ཀྲུང་གོ་བོད་ཀྱི་དྲ་བ།

《“བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་ཤེས་བྱའི་དྲི་བ200》(སོ་བརྒྱད་པ)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-02-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

186.ཏང་ནང་ཁུལ་གྱི་ལྟ་སྐུལ་བྱེད་མཁན་ལ་རིགས་གང་དག་ཡོད། 

ཏང་གི་ཀྲུང་དབྱང་རྩ་འཛུགས་ཀྱི་ལྟ་སྐུལ། ཏང་ཨུའི(ཏང་ཙུའུ)ལྟ་སྐུལ། ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ། ཏང་གི་གཞི་རིམ་རྩ་འཛུགས་དང་ཏང་ཡོན་གྱི་ལྟ་སྐུལ་བཅས་ཡོད། 

187.ཏང་ནང་ཁུལ་གྱི་ལྟ་སྐུལ་བྱ་ཡུལ་གཙོ་བོ་སུ་ཡིན་ནམ། 

ཏང་གི་མགོ་ཁྲིད་ལས་ཁུངས་དང་མགོ་ཁྲིད་ལས་བྱེད་པ། ལྷག་པར་དུ་མགོ་ཁྲིད་ལས་བྱེད་པ་གཙོ་བོ་བཅས་ཡིན། 

188.ཏང་ནང་ཁུལ་གྱི་ལྟ་སྐུལ་ཆེད་འགན་འཁུར་བའི་ལས་ཁུངས་ནི་གང་ཡིན་ནམ། 

ཏང་གི་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ཡིན། 

190.མཐོ་རིམ་སློབ་གྲྭའི་དགེ་རྒན་གྱིས་ལོག་སྤྱོད་ཀྱི་ཁྲིམས་འགལ་རྩ་འཛུགས་བཙུགས་པ་ཡིན་ན། ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་ཕོག་དོན་ཅི་ཡིན་ནམ། 

【གྱོད་དཔེ】མཐོ་སློབ་ཀྱི་དགེ་རྒན་ཞིག་གིས་གཞུང་མངགས་སློབ་སྦྱོང་བྱེད་པའི་རིང་ནུབ་ཕྱོགས་དགྲ་ཡའི་ཕྱོགས་གཏོགས་ཀྱི་ལོག་སྤྱོད་དྲིལ་བསྒྲགས་དང་ཤུགས་རྐྱེན་ཕོག་ཡོད། རྒྱལ་ནང་དུ་ལོག་རྗེས་དགེ་རྒན་དེས་འབྲེལ་ཡོད་སྡེ་ཚན་གྱིས་ཐོ་འགོད་བྱས་པ་བརྒྱུད་རྒྱལ་ནང་དུ་མི་མང་པོས་གྲུབ་པའི“རྒྱལ་སྤྱིའི་འཕེལ་རྒྱས་མཉམ་འབྲེལ་ལྷན་ཚོགས”བཙུགས། མཉམ་འབྲེལ་ལྷན་ཚོགས་དེས་དམངས་ཁྲོད་རྩ་འཛུགས་ཀྱི་མིང་གཡར་ནས་རིག་གཞུང་ཞིབ་འཇུག་དང་དགེ་སྒྲུབ་ཞལ་འདེབས་ཀྱི་མིང་ཐོག་ནས་རོགས་སྐྱོར་དང་མཉམ་ལས་སོགས་ཀྱི་བྱ་ཐབས་སྤྱད་དེ། གཞི་རྩའི་རྩ་དོན་བཞིར་ངོ་རྒོལ་བྱ་རྒྱུ་དམིགས་ཡུལ་དུ་འཛིན་པའི་ཁྲིམས་འགལ་གྱི་བྱེད་སྒོ་སྤེལ་བཞིན་ཡོད། དགེ་རྒན་དེར་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་ཕོག་ཡོད་པ་རེད། 

【དབྱེ་ཞིབ】《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》གི་དོན་ཚན་ང་བརྒྱད་པའི་གཏན་འབེབས་ལྟར་ན། ཏང་གི་མགོ་ཁྲིད་ལ་ངོ་རྒོལ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་ངོ་རྒོལ་བྱེད་པའམ་ཡང་ན་སྲིད་གཞུང་དགྲར་འཛིན་པ་སོགས་ཀྱི་རྩ་འཛུགས་སྒྲིག་འཛུགས་དང་དེའི་ནང་ཞུགས་པར་ཇུས་འགོད་བྱེད་མཁན་དང་། སྒྲིག་འཛུགས་བྱེད་མཁན། རྐང་འཛིན་པ་བཅས་ལ་ཏང་ཁོངས་ནས་འབུད་པའི་ཆད་པ་གཅོད་དགོས། 

དེའི་ནང་ཞུགས་མཁན་གཞན་དག་ལ་ཉེས་ཚབས་ཅུང་ཆུང་ན། ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་ཙམ་ཡིན་པར་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། བྱས་ཉེས་ཚབས་ཆེན་ཡིན་ན། ཏང་ཁོངས་ནས་ཕྱིར་ཕུད་པའི་ཆད་པ་གཅོད་དགོས། 

