ཀྲུང་གོ་བོད་ཀྱི་དྲ་བ།

《“བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་ཤེས་བྱའི་དྲི་བ200》(སོ་དགུ་པ)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-02-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

191.མི་རིགས་འབྲེལ་བར་འགལ་རྐྱེན་བཟོས་པར་ཁོ་ལ་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་ཕོག་པའི་རྒྱུ་མཚན་ཅི་ཡིན།

[གྱོད་དཔེ།] གྲངས་ཉུང་མི་རིགས་འདུས་སྡོད་ས་ཁུལ་ག་གེ་མོ་ཞིག་ཏུ་སྤེལ་བའི་མི་སྒེར་གྱིས་འཁྲབ་སྟོན་བྱེད་པའི་རོལ་དབྱངས་འདུ་ཚོགས་ཤིག་གི་སྟེང་། གྲོང་ཁྱེར་ག་གེ་མོའི་རིག་རྩལ་ལས་དོན་ཚོགས་པའི་ཚོགས་མིས(ཀྲུང་གོ་གུང་ཁྲན་ཏང་ཡོན)འཁྲབ་སྟོན་མཇུག་སྒྲིལ་གྲབས་ཡོད་པའི་སྐབས་སུ། གར་སྟེགས་སྟེང་དུ་རང་གིས་བྲིས་པའི་སྙན་ངག་གྱེར་འདོན་བྱས་ཤིང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་རང་རྒྱལ་གྱི་མི་རིགས་སྲིད་ཇུས་ལ་རྒོལ་རྡུང་དང་མི་རིགས་ཁ་བྲལ་འུད་སྒྲོག་བྱས། ཚོགས་པ་དེས་དཀྲུག་ཤིང་བརྒྱབ་པའི་འོག་ས་གནས་དེ་གར་མི་རིགས་ཀྱི་རྩོད་གཞི་ངེས་ཅན་ཞིག་བཟོས་པས། བློ་མཐུན་དེར་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་ཕོག་པ་རེད།

[དབྱེ་ཞིབ།]《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》གི་དོན་ཚན་དྲུག་ཅུ་པའི་ནང་། མི་རིགས་ཀྱི་འབྲེལ་བར་གཏོར་བཤིག་གཏོང་བའི་བྱ་ངན་སྤེལ་བའམ་ཡང་ན་མི་རིགས་ཁ་ཕྲལ་གཏོང་བའི་བྱེད་སྒོར་ཞུགས་པའི་ཚེ། ཇུས་འགོད་པ་དང་སྒྲིག་འཛུགས་པ། རྐང་འཛིན་པ་བཅས་ཏང་ཁོངས་ནས་ཕུད་པའི་ཆད་པ་གཅོད་རྒྱུ་ཞེས་གཏན་འབེབས་བྱས་ཡོད། ཞུགས་མཁན་གཞན་དག་ལ་ཉེས་ཚབས་ཅུང་ཆུང་བའི་རིགས་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་མོ་སྒྲོག་པ་དང་། ཉེས་ཚབས་ཅུང་ཆེ་བའི་རིགས་ལ་ཏང་ནང་གི་གོ་གནས་ཕྱིར་འཐེན་བྱ་རྒྱུའམ་ཏང་ནང་བཞག་ནས་ལྟ་ཞིབ་བྱ་རྒྱུའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་བའི་རིགས་ལ་ཏང་ཁོངས་ནས་ཕུད་རྒྱུའི་ཆད་པ་གཅོད་རྒྱུ་ཞེས་གཏན་འཁེལ་བྱས་ཡོད།

192.གོང་རིམ་ཏང་རྩ་འཛུགས་ཀྱི་གཏན་འབེབས་ལག་བསྟར་མ་བྱས་ཚེ་སྒྲིག་ཁྲིམས་གང་ཞིག་དང་འགལ་ཡོད་དམ།

[གྱོད་དཔེ།] སྡེ་ཁུལ(གྲོང་ཚོ)ག་གེ་མོའི་ཏང་གི་སྤྱི་ཁྱབ་ཀྲི་པུའུ་ཧྲུའུ་ཅི་ཅང་ཆེ་གེ་མོས་ཆུས་དང་གྲོང་རྡལ་རིམ་པ་གཉིས་ཀྱི་ཏང་རྩ་འཛུགས་ཀྱི་གཏན་འབེབས་ལག་ལེན་མི་བསྟར་བར། ཐུན་མོང་གི་མ་དངུལ་སྒོར་ཁྲི་416ལྷག་དགོན་སྡེ་ཞིག་གསོ་བྱེད་པའི་ཐད་སྤྱད་པ་རེད། དོན་དག་བྱུང་རྗེས་ཅང་ཆེ་གེ་མོར་ཏང་ཁོངས་ནས་ཕུད་པའི་ཆད་པ་བཅད་པ་རེད།

