ཀྲུང་གོ་བོད་ཀྱི་དྲ་བ།

《“བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་ཤེས་བྱའི་དྲི་བ200》(སོ་ལྔ་པ)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-02-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

171. མགོ་སྐོར་སྡེ་ཚོགས་ལ་རོགས་བྱས་ནས་མགོ་སྐོར་དངུལ་བླངས་ན། ཉེས་པ་གང་བསག་པའི་དོགས་པ་ཡོད་དམ། 

【གྱོད་དཔེ།】 ཧོང་ཆེ་གེ་མོ་དང་ལི་ཆེ་གེ་མོ་གཉིས་ཀྱི་ལུགས་མཐུན་མ་ཡིན་པའི་ཁེ་བཟང་གི་ཆེད་དུ། ལེན་སྟངས་དང་དངུལ་སྐུར་རྣམ་པ་རིགས་མང་པོ་བརྒྱུད་ནས་གློག་འཕྲིན་མགོ་སྐོར་སྡེ་ཚོགས་ལ་རོགས་བྱས་ཏེ་མགོ་སྐོར་དངུལ་བླངས་པར་གྲོས་ཐག་བཅད་པས། གནོད་འཚེ་ཐེབས་མཁན་མང་པོར་མགོ་སྐོར་དངུལ་ཁྲི40ལྷག་གིས་གྱོང་གུད་ཐེབས། 

【དབྱེ་ཞིབ།】 ཧོང་ཆེ་གེ་མོ་དང་ལི་ཆེ་གེ་མོ་གཉིས་ཀྱིས་ཁྲིམས་འགལ་སྒེར་བཟུང་དམིགས་ཡུལ་དུ་བཟུང་བ་དང་། མགོ་སྐོར་པས་གློག་འཕྲིན་མགོ་སྐོར་ལ་བརྟེན་ནས་མགོ་སྐོར་དངུལ་ལེན་པ་ཤེས་བཞིན་དུ། གཞན་དངུལ་ལེན་པའི་མགོ་སྐོར་དུ་ཞུགས་ཤིང་། དངུལ་གྲངས་ཅུང་མང་བས། ཁོ་ཚོའི་བྱ་སྤྱོད་ཉེས་ཁྲིམས་དང་འགལ་ཞིང་། མགོ་སྐོར་ཉེས་པ་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་འོས། 

གློག་འཕྲིན་མགོ་སྐོར་འགོག་ཟོན་བྱེད་པར། གཤམ་གྱི་གནད་ལྔ་ཡིད་ལ་འཛིན་དགོས་ཏེ། 

(1) ཡིད་རྟོན་སླ་མོ་མི་བྱེད་པ། འབྱུང་ཁུངས་མི་གསལ་བའི་ཁ་པར་དང་བརྡ་འཕྲིན་ལ་ཡིད་རྟོན་སླ་མོ་མི་བྱེད་པ་དང་། ཁྲིམས་འགལ་པའི་ཁ་ཡག་ངོ་དགར་ཡིད་རྟོན་སླ་མོ་མི་བྱེད་པར། དུས་ལྟར་ཁ་པར་སྒོ་རྒྱག་པ་དང་། བརྡ་འཕྲིན་ལ་ལན་མི་འདེབས་པ། ཁྲིམས་འགལ་པར་མགོ་སྐོར་གྱི་གོ་སྐབས་ཕྲ་མོ་ཙམ་ཡང་སྟེར་མི་རུང་། 

(2) ཕྱིར་མི་བསྒྲགས་པ། སེམས་ཁམས་ཀྱི་འགོག་རགས་བརྟན་པོར་འཛུགས་པ་དང་། ཁེ་ཕན་ཕྲ་མོར་ཆགས་ནས་ཁྲིམས་འགལ་པའི་བརྡ་འཕྲིན་གྱིས་ཤུགས་རྐྱེན་ཐེབས་སུ་འཇུག་མི་རུང་། གནས་ཚུལ་ག་འདྲ་ཞིག་གི་འོག་ཏུ་ཡང་། རང་ཉིད་དང་ཁྱིམ་མིའི་ཐོབ་ཐང་ཆ་འཕྲིན་དང་གསོག་དངུལ། དངུལ་བྱང་སོགས་ཀྱི་གནས་ཚུལ་ཕ་རོལ་པར་བསྒྲགས་མི་རུང་། 

