གྱོད་དཔེ།
ཚེ་དབང་ལམ་ཞིག་ཏུ་འགྲོ་སྐབས་སྒོར་ཁུག་ཅིག་རྙེད་ཅིང་།སྒོར་ཁུག་ནང་དུ་སྒོར་འགའ་མ་གཏོགས་ཅི་ཡང་མི་འདུག ཚེ་དབང་གིས་སྒོར་ཁུག་རྙེད་སའི་ས་དེ་རུ་བདག་པོར་ལ་སྒུག་ནས་ཇི་ལྟར་བསྡད་ཀྱང་ཐ་ན་མི་ཞིག་གི་གྲིབ་མ་ཙམ་ཡང་མ་མཐོང་།ཁོའི་སེམས་སུ་སྒོར་ཁུག་འབོར་མཁན་བཙལ་ཏེ་མ་རྙེད་ན་ཁོར་དབང་སོང་བ་མིན་ནམ་སྙམ།དེས་ན་ཚེ་དབང་གི་བསམ་ཚུལ་དེ་འགྲིག་གམ།
ཕྲན་དཔྱད།
རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང》གི་དོན་ཚན314པ་དང་315པ།318པ་བཅས་ཀྱི་གཏན་འཁེལ་ལྟར་ན།“བོར་དངོས་རྙེད་ཚེ་ཁེ་དབང་འཛིན་མཁན་ལ་ཕྱིར་སྟེར་དགོས།རྙེད་མཁན་གྱིས་དུས་ལྟར་ཁེ་དབང་འཛིན་མཁན་ལ་བརྡ་གཏོང་བའམ་ཡང་ན་སྤྱི་བདེ་ལས་ཁུངས་སོགས་འབྲེལ་ཡོད་སྡེ་ཁག་ལ་སྤྲད་དགོས།འབྲེལ་ཡོད་སྡེ་ཁག་གིས་བོར་དངོས་འབྱོར་རྗེས།ཁེ་དབང་འཛིན་མཁན་སུ་ཡིན་པ་ཤེས་ན་དུས་ལྟར་བརྡ་བཏང་སྟེ་ལེན་དུ་འཇུག་རྒྱུ།ཁེ་དབང་འཛིན་མཁན་སུ་ཡིན་པ་མ་ཤེས་ན་དུས་ལྟར་སྤྱི་སྒྲོག་བྱ་དགོས།བོར་དངོས་སྤྱི་སྒྲོག་སྤེལ་བའི་ཉིན་ནས་བཟུང་ལོ་གཅིག་གི་ནང་ཚུན་དུ་སུས་ཀྱང་རྩིས་ལེན་མ་བྱས་ན་རྒྱལ་ཁབ་ལ་དབང”ཞེས་བཀོད་ཡོད།
དེར་བརྟེན།གོང་གི་གྱོད་དོན་འདིར་གཞིགས་ན།བོར་དངོས་རྙེད་དེ་བདག་པོར་སྟེར་ཐུབ་མེད་ཚེ།བོར་དངོས་འབྲེལ་ཡོད་སྡེ་ཁག་ལ་སྤྲད་དགོས།འབྲེལ་ཡོད་སྡེ་ཁག་གིས་ཀྱང་ཁེ་དབང་འཛིན་མཁན་སུ་ཡིན་པ་གཏན་འཁེལ་བྱེད་མི་ཐུབ་ཚེ།བོར་དངོས་སྤྱི་སྒྲོག་སྤེལ་དགོས།བོར་དངོས་སྤྱི་སྒྲོག་སྤེལ་བའི་ཉིན་ནས་བཟུང་ལོ་གཅིག་གི་ནང་ཚུན་དུ་སུས་ཀྱང་རྩིས་ལེན་མ་བྱས་ན་རྒྱལ་ཁབ་ལ་དབང་བ་ཡིན་པས་པ་སངས་ཀྱི་བསམ་ཚུལ་དེ་ནོར་འདུག་གོ