[དབྱེ་ཞིབ།]《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》གི་དོན་ཚན་བདུན་ཅུ་པའི་ནང་། དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་དང་འགལ་ནས་གཤམ་གསལ་བྱ་སྤྱོད་ལས་རིགས་གཅིག་ཡོད་ན། ཐ་ཚིག་སྒྲོག་པའམ་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་བར་ཏང་ནང་གི་གོ་གནས་ཕྱིར་འཐེན་བྱེད་པའམ་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ་གཏན་འཁེལ་བྱས་ཡོད་པ་སྟེ།

(1)ཏང་རྩ་འཛུགས་ཀྱིས་ཐག་བཅད་པའི་ཆོད་དོན་གལ་ཆེན་ལག་བསྟར་མི་བྱེད་པའམ་ཡང་ན་རང་འདོད་ལྟར་བསྒྱུར་བཅོས་བྱས་པ།

(2)གྲོས་དོན་གྱི་རྩ་སྲོལ་དང་འགལ་ནས་མི་སྒེར་རམ་མི་ཉུང་ཤས་ཤིག་གིས་གནད་དོན་གལ་ཆེན་ཐག་གཅོད་བྱས་པ།

(3)ཐུན་མོང་གི་ཇུས་ཐག་བཅད་དོན་ལས་བསམ་བཞིན་དུ་གཡོལ་བ་དང་། དོན་དག་གལ་ཆེན་དང་ལས་བྱེད་པ་གལ་ཆེན་བསྐོ་འཐེན། རྣམ་གྲངས་གལ་ཆེན་རིགས་བཀོད་སྒྲིག མ་དངུལ་འབོར་ཆེན་བེད་སྤྱོད་བཅས་ཀྱི་ཐག་བཅད་པ།

(4)ཐུན་མོང་གིས་ཇུས་ཐག་གཅོད་པར་ཁ་གཡར་ནས་ཐུན་མོང་གིས་སྒྲིག་འགལ་བྱས་པའི་རིགས། ཏང་གི་སྒྲིག་ཡིག་ནང་“ཏང་ཡོན་སྒེར་གྱིས་ཏང་གི་རྩ་འཛུགས་ལ་བརྩི་སྲུང་དང་། ཉུང་བས་མང་བར་བརྩི་སྲུང་། འོག་རིམ་རྩ་འཛུགས་ཀྱིས་གོང་རིམ་རྩ་འཛུགས་ལ་བརྩི་སྲུང་། ཏང་ཡོངས་ཀྱི་རྩ་འཛུགས་སོ་སོ་དང་ཏང་ཡོན་ཡོངས་ཀྱིས་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་དང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་བརྩི་སྲུང་བཅས་བྱ་དགོས། འདིའི“བརྩི་སྲུང་བཞི”ནི་ཏང་གི་ཆེས་གཞི་རྩར་གྱུར་པའི་རྩ་འཛུགས་ཀྱི་རྩ་དོན་ཡིན་ལ་ཆེས་གཞི་རྩར་གྱུར་པའི་རྩ་འཛུགས་ཀྱི་སྒྲིག་ཁྲིམས་ཤིག་ཀྱང་ཡིན། གཞི་རིམ་ཏང་རྩ་འཛུགས་ཀྱི་འགན་ཁུར་བ་གཙོ་བོ་ཡིན་པའི་ཅང་ཆེ་གེ་མོས་གོང་རིམ་ཏང་རྩ་འཛུགས་ཀྱིས་གཏན་འབེབས་དང་བཀའ་བཀོད་ཁ་གསལ་བྱས་ཡོད་ཀྱང་ལག་ལེན་མ་བསྟར་བར་རང་འདོད་རང་བསམ་གྱིས་ཏང་གི་རྩ་འཛུགས་སྒྲིག་ཁྲིམས་དང་ཚབས་ཆེན་འགལ་བས་ཏང་གི་སྒྲིག་ཁྲིམས་ཀྱི་བདའ་འདེད་བྱེད་དགོས།

193.གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅིས་ཕྱིའི་གྲོང་ཚོར་མནའ་མར་ཕྱིན་པའི་མིའི་ཁྱིམ་ཐོ་ཕ་ཡུལ་དུ་ཕྱིར་སྤར་བས་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་ཕོག་དོན་ཅི་ཡིན་ནམ།

