ཀྲུང་གོ་བོད་ཀྱི་དྲ་བ།

《“བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་ཤེས་བྱའི་དྲི་བ200》(སོ་གསུམ་པ)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2023-11-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

161.དྲ་ལམ་ཐད་གཏོང་བ་ཞིག་གིས་ཐད་གཏོང་སྟེགས་བུ་ཞིག་ཏུ་ཐད་གཏོང་བྱེད་སྐབས་དབང་བཅོལ་མ་ཐོབ་པར་གླུ་གཞས་ཤིག་བླངས། བྱ་སྤྱོད་འདི་ཁྲིམས་མཐུན་ཡིན་ནམ། 

ཁྲིམས་མཐུན་མིན།2021ལོའི་ཟླ6པའི་ཚེས1ཉིན་ལག་བསྟར་བྱས་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩོམ་གྱི་བདག་དབང་བཅའ་ཁྲིམས》གསར་བའི་ནང་རོལ་དབྱངས་ཀྱི་བདག་དབང་ནི་རྩོམ་གྱི་བདག་དབང་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱེད་པའི་བརྩམས་ཆོས་གྲས་ཤིག་ཡིན་ལ། རོལ་དབྱངས་ཀྱི་པར་དབང་ལ་གནོད་འཚེ་བཏང་ན་གནོད་འཚེའི་འགན་འཁྲི་ཁུར་དགོས། ཞེས་གཏན་འབེབས་བྱས་ཡོད། དྲ་ལམ་ཐད་གཏོང་བ་ཞིག་གིས་དབང་བཅོལ་མ་ཐོབ་པར་གླུ་གཞས་ཤིག་བླངས་བས། གླུ་གཞས་རྩོམ་པ་པོའི་རྩོམ་གྱི་བདག་དབང་ལ་གནོད་འཚེ་བཏང་ཡོད། ཐད་གཏོང་སྟེགས་བུས་རྣམ་གཞག་དོན་ཚན་དུས་ཆད་གཏན་འབེབས་བརྒྱུད་ཐད་གཏོང་སྟེགས་བུ་ལ་ཐད་གཏོང་བའི་ཐད་གཏོང་བརྙན་རིས་ཀྱི་ཤེས་བྱའི་བདག་དབང་ཚང་མ་སྤྱོད་དབང་ཡོད། སྟེགས་བུ་ལ་གནོད་འཚེ་བཏང་བའི་ནང་དོན་ཁྲོད་ཐད་ཀར་དུ་ཁེ་ཕན་ཐོབ་པས། གནོད་འཚེ་གཏོང་རོགས་སུ་གྱུར་ཡོད། 

162.རང་ཉིད་ཀྱིས་སྒྲིག་སྦྱོར་བྱས་པའི་གློག་བརྙན་འཕྲིན་གྱི་བརྙན་དུམ་ལ་རྒྱབ་ལྗོངས་རོལ་དབྱངས་སྦྱར་ན་བདག་དབང་ལ་གནོད་འཚེ་བཏང་བར་བརྩིའམ། 

[གྱོད་དཔེ།] དྲ་དཔོན་ལ་ལས་བསམ་བཞིན་རང་ཉིད་ཀྱིསསྒྲིག་སྦྱོར་བྱས་པའི་གློག་བརྙན་འཕྲིན་ཟློས་གར་གྱི་བརྙན་དུམ་ལ་རྒྱབ་ལྗོངས་རོལ་དབྱངས་བཞག་ནས། དྲ་གྲོགས་ཀྱིས་ཅིའི་ཕྱིར་འདི་ལྟར་བཟོས་པ་ཡིན་ཞེས་འདྲི་སྐབས། བརྙན་ཐུང་སྒྲིག་སྦྱོར་མཁན་ལ་ལས་རང་རློམ་ཆེན་པོས། རྒྱབ་ལྗོངས་རོལ་དབྱངས་བཞག་རྗེས་པར་དབང་ལ་གནོད་པར་མི་བརྩིས་ཞེས་ལན་འདེབས། གོ་བ་ལེན་སྟངས་འདི་རིགས་འགྲིག་གམ། 

