ཀྲུང་གོ་བོད་ཀྱི་དྲ་བ།

གནས་ཚུལ་འདི་འདྲར་འཕྲད་ན་ཉོ་འཚོང་གན་རྒྱ་ཞིག་ཆོག་གམ།

  རྩོམ་པ་པོ། : མདོ་སྡེ་རྒྱལ།   སྤེལ་དུས། : 2025-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྱོད་དཔེ།

སྐྱབས་ལོ་ཡིས་རླངས་འཁོར་ཀུང་སི་ག་གེ་མོ་ཞིག་དང་ཉོ་འཚོང་གན་རྒྱ་བཞག་སྟེ།རླངས་འཁོར་ཆུང་ཆུང་རིགས500ཉོ་རྒྱུའི་ཁ་ཆད་བཞག་ཅིང་།ཁོས་རླངས་འཁོར་དེ་དག་གླ་གཏོང་རླངས་འཁོར་དུ་བསྒྱུར་རྒྱུ་བྱས།ཁོས་ཀུང་སི་དེ་གར་གན་རྒྱ་བཞག་རྗེས།ཀུང་སིས་ཁོ་ལ་རླངས་འཁོར་མ་སྤྲད་པའི་སྔོན་དུ།ས་གནས་མི་དམངས་སྲིད་གཞུང་གིས་གླ་གཏོང་རླངས་འཁོར་སྐོར་གྱི་ཚད་གཞི་གསར་པ་བཏོན་ཏེ།སྐྱབས་ལོ་ཡིས་ཉོས་པའི་རླངས་འཁོར་དག་སྲིད་གཞུང་གིས་བཏོན་པའི་འགྲུལ་སྐྱེལ་ཚོང་གཉེར་གྱི་ཚད་གཞིའི་གཏན་འཁེལ་དང་མ་མཐུན།དེ་བས་སྐྱབས་ལོས་ཀུང་སི་དེ་གར་གན་རྒྱ་ཞིག་ཆོག་གམ།

ཕྲན་དཔྱད།

རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང》གི་དོན་ཚན533པའི་གཏན་འཁེལ་ལྟར་ན།“གན་རྒྱ་གྲུབ་རྗེས།གན་རྒྱའི་རྩ་བའི་ཆ་རྐྱེན་ལ་དོ་བདག་པས་གན་རྒྱ་འཇོག་དུས་སྔོག་དཔོག་བྱེད་མི་ཐུབ་པ་དང་།ཚོང་ལས་ཀྱི་ཉེན་ཁའི་ཁོངས་སུ་མི་གཏོགས་པའི་འགྱུར་ལྡོག་ཆེན་པོ་བྱུང་རིགས།མུ་མཐུད་དུ་གན་རྒྱ་ལག་བསྟར་བྱས་པ་དེ་དོ་བདག་པ་ཕྱོགས་གཅིག་ལ་མངོན་གསལ་གྱི་འདྲ་མཉམ་མིན་རིགས།ཤུགས་རྐྱེན་ངན་པ་ཐེབས་པའི་དོ་བདག་པས་ཕ་རལ་པོར་བསྐྱར་དུ་གྲོས་མོལ་བྱས་ཆོག ལུགས་མཐུན་གྱི་དུས་ཡུན་ནང་གྲོས་མཐུན་མ་བྱུང་ན།དོ་བདག་པས་མི་དམངས་ཁྲིམས་ཁང་ངམ་ཡང་ན་འདུམ་གཅོད་སྡེ་ཁག་ལ་གན་རྒྱ་བརྗེ་བསྒྱུར་རམ་ཡང་ན་ཕྱིར་འཐེན་བྱ་རྒྱུའི་རེ་ཞུ་ཞུས་ཆོག”ཅེས་བཀོད་ཡོད།

དེར་བརྟེན།གོང་གི་གྱོད་དོན་འདིར་གཞིགས་ན།སྲིད་གཞུང་གི་སྲིད་ཇུས་སྙོམས་སྒྲིག་བྱས་པའི་དབང་གིས་སྐྱབས་ལོས་བཞག་པའི་གན་རྒྱའི་དམིགས་ཡུལ་མངོན་འགྱུར་བྱེད་ཐབས་བྲལ་བ་དེ་གནས་བབ་བརྗེ་བསྒྱུར་བྱས་པ་རུ་གྲུབ་པས།སྐྱབས་ལོས་མི་དམངས་ཁྲིམས་ཁང་དུ་གན་རྒྱ་ཞིག་རྒྱུའི་རེ་ཞུ་འདོན་དབང་ཡོད།


 
རྩོམ་སྒྲིག་པ། : མདོ་སྡེ་རྒྱལ།
རྩོམ་སྒྲིག་འགན་ཁུར་བ། : མདོ་སྡེ་རྒྱལ།