[གྱོད་དཔེ།]གྲོང་ཚོ་ག་གེ་མོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཞུས་ཆེ་གེ་མོས་གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་ཚོགས་འདུའི་ཞིབ་འཇུག་བརྡས་ཐག་མ་བཅད་པའི་སྔོན་འགྲོའི་ཆ་རྐྱེན་འོག རང་དགར་གྲོང་ཚོའི་དྲུང་ཡིག་ལིང་ཆེ་གེ་མོར་ཐེམ་ཐོ་སྤར་བསྒྱུར་གྱི་དཔང་ཡིག་དང་ལེན་བྱེད་དུ་བཅུག་པས། དེ་སྔ་ཕྱིའི་སྡེ་བར་མནའ་མར་སོང་རྗེས་བཟའ་འཐོར་བྱུང་བའི་ཞུས་ཆེ་གེ་མོ་སོགས་མི8ཀྱི་ཁྱིམ་ཐོ་སླར་ཡང་གྲོང་ཚོ་དེར་སྤོས་པ་རེད། གྲོང་རྡལ་སྒྲིག་ཨུ་ཡིས་ཞུས་ཆེ་གེ་མོར་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་རེད།

[དབྱེ་ཞིབ།]ཁྱིམ་ཐོ་སྤར་བསྒྱུར་དེ་གྲོང་ཚོའི་མཉམ་སྡེབ་དང་གྲོང་མིའི་ཁེ་ཕན་དང་འབྲེལ་བ་ཡོད་པས་ངེས་པར་དུ་གོ་རིམ་ལག་བསྟར་ནན་པོ་བྱས་ཏེ། དམངས་གཙོའི་ཐབས་ཇུས་ལག་ལེན་བསྟར་དགོས། གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་ཞུས་ཆེ་གེ་མོས་ལས་དོན་གལ་ཆེན་དེའི་ཐད་འབྲེལ་ཡོད་ལས་ཀའི་སྒྲིག་སྲོལ་ལྟར་ཇུས་ཐག་མ་བཅད་པས་ཏང་གི་རྩ་འཛུགས་ཀྱི་སྒྲིག་ཁྲིམས་དང་འགལ་ཡོད།

194.གྲོང་ཁྱེར་ག་གེ་མོ་ཞིག་གི་ཧྲི་ཀྲང་གིས་སྒོར་དུང་ཕྱུར3.8བཏང་ནས་གཞུང་ལམ་བསྐྲུན་པ་དེ་སྒྲིག་ལམ་གང་དང་འགལ་ཡོད། 

[གྱོད་དཔེ།]གྲོང་ཁྱེར་ག་གེ་མོ་ཨུ་ལྷན་གྱི་དེ་སྔའི་ཧྲུའུ་ཅི་གཞོན་པའམ་དེ་སྔའི་ཧྲི་ཀྲང་ཅིས་ཆེ་གེ་མོས་ལས་འགན་ཁུར་རྗེས། འཕྲལ་དུ་མ་དངུལ་སྒོར་དུང་ཕྱུར3.8བཏང་ནས་གྲོང་ཁྱེར་ནང་ཁུལ་གྱི་གཞུང་ལམ་གཙོ་བོ་བཅོས་སྒྲིག་བྱས་པ་དང་། འབྲེལ་ཡོད་འགྲོ་གྲོན་ལ་གྲོང་ཁྱེར་དམངས་འཐུས་ཚོགས་ཆེན་གྱི་ཆོག་མཆན་ཐོབ་མེད། ཨར་སྐྲུན་ལས་ཡུལ་གྱིས་ས་འོག་གི་པིན་ཞི་མདོང་ལམ་དྲུས་པ་ལས་གྲོང་ཁྱེར་ཡོངས་ལ་འབར་གས་ཆེན་པོ་བྱུང་ཡོད། 

[དབྱེ་ཞིབ།]《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་གཅོད་སྲོལ་ཡིག་》ཅེས་པའི་དོན་ཚན་བརྒྱ་དང་བཅུ་བདུན་པར། “མུན་འཐོམས་ཀྱིས་བུ་ལོན་ལེན་པ་དང་། ལས་སྒོ་སྤེལ་བ། རྣམ་གྲངས་སྤེལ་བ་བཅས་དང་། དམངས་དུབ་རྒྱུ་ཟད་ཀྱི“ཕྱི་ཚུལ་ལས་གཞི”དང་“སྲིད་འབྲས་ལས་གཞི”སྤེལ་ནས། རྒྱལ་ཁབ་དང་ཐུན་མོང་ངམ་མང་ཚོགས་ཀྱི་རྒྱུ་ནོར་དང་ཁེ་ཕན་ལ་གྱོང་གུན་ཆེན་པོ་བཟོས་རིགས་ཀྱི་ཁག་འགན་ཐད་ཀར་འཁུར་མཁན་དང་མགོ་ཁྲིད་ཀྱི་ཁག་འགན་འཁུར་མཁན་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་མོ་སྒྲོག་དགོས་ལ། ཉེས་ཚབས་ཆེ་རིགས་ལ་ཏང་ནང་གི་གོ་གནས་ཕྱིར་འཐེན་དང་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པ། ཡང་ན་ཏང་ཁོངས་ནས་ཕྱིར་ཕུད་པའི་ཆད་པ་དང་ཏང་གི་ཆད་པ་གཅོད་རྒྱུ་ཡིན་ཞེས་གཏན་འཁེལ་བྱས་ཡོད།