[དབྱེ་ཞིབ།] མི་འགྲིག རྩོམ་གྱི་བདག་དབང་བཅའ་ཁྲིམས་གསར་པ་གཞིར་བཟུང་ན། གལ་ཏེ་སྒྲིག་སྦྱོར་གྱི་བྱ་སྤྱོད་ཁོ་ན་ཡིན་ཚེ། བརྙན་ཐུང་འདི་དག་གི་སྒྲིག་སྦྱོར་བའི་བྱ་སྤྱོད་ནི་པར་དབང་ལྡན་མཁན་གྱི་གློག་བརྙན་འཕྲིན་མ་རྩོམ་ལ་བཟོ་བཅོས་དབང་ཆ་དང་བརྡ་འཕྲིན་དྲ་ལམ་སྒྲོག་སྤེལ་དབང་ཆར་གནོད་འཚེ་ཐེབས་སྲིད། གལ་ཏེ་སྒྲིག་སྦྱོར་ནང་དོན་གྱིས་གློག་བརྙན་འཕྲིན་བརྩམས་ཆོས་ཀྱི་བརྗོད་དོན་ངོ་མར་འགྲེལ་ལོག་བརྒྱབ་ཡོད་ན། གསར་རྩོམ་པའི་བརྩམས་ཆོས་ཀྱི་ཆ་ཚང་རང་བཞིན་ལ་སྲུང་སྐྱོབ་བྱེད་པའི་དབང་ཆར་གནོད་འཚེ་ཐེབས་སྲིད། གལ་ཏེ་སྒྲིག་སྦྱོར་དང་། བཅད་གཏུབ། བཀོལ་སྤྱོད་ཀྱི་བརྙན་ཐུང་ཁྲོད་བརྩམས་ཆོས་བདག་པོའི་མིང་བཀོད་མེད་ཚེ། བརྩམས་ཆོས་བདག་པོའི་མིང་བཀོད་དབང་ཆར་གནོད་འཚེ་ཐེབས་སྲིད། 

163.གཞན་གྱི་ཚབ་བྱས་ཏེ་རྒྱུགས་ལ་ཞུགས་པའི་བྱ་སྤྱོད་ཀྱིས་འབྲེལ་ཡོད་ཉེས་པ་གང་བསགས་ཡོད་དམ། 

[གྱོད་དཔེ།] ཧོའུ་ཆེ་གེ་མོས་ཧུའུ་ཆེ་གེ་མོའི་ཚབ་བྱས་ཏེ་རྒྱལ་ཡོངས་ཞིབ་འཇུག་སློབ་མའི་སློབ་བསྡུའི་རྒྱུགས་ལ་ཞུགས། རྒྱུགས་རའི་ལྟ་རྟོག་མི་སྣས་དེ་མ་ཐག་ཤེས་རྟོགས་བྱུང་། ཧུའུ་ཆེ་གེ་མོས་རང་འགུལ་གྱིས་སྤྱི་བདེ་ལས་ཁུངས་ལ་ཞུ་གཏུག་བྱས་ཤིང་། མི་གཉིས་ཀྱིས་ཀྱང་ཉེས་པ་ཇི་བཞིན་ཁས་ལེན་བྱས། གཞན་གྱི་ཚབ་བྱས་ཏེ་རྒྱུགས་ལ་ཞུགས་ན་བཅའ་ཁྲིམས་གང་དང་འགལ་ཡོད་དམ། 

[དབྱེ་ཞིབ།]《ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་གྱ་བཞི་བའི་ཚན་པ་དང་པོ་དང་བཞི་བའི་ནང་སོ་སོར་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་རྒྱལ་ཁབ་ཀྱི་རྒྱུགས་ལེན་ཁྲོད། རྐུ་ལྟ་རྩ་འཛུགས་བྱས་ན། ལོ་གསུམ་མན་གྱི་དུས་གཏན་བཙོན་འཇུག་གམ་བཀག་ཉར་དང་། ཞོར་དུ་དངུལ་ཆད་གཅོད་པའམ་དངུལ་ཆད་ཁོ་ན་གཅོད་པ། གོ་རིམ་ཚབས་ཆེན་ཡིན་ན། ལོ་གསུམ་ཡན་དང་ལོ་བདུན་མན་གྱི་དུས་བཀག་བཙོན་འཇུག་དང་། དེའི་ཞོར་དུ་དངུལ་ཆད་གཅོད་དགོས། གཞན་གྱི་ཚབ་བྱེད་པའམ་གཞན་པ་རང་ཉིད་ཀྱི་ཚབ་བྱེད་དུ་བཅུག་ནས་ཚན་པ་དང་པོས་གཏན་འཁེལ་བྱས་པའི་རྒྱུགས་ལ་ཞུགས་ན། བཀག་ཉར་རམ་རྩིས་སྤྲོད་དོ་དམ་བྱེད་པ་དང་། དེའི་ཞོར་དུ་དངུལ་ཆད་གཅོད་པའམ་དངུལ་ཆད་ཁོ་ན་གཅོད་དགོས། ཞེས་གཏན་འབེབས་བྱས་ཡོད། གྱོད་དོན་འདིའི་ཁྲོད་དུ། ཧུའུ་ཆེ་གེ་མོས་ཧོའུ་ཆེ་གེ་མོ་རང་ཉིད་ཀྱི་ཚབ་བྱེད་དུ་བཅུག་ནས་ཞིབ་འཇུག་སློབ་མའི་སློབ་བསྡུའི་རྒྱུགས་ལ་ཞུགས་སུ་བཅུག མི་གཉིས་ཀྱིས་རྒྱུགས་ལེན་ཚབ་བྱེད་ཉེས་པ་བསགས་ཡོད། ཧོའུ་ཆེ་གེ་མོས་རང་འགུལ་གྱིས་ཞུ་གཏུག་བྱས་ཏེ་རང་ཉེས་ཁས་བླངས་པ་དང་། མི་གཉིས་ཀྱིས་རང་ཉིད་ཀྱི་ཉེས་པ་ཇི་བཞིན་ཁས་བླངས་པས། ཡང་མོ་སྒོས་ཐག་གཅོད་བྱས་རུང་། 