མཐོ་སློབ་དེའི་དགེ་རྒན་ཏང་ཡོན་ཞིག་ཡིན་པའི་ངོས་ནས་ལོག་སྤྱོད་ཀྱི་ཁྲིམས་འགལ་རྩ་འཛུགས་བཙུགས་པ་དང་། ཏང་གི་མགོ་ཁྲིད་ལ་ངོ་རྒོལ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་ངོ་རྒོལ་བྱེད་པ། སྲིད་གཞུང་དགྲར་འཛིན་པ་བཅས་ནི་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལས་འགལ་བའི་བྱེད་སྤྱོད་ཚབས་ཆེན་ཞིག་ཡིན་པས་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་དགོས། 

191.ཏང་ནང་དུ་ཚོགས་པའི་ཤོག་ཁག་བཙུགས་པར་ཁོ་རང་ཏང་ཁོངས་ནས་འབུད་དོན་ཅི་ཡིན་ནམ། 

【གྱོད་དཔེ】2015ལོའི་ཟླ8པའི་ཚེས15ཉིན་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཅང་སུའུ་ཞིང་ཆེན་ཏང་ཨུའི་སྔོན་ཆད་ཀྱི་རྒྱུན་ཨུ་དང་དྲུང་ཡིག་ཆེན་མོ་ཀྲའོ་ཆེ་གེ་མོས་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་སྲོལ། རྩ་འཛུགས་སྒྲིག་ཁྲིམས་བཅས་ལས་ཚབས་ཆེན་འགལ་ནས་ཏང་ནང་ཚོགས་པ་བཙུགས་ཏེ་ཁེ་ཕན་སྤེལ་རེས་དང་ཁེ་ཕན་གཞན་སྒྱུར་བྱས་པ་དང་། མགོ་ཁྲིད་ལས་བྱེད་པར་བསླུ་བྲིད་རུལ་བསླད་བཏང་ནས་ཡོངས་བསྒྲགས་ངང་སྤེལ་བ་དང་ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བའི་བླང་བྱ་ལས་འགལ་བའི་གཏམ་གླེང་སྤེལ་ཏེ་ཏང་ཁོངས་ནས་ཕུད་པ་རེད། 

【དབྱེ་ཞིབ】《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》གི་དོན་ཚན་ཞེ་དགུ་པར། “ཏང་ནང་དུ་ཚོགས་པ་སྒྲིག་པ་དང་། ངན་རུབ་སྒེར་གཉེར། ཤོག་ཁག་སྒྲིག་པ། མི་སྒེར་གྱི་སྟོབས་ཤུགས་གསོ་སྐྱོང་བྱེད་པ་སོགས་རྩ་འཛུགས་མིན་པའི་བྱེད་སྒོ་སྤེལ་བའམ་ཡང་ན་ཁེ་ཕན་བརྗེ་རེས་དང་རང་ཉིད་ལ་ཟིལ་ཤུགས་གཏོད་པ་སོགས་ཀྱི་བྱེད་སྒོ་སྤེལ་ནས་ཆབ་སྲིད་ཀྱི་མ་རྩ་བླངས་བར། ཐ་ཚིག་ནན་མོ་སྒྲོག་པའམ་ཡང་ན་ཏང་ནང་གི་གོ་གནས་མེད་པར་བཟོ་བའི་ཆད་པ་གཅོད་རྒྱུ་དང་། ས་ཁུལ་དེ་དང་སྡེ་ཁག་དེ། སྡེ་ཚན་དེ་བཅས་ཀྱི་ཆབ་སྲིད་ཀྱི་སྐྱེ་ཁམས་ཇེ་སྡུག་ཏུ་བཏང་བར་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའམ་ཏང་ནས་འབུད་པའི་ཆད་པ་གཅོད་རྒྱུ”ཞེས་པར་བཟོ་བཅོས་བྱས་ཡོད། “ཚོགས་པའི་ཚོགས་པ”ནི་བཀས་བཀོད་རྒྱུད་འཛིན་གྱི་མི་ལུས་གཞན་རྟེན་གྱི་འབྲེལ་བ་དང་ཕྱོགས་འཁྱམས་ཤོག་ཁག་གི་རིག་གནས་ལས་བྱུང་བ་ཡིན། 《སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ཁྲོད་ཏང་ནང་ཁུལ་དུ་ཚོགས་པ་སྒྲིག་པ་དང་། ངན་རུབ་སྒེར་གཉེར། ཤོག་ཁག་སྒྲིག་པ། མི་སྒེར་གྱི་སྟོབས་ཤུགས་སྐྱེད་སྲིང་། ཆབ་སྲིད་ཀྱི་མ་རྩ་དོན་གཉེར་བཅས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལས་འགལ་བའི་དོན་ཚན་གལ་ཆེན་དུ་བརྩིས་ནས་བསམ་བློ་དང་རྩ་འཛུགས། བྱ་སྤྱོད་བཅས་ཀྱི་ཐད་ཏང་ཡོན་དང་ཀྲུང་དབྱང་བར་གཅིག་གྱུར་ཡོང་བའི་སྒྲིག་ཁྲིམས་ཀྱི་བླང་བྱ་སྔར་ལས་ཆེ་རུ་གཏོང་དགོས། (མུ་འགོད)

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།