དབུལ་སྐྱོར་གསར་སྤེལ་ལས་ཁུངས་ཀྱི་སྒྲིག་འཛུགས་དང་འགན་ནུས་འཐུས་ཚང་དུ་བཏང་ནས་རིམ་པ་སོ་སོའི་དབུལ་སྐྱོར་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་དགོས།དབུལ་སྐྱོར་གྱི་ལས་འགན་ལྕི་བའི་ཞིང་གྲོང་དུ་ཆེད་འགན་འཁུར་མཁན་ལས་བྱེད་པས་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་འགན་འཁུར་དགོས།ས་ཁུལ་དབུལ་པོའི་རྫོང་རིམ་པའི་མགོ་ཁྲིད་ལས་བྱེད་པ་དང་དབུལ་སྐྱོར་ལས་བྱེད་པའི་བསམ་བློའི་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་དབུལ་སྐྱོར་ལས་བྱེད་པའི་དཔུང་སྡེའི་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས།

(སོ་གསུམ།)དབུལ་སྐྱོར་གསར་སྤེལ་གྱི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།

རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་འགན་འཁྲི་ཏན་ཏིག་གིས་བསྒྲུབས་ཏེ་ཁྲིམས་སྐྱོང་གི་བསམ་བློ་དང་ཁྲིམས་སྐྱོང་གི་བྱེད་ཐབས་ཐོག་ནས་དབུལ་སྐྱོར་གསར་སྤེལ་ལས་དོན་ལ་སྐུལ་འདེད་གཏོང་བ་དང་སྒྲིག་ཁོངས་འཆར་འགོད་དང་།རྣམ་གྲངས་བཀོད་སྒྲིགམ་དངུལ་བེད་སྤྱོད།ལྟ་སྐུལ་དོ་དམ་སོགས་ཀྱི་ཐད་ནས་ཚད་ལྡན་ཅན་དང་།ལམ་ལུགས་ཅན།ཁྲིམས་སྐྱོང་ཅན་བཅས་སུ་བསྒྱུར་བའི་ཆུ་ཚད་མཐོ་རུ་གཏོང་དགོས།ས་ཁུལ་དབུལ་པོའི་སྤྱི་ཚོགས་བདེ་འཇགས་སྔོན་འགོག་ཚོད་འཛིན་མ་ལག་བསྐྲུན་རྒྱུ་དང་གཞི་རིམ་གྱི་ཁྲིམས་འཛིན་དཔུང་སྡེ་བསྐྲུན་རྒྱུར་ཤུགས་སྣོན་དགོས།ས་ཁུལ་དབུལ་པོའི་སྤྱི་པའི་ཁྲིམས་ལུགས་ཞབས་ཞུའི་ལམ་ལུགས་འཐུས་ཚང་དུ་བཏང་ནས་དབུལ་པོའི་ཁྲིམས་མཐུན་ཁེ་དབང་འགན་ལེན་ཏན་ཏིག་བྱེད་དགོས།དབུལ་སྐྱོར་གསར་སྤེལ་གྱི་བཅའ་ཁྲིམས་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་དགོས་པ་དང་།དབུལ་སྐྱོར་གསར་སྤེལ་གྱི་སྲོལ་ཡིག་དམ་འཛིན་བྱས་ནས་བཟོ་དགོས།

ང་ཚོས་བློ་མཐུན་ཞི་ཅིན་ཕེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་གོང་བུ་གཅིག་སྒྲིལ་དང་།གནད་ཕིགས་ཤུགས་འདོན།དཀའ་སྤྱད་དངོས་སྒྲུབ་བྱས་ནས་དབུལ་སྐྱོར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ནས།ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་འགྱུར་བྱ་ཆེད་ཧུར་ཐག་འབད་འཐབ་བྱེད་དགོས།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།