ཀྲུང་གོ་བོད་ཀྱི་དྲ་བ།

དཔལ་སྒྲོན་གྱིས་མ་ཡར་ལ་སྲི་ཞུ་བསྒྲུབ་དགོས་སམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།   རྩོམ་པ་པོ། : མདོ་སྡེ་རྒྱལ།   སྤེལ་དུས། : 2025-05-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྱོད་དཔེ།

དཔལ་སྒྲོན་ཆུང་དུས་ནས་ཨ་མ་ཚེ་ལས་འདས། ཨ་ཕས་ཡང་བསྐྱར་གཉེན་བསྒྲིགས་རྗེས་མ་ཡར་མོའི་སྟེང་ལ་ཤིན་ཏུ་རྩུབ་པས། མོ་རང་ཆུང་དུས་ནས་ཨ་མྱེས་དང་ཨ་ཕྱི་གཉིས་དང་འགྲོགས་ཏེ་འཚོ་བ་རོལ་ཞིང་། སྐབས་དེར་དཔལ་སྒྲོན་གྱི་འཚོ་བའི་ཕྱོགས་ཀྱི་འབྲེལ་ཡོད་གྲོན་དངུལ་ཨ་ཕས་སྤྲད་ཅིང་། ད་ལྟ་དཔལ་སྒྲོན་གཉེན་བསྒྲིགས་ནས་ཁྱིམ་གཞིས་བཅས་ཡོད་ལ། ཨ་ཕ་ཡང་ཚེ་ལས་འདས་ཟིན། མ་ཡར་ལས་བསྐྱུར་ངལ་གསོ་བྱས་རྗེས་ལུས་ཕུང་གི་གནས་ཚུལ་དེ་འདྲའི་བཟང་རྒྱུ་མེད། མོར་བུ་ཕྲུག་གཞན་གཅིག་ཀྱང་མེད་ནའང་། མོས་དཔལ་སྒྲོན་ཆུང་དུས་ནས་སྙོར་སྐྱོང་བྱས་མ་མྱོང་།དེས་ན་དཔལ་སྒྲོན་གྱིས་མ་ཡར་ལ་སྲུ་ཞུ་བསྒྲུབ་དགོས་སམ།

བཅའ་ཁྲིམས་དབྱེ་ཞིབ།

རང་རྒྱལ་གྱི 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན1072པའི་གཏན་འཁེལ་ལྟར་ན། "ཕ་ཡར་མ་ཡར་དང་སྔ་ཚར་གྱི་བར་དུ། མནར་གཅོད་དང་དམའ་འབེབས་བྱེད་མི་རུང་། ཕ་ཡར་རམ་མ་ཡར་དང་དེས་སྙོར་སྐྱོང་བྱས་པའི་སྔ་ཚར་བར་གྱི་དབང་ཆ་དང་འོས་འགན་གྱི་འབྲེལ་བ་ལ། ཁྲིམས་འདིའི་ཕ་མ་བུ་ཕྲུག་གི་འབྲེལ་བའི་སྐོར་གྱི་གཏན་འཁེལ་སྤྱད་ཆོག"ཅེས་བཀོད་ཡོད། དཔལ་སྒྲོན་ཆུང་དུས་ནས་ཨ་མྱེས་ཨ་ཕྱི་དང་ལྷན་དུ་འཚོ་བ་རོལ་ཡང་། ཨ་ཕས་བྱིན་པའི་སྙོར་སྐྱོང་གྲོན་དངུལ་ནི་ཁོ་བཟའ་ཟླ་གཉིས་ཀའི་ཐུན་མོང་གི་རྒྱུ་ནོར་དུ་གཏོགས་པས། མ་ཡར་གྱིས་ཀྱང་སྔ་ཚར་ལ་སྙོར་སྐྱོང་བྱེད་འགན་འཁུར་བར་ངོས་འཛིན་དགོས་པར་མ་ཟད། སྙོར་སྐྱོང་གི་འབྲེལ་བའང་ཆགས་ཡོད་པས། སྤྱི་ལུགས་སྲོལ་བཟང་གི་རྩ་དོན་ལྟར་ན། དཔལ་སྒྲོན་གྱིས་མ་ཡར་ལ་སྲི་ཞུ་བསྒྲུབ་པའི་འོས་འགན་འཁུར་དགོས།

 
རྩོམ་སྒྲིག་པ། : མདོ་སྡེ་རྒྱལ།
རྩོམ་སྒྲིག་འགན་ཁུར་བ། : མདོ་སྡེ་རྒྱལ།