195.གནད་འཁེལ་དབུལ་སྐྱོར་ཁྲོད་དུ་མི་བདེན་རྫུན་སྒྲིག་བྱས་པར་ཁོ་སྒྲིག་ཁྲིམས་གང་དང་འགལ་ཡོད་དམ།

[གྱོད་དཔེ།]2017ལོའི་ཟླ11པར་གྲོང་ཚོ་ཞིག་གི་ཏང་ཀྲི་པུའི་ཧྲུའུ་ཅི་ཝུའུ་ཆེ་གེ་མོས་གནད་འཁེལ་དབུལ་སྐྱོར་ལས་དོན་ཁྲོད་མི་བདེན་རྫུན་སྒྲིག་བྱས་པ་དང་། མི་སྣ་སྒྲིག་འཛུགས་མ་བྱས་པར་དབུལ་སྒྲོལ་བྱ་ཡུལ་ལ་ཞིབ་བཤེར་རྩིས་ལེན་དང་འབྲེལ་ཡོད་ཆ་འཕྲིན་འཚོལ་བསྡུ་བྱས་ཏེ། གཞུང་ལས་ཁང་དུ་ཚོད་དཔག་བྱས་ནས་དུད་ཚང་དབུལ་པོའི་ཆ་འཕྲིན་འཚོལ་བསྡུའི་རེའུ་མིག་དང་ཞིབ་བཤེར་རྩིས་ལེན་རེའུ་མིག་བྲིས་པ་མ་ཟད།པར་རིས་གཅིག་དུད་ཚང་དབུལ་པོ་མང་པོའི་ཞིབ་བཤེར་རྩིས་ལེན་གྱི་དཔྱད་གཞིའི་ཡིག་རིགས་སུ་བརྩིས་ཡོད། 2018ལོའི་ཟླ2པར། ཝུའུ་ཆེ་གེ་མོར་ཏང་ནང་ཁུལ་གྱི་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་ཕོག་པ་རེད།

[དབྱེ་ཞིབ།]ལས་ཀའི་སྒྲིག་ཁྲིམས་ནི་ཏང་གི་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་ལས་ཀ་བྱེད་རིང་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་ཚད་གཞི་ཞིག་ཡིན་ལ། ཏང་གི་ལས་དོན་ཁག་བདེ་བླག་ངང་ལེགས་འགྲུབ་ཡོང་བའི་འགན་ལེན་གལ་ཆེན་ཞིག་ཀྱང་ཡིན། ཝུའུ་ཆེ་གེ་མོས་དབུལ་སྐྱོར་བྱ་ཡུལ་གྱི་དབུལ་སྒྲོལ་ཞིབ་བཤེར་རྩིས་ལེན་དང་འགུལ་རྣམ་ཆ་འཕྲིན་འཚོལ་བསྡུའི་ལས་དོན་ཁྲོད་རང་འདོད་རང་བཟོ་དང་མི་བདེན་རྫུན་སྒྲིག་བྱས་པས། ལས་ཀའི་སྒྲིག་ཁྲིམས་དང་ཚབས་ཆེན་འགལ་ཡོད།《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》གི་དོན་ཚན་བརྒྱ་དང་ཉེར་གཉིས་པས “གྲོས་ཚོགས་ཁོ་ནའི་ཐོག་ནས་གྲོས་ཚོགས་དོན་འཁྱོལ་དང་།ཡིག་ཆར་བརྟེན་ནས་ཡིག་ཆ་དོན་འཁྱོལ་བྱེད་པ། ལས་ཀ་དངོས་བྱེད་སྐབས་བྱ་སྤྱོད་མི་སྤེལ་བ”སོགས་ཀྱི་ལས་ཀའི་ཁྲོད་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་བྱ་སྤྱོད་ལ་ཆེད་དམིགས་ཀྱིས་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་རྒྱུའི་གཏན་འབེབས་བྱས་ཡོད། (མུ་འགོད)

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།