ཀྲུང་གོ་བོད་ཀྱི་དྲ་བ།

《“བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་ཤེས་བྱའི་དྲི་བ200》(སོ་གཉིས་པ)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2023-05-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

156.དུག་རྫས་འཐེན་པ་ནི་ཉེས་གསོག་བྱ་སྤྱོད་ལ་གཏོགས་པ་ཡིན་ནམ།

དུག་རྫས་འཐེན་པ་ཁོ་ན་ཉེས་གསོག་གི་བྱ་སྤྱོད་ལ་མི་གཏོགས་པས། དེ་ནི་སྤྱིར་བཏང་གི་ཁྲིམས་འགལ་བྱ་སྤྱོད་ཀྱི་ཁོངས་སུ་གཏོགས་ཤིང་། བདེ་འཇགས་ཆད་གཅོད་དམ་ཡང་ན་དུག་རྫས་གཅོད་ཁང་དུ་སོང་ནས་བཙན་ཤེད་ཀྱིས་དུག་རྫས་གཅོད་དུ་འཇུག་དགོས། གལ་ཏེ་དུག་རྫས་ཉོ་ཐེངས་གཅིག་ལ་ཁེ10ལས་བརྒལ་ན། ཁྲིམས་འགལ་གྱིས་དུག་རྫས་ཉར་འཛིན་བྱེད་པའི་ནག་ཉེས་སུ་གཏོགས།

157.དུག་རྫས་བཟོ་འཚོང་དང་ཆུང་མ་གསོད་པ་ནི་ཉེས་པ་གང་དག་བསགས་པར་འབྲེལ་ཡོད་དམ།

【གྱོད་དཔེ】ཧྥུའུ་ཆེ་གེ་མོ་མི་གཞན་གྱི་སླུ་བྲིད་འོག་དུག་རྫས་ཀྱི་དབྱིངས་སུ་ཞུགས་པ་མ་ཟད་དུག་རྫས་བཟོ་བ་དང་ཉོ་འཚོང་བྱེད་མགོ་བརྩམས། ཁོས་ད་དུང་མངལ་ཆགས་ཡོད་པའི་བཟའ་ཟླ་ཁྲེན་ཆེ་གེ་མོ་ལ་འཇིགས་བསྐུལ་ནས་དུག་རྫས་བསྐྱལ་དུ་བཅུག་ནས་ཁྲིམས་འགལ་གྱི་ཁེ་ཕན་བླངས། འཁྲུལ་སྣང་སྐྱེས་རྗེས། ཧྥུའུ་ཆེ་གེ་མོས་གྲི་བཟུང་ནས་ཆུང་མར་བསྣུན་མཐར། ཡ་ང་བའི་གནས་ཚུལ་བྱུང་།

【དབྱེ་ཞིབ】ཧྥུའུ་ཆེ་གེ་མོས་རང་ཉིད་ཀྱིས་དུག་རྫས་བཟོས་རྐྱེན། དུག་རྫས་བཟོ་པའི་ཉེས་པ་བསགས་པ་སྟེ། དུག་རྫས་བཟོས་རྗེས་ཉོ་འཚོང་བྱས་པས། སླར་ཡང་དུག་རྫས་ཉོ་འཚོང་བྱས་པའི་ཉེས་པ་བསགས་པ་དང་། དུས་མཚུངས་སྦྲུམ་མར་བརྟེན་ནས་དུག་རྫས་ཉོ་འཚོང་བྱས་ནས་དུག་རྫས་མང་དུ་འཐེན་རྗེས་འཁྲུལ་སྣང་སྐྱེས་ཏེ་བཟའ་ཟླ་བསད་པས། བསམ་བཞིན་མི་བསད་པའི་ནག་ཉེས་བསགས་པ་རེད།

158.ཁྱིམ་ཚང་ལ་གཏུམ་སྤྱོད་ཐེབས་ན་མི་ལུས་བདེ་འཇགས་སྲུང་སྐྱོང་གི་རེ་འདུན་ཞུས་ཆོག་གམ།

【གྱོད་དཔེ】ཁྲེན་ཆེ་གེ་མོས་ཁྱོ་ག་ཏོན་ཆེ་གེ་མོས་ཁུ་ཚུར་དང་རྡོག་བརྫིས་ཀྱིས་བརྒྱབ་པས་ཉེན་བརྡ་བཏང་། ཏོན་ཆེ་གེ་མོ་ཉིན10ཉིན་བཀག་བསྐྱིལ་བྱས། ཁོའི་ཕ་མ་གཉིས་ཀྱིས་བཀག་ཉར་བཀག་བསྐྱིལ་ལོངས་རྗེས་ཁྲེན་ཆེ་གེ་མོ་དང་མོའི་ཕ་མར་