(3) དངུལ་མི་བསྐུར་བ། དངུལ་བྱང་གི་རྒྱུན་ཤེས་ལ་སློབ་སྦྱོང་དང་རྒྱུས་ལོན་བྱས་ནས། རང་ཉིད་ཀྱི་དངུལ་བྱང་ནང་གི་སྒོར་མོའི་བདེ་འཇགས་ཁག་ཐེག་བྱེད་པ་དང་། མི་ཆ་མེད་ལ་དངུལ་བརྗེ་བ་དང་བསྐུར་བ་སོགས་གཏན་ནས་བྱེད་མི་རུང་། ཁྱད་པར་དུ་ཀུང་སིའི་ནོར་སྲིད་ལས་མི་དང་། རྒྱུན་དུ་དངུལ་ལག་ལེན་བྱེད་པའི་མི་ཚོགས་སོགས་ཀྱིས། དངུལ་བརྗེ་བ་དང་བསྐུར་བའི་སྔོན་དུ། ཕ་རོལ་པའི་དངུལ་བྱང་ཨང་གྲངས་ལ་ཞིབ་བཤེར་ནན་མོ་བྱས་ཏེ། ཁྲིམས་འགལ་པས་གཡོ་ཐབས་ཤམ་པའི་སྐབས་ཕྲ་མོ་ཙམ་སྟེར་མི་རུང་། 

(4) དངུལ་བྱང་མི་གཡར་བ། མི་སྒེར་གྱི་དངུལ་བྱང་གཞན་ལ་གཏན་ནས་གཡར་མི་རུང་། ཁྲིམས་འགལ་པས་གཡར་བའི་དངུལ་བྱང་བེད་སྤྱད་ནས་དངུལ་ལེན་པ་དང་བསྐུར་བའི་གློག་འཕྲིན་མགོ་སྐོར་གཏོང་། གལ་ཏེ་ཁྲིམས་འགལ་པར་དངུལ་བྱང་འདོན་སྤྲོད་བྱས་ནས་ཉེས་པ་བཟོ་བར་རོགས་བྱས་པ་སྤྱི་བདེ་ལས་ཁུངས་ཀྱིས་ཤེས་རྗེས། དུས་མཚུངས་ཀྱི་བཅའ་ཁྲིམས་འགན་འཁྲི་འཁུར་དགོས།

(5) གྱོད་དོན་སྙན་སེང་ཞུ་བ། གཉེན་ཉེ་དང་གྲོགས་པོ་ཚོར་མགོ་སྐོར་ཐེབས་པ་ཐོས་པའི་ཚེ། འཕྲལ་མར་སྤྱི་བདེ་ལས་ཁུངས་ལ་གྱོད་དོན་སྙན་སེང་ཞུ་དགོས་པ་མ་ཟད། བདེན་དཔང་ཉར་ཚགས་བྱ་རྒྱུར་དོ་སྣང་བྱེད་པ་དང་། ཉེས་གསོག་མཁན་གྱི་དངུལ་ཁང་རྩིས་ཐོའི་ཨང་གྲངས་དང་། རུས་མིང་། འབྲེལ་གཏུག་ཁ་པར་སོགས་གནས་ཚུལ་ཞིབ་ཕྲ་མཁོ་འདོན་བྱས་ཏེ། སྤྱི་བདེ་ལས་ཁུངས་ཀྱིས་མྱུལ་ཞིབ་ལས་དོན་ནུས་ལྡན་ངང་སྤེལ་བར་སྟབས་བདེ་སྐྲུན་དགོས།

ལེའུ་དྲུག་པ། ཏང་ནང་གི་ཁྲིམས་སྲོལ། 

172. ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ནི་ཅི་ཞིག་ཡིན།

ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ནི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ལས་དོན་ཀྱི་སྤྱོད་ཚུལ་ལེགས་བཅོས་སུ་གཏོང་བ་དང་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་སྐོར་གྱི་གཏན་འབེབས་ཡིན་ལ། བརྟག་དཔྱད་ཞིབ་འཇུག་ལེགས་བཅོས་སུ་གཏོང་བ་དང་། ཚོགས་འདུ་དང་བྱ་འགུལ་ཁུ་བསྡུ་བྱེད་པ། ཡིག་ཆ་དང་གནས་ཚུལ་གནད་ཞུ་ཁུ་བསྡུ་བྱེད་པ། ཕྱི་རྒྱལ་དུ་འཚམས་འདྲིར་སྐྱོད་པའི་བྱ་འགུལ་ཚད་ལྡན་དུ་གཏོང་བ། ཉེན་སྲུང་ལས་དོན་ལེགས་བཅོས་སུ་གཏོང་བ། གསར་འགྱུར་སྤེལ་སྟངས་ལེགས་བཅོས་སུ་གཏོང་བ། ཟིན་བྲིས་འགྲེམས་སྤེལ་ནན་མོ་བྱེད་པ། གྲོན་ཆུང་བསྲི་ཚགས་ལྷུར་ལེན་བྱེད་པ་བཅས་ནན་བཤད་གནང་བར་བསྟན།

173.ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་ཕྱོགས་གང་དག་གི་མངོན་གསལ་དོད་པའི་གནད་དོན་གཙོ་གནད་དུ་བཟུང་ནས་བཅོས་སྐྱོང་བྱེད་དགོས་སམ།

(1) ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཐད། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་མགོ་ཁྲིད་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་པ་དང་། ཀྲུང་དབྱང་གི་བཀའ་བཀོད་ཐོགས་མེད་ཡོང་བར་ཤུགས་རྐྱེན་གཏོང་བའི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་གཙོ་གནད་བཅོས་སྒྲིག་བྱེད་དགོས།

(2) མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་སྒྲུབ་པའི་ཐད། མང་ཚོགས་ཉེ་འགྲམ་དང་ལྷག་པར་དུ་མང་ཚོགས་ཀྱིས་གླེང་མང་བའི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་མངོན་གསལ་དོད་པའི་གནད་དོན་གཙོ་གནད་བཅོས་སྒྲིག་བྱེད་དགོས།

(3) རང་འགན་གཙང་སྒྲུབ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་སྒྲུབ་པའི་ཐད། འགན་འཁྲི་མི་འཁུར་བ་དང་། བྱ་བ་མི་སྒྲུབ་པ། ལས་ཀ་ནར་འགྱངས། ལས་ཀ་གང་བྱུང་དུ་སྒྲུབ་པ། བྱ་བ་རྫུན་མ་སྒྲུབ་པ་སོགས་ཀྱི་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་བར་ཤུགས་རྐྱེན་བཟོ་བའི་མངོན་གསལ་དོད་པའི་གནད་དོན་གཙོ་གནད་བཅོས་སྒྲིག་བྱེད་དགོས།

(4)སློབ་སྲོལ་དང་ཚོགས་སྲོལ་རྩོམ་སྲོལ་དང་ཞིབ་བཤེར་རྟོག་ཞིབ་ཐད། ཐེངས་གྲངས་མང་དྲགས་པའམ་གང་བྱུང་དང་ཕྱི་ཚུལ་སུ་མངོན་པ་སོགས་མངོན་གསལ་དོད་པའི་གནད་དོན་གཙོ་གནད་བཅོས་སྒྲིག་བྱེད་དགོས།

174. ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཅིག་བསྡུས་བཅོས་སྐྱོང་བྱེད་པའི་བྱ་ཐབས་ཅི་ཞིག་ཡིན་ནམ།

(1) བརྟག་དཔྱད་ཞིབ་འཇུག་དང་གྲལ་བཤེར་གཏིང་ཟབ་བྱེད་པ།

(2) ཡོ་བསྲང་དང་དག་ཐེར་བྱེད་ཤུགས་ཆེ་རུ་གཏོང་བ།

(3) སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་ནན་མོ་བྱེད་པ།

(4) “འགག་རྩའི་ཉུང་ཤས”ལ་དམ་འཛིན་བྱེད་པ།

(5) སྤེལ་བཞིན་པའི་ཆེད་དམིགས་ལས་དོན་གལ་ཆེན་དང་ཟུང་དུ་སྦྲེལ་བ།

(6) སྐོར་གཟིགས་དང་སྐོར་ཞིབ་ཀྱིས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ལ་ལྟ་སྐུལ་བྱེད་པའི་ནུས་པ་འདོན་སྤེལ་བྱེད་པ།

(7) ལྟ་སྐུལ་དང་ཐེར་འདོན་གྱི་ཐབས་ལམ་ཤར་བགྲོད་བྱས་ནས། དུས་ཐོག་ཏུ་གནད་དོན་གྱི་ཁུངས་སྣེ་རྙེད་པ།

(8) དཔེ་མཚོན་གྱོད་དཔེའི་བརྡ་ཁྱབ་དམར་རྗེན་དུ་འདོན་པ།

(9) ལས་ཀར་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ།

175. “སྤྱོད་ཚུལ་བཞིའི”གནད་དོན་བྱེ་བྲག་ཏུ་བསྟན་པ་ནི་ཅི་ཞིག་ཡིན་ནམ།

ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས། བག་མེད་ཆུད་ཟོས་ཀྱི་སྤྱོད་ཚུལ་བཅས་སོ། །


 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།