164.དགའ་རྟགས་མཐོན་པོས་བློ་བྲིད་དེ་རིམ་པ་ནས་རིམ་པར་ཁེ་སྤོགས་ལེན་པའི་བརྒྱུད་ཚོང་མགོ་སྐོར་གྱི་གསང་བ་ཇི་ལྟར་བརྟོལ་དགོས། 

[གྱོད་དཔེ།] ཀུང་སི་ག་གེ་མོས་དགའ་རྟགས་མཐོན་པོས་བློ་བྲིད་དེ། མ་རྩ་དང་རིན་གོང་རྒྱབ་འགལ་ཚབས་ཆེན་དུ་གྱུར་པའི་ཐོན་རྫས་ཉོ་རུ་བཅུག་སྟེ་ཚོགས་མིར་གྱུར་པ་དང་། དེ་ནས་ཚོགས་མི་རྒྱ་བསྐྱེད་པར་བརྟེན་ནས་ཁེ་སྤོགས་ལེན་པ། ཚོགས་མིར་མགོ་བསྐོར་ནས་མུ་མཐུད་དུ་མི་གཞན་ཞུགས་སུ་བཅུག་ནས། དཔལ་འབྱོར་ཁེ་སྤོགས་འབོར་ཆེན་བླངས། 

[དབྱེ་ཞིབ།] ཀུང་སི་འདིར་བརྒྱུད་ཚོང་ཉེས་གསོག་གི་དོགས་པ་ཡོད།《བརྒྱུད་ཚོང་གཏན་འགོག་སྲོལ་ཡིག》གི་དོན་ཚན་བདུན་པའི་ནང་གཤམ་གསལ་གྱི་བྱ་སྤྱོད་དག་བརྒྱུད་ཚོང་ལ་གཏོགས་ཞེས་གཏན་འབེབས་བྱས་ཡོད། 

(1)རྩ་འཛུགས་པའམ་ཚོང་གཉེར་པས་ཁོངས་མི་རྒྱ་བསྐྱེད་ནས་ཁོངས་མིར་ཡང་བསྐྱར་ཁོངས་མི་རྒྱ་བསྐྱེད་དགོས་པའི་རེ་བ་བཏོན་ཏེ། རྒྱ་བསྐྱེད་མི་སྣ་དང་ཐད་ཀར་རམ་བརྒྱུད་པའི་ཚུལ་གྱིས་ཁོངས་མི་རྒྱ་བསྐྱེད་པའི་མི་གྲངས་ལ་བརྟེན་ནས་གླ་ཕོག་རྩིས་བརྒྱབ་ནས་བྱིན་པ།(དངོས་པོའི་དགའ་རྟགས་སམ་གཞན་པའི་དཔལ་འབྱོར་ཁེ་ཕན་འདུས)ཁྲིམས་འགལ་ཁེ་བཟང་ལེན་པ། 

(2)རྩ་འཛུགས་པའམ་ཚོང་གཉེར་པས་ཁོངས་མི་རྒྱ་བསྐྱེད་ནས་རྒྱ་བསྐྱེད་མི་སྣར་རིན་སྤྲོད་པའམ་ཚོང་རྫས་ཉོ་རུ་འཇུག་པ་སོགས་ཀྱི་རྣམ་པ་འགྱུར་བའི་རིན་སྤྲོད་པའི་བླང་བྱ་འདོན་པ། ཁོངས་ཞུགས་སམ་ཁོངས་མི་རྒྱ་བསྐྱེད་པའི་ཐོབ་ཐང་བླངས་ཏེ། ཁྲིམས་འགལ་ཁེ་བཟང་ལེན་པ། 

(3)རྩ་འཛུགས་པའམ་ཚོང་གཉེར་པས་ཁོངས་མི་རྒྱ་བསྐྱེད་ནས་རྒྱ་བསྐྱེད་པའི་མི་སྣས་ཁོངས་མི་གཞན་པ་རྒྱ་བསྐྱེད་པའི་བླང་བྱ་བཏོན་པ་དང་། གོང་འོག་གི་བརྒྱུད་སྐུད་ཆགས་སུ་འཇུག་པ་མ་ཟད། ད་དུང་འོག་རིམ་གྱི་ཕྱིར་ཚོང་བྱས་འབྲས་གཞིར་བཟུང་ནས་གླ་ཕོག་རྩིས་བརྒྱབ་ནས་བྱིན་ཏེ། ཁྲིམས་འགལ་ཁེ་བཟང་ལེན་པ། 

165.མགོ་སྐོར་ཚོགས་པར་བསམ་བཞིན་དངུལ་བྱང་དངUདཔང་འདོན་སྤྲོད་བྱས་ནས་མི་མང་པོར་མགོ་སྐོར་ཐེབས་ན། ཉེས་པ་གང་བསགས་ཡོད་དམ། 

[གྱོད་དཔེ།] ཏུའུ་ཆེ་གེ་མོ་དང་ཀུའོ་ཆེ་གེ་མོ། ཏིང་ཆེ་གེ་མོ་བཅས་ཀྱིས་ཁྲིམས་འགལ་ཁེ་བཟང་ཐོབ་ཆེད། གཞན་གྱིས་ཁྲིམས་འགལ་ཉེས་གསོག་བྱེད་པ་ཤེས་པའི་གནས་ཚུལ་འོག དངུལ་བྱང་དངUདཔང་མགོ་སྐོར་ཚོགས་པར་སྤྱོད་དུ་བཅུག་སྟེ། གནོད་འཚེ་ཐེབས་མཁན་མང་པོར་མགོ་སྐོར་ཐེབས་ནས་་རྒྱུ་ནོར་འབོར་ཆེན་ཤོར། 

[དབྱེ་ཞིབ།] ཏུའུ་ཆེ་གེ་མོ་དང་ཀུའོ་ཆེ་གེ་མོ། ཏིང་ཆེ་གེ་མོ་བཅས་ཀྱིས་མི་གཞན་གྱིས་བརྡ་འཕྲིན་དྲ་རྒྱ་བཀོལ་སྤྱོད་བྱས་ཏེ་ཉེས་གསོག་བྱེད་པ་ཤེས་བཞིན་དུ། གཞན་གྱིས་བརྡ་འཕྲིན་དྲ་རྒྱའི་ཉེས་གསོག་གིས་དངུལ་གཏོང་སྡོམ་རྩིས་རྒྱག་པར་རོགས་རམ་བྱས་པས། བྱ་སྤྱོད་དེ《ཉེས་ཁྲིམས》ལས་བརྡ་འཕྲིན་དྲ་རྒྱའི་ཉེས་གསོག་བྱ་འགུལ་ལ་རོགས་བྱས་པའི་ཉེས་པར་གྱུར་ཡོད། ཉེ་བའི་ལོ་འགའི་རིང་། དངུལ་བྱང་དང་ཁ་པར་བྱང་བུ་ཉོ་བའི་སྣང་ཚུལ་བརྡ་འཕྲིན་དྲ་རྒྱའི་མགོ་སྐོར་གྱོད་གཞི་ཁྲོད་འབྱུང་ཚད་མཐོ། རྒྱ་ཆེ་བའི་མང་ཚོགས་ཀྱིས་ཉིན་རྒྱུན་འཚོ་བའི་ཁྲོད་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་ལ་མཐོང་ཆེན་བྱས་ཏེ། ཁེ་བཟང་ཆུང་ཆུང་ལ་དམིགས་ནས་ཉེན་ཁ་བརྒྱུད་པ་དང་རང་ཉིད་ཁྲིམས་འགལ་ནང་མི་ཞུགས་རྒྱུ་གལ་ཆེ། (མུ་འགོད།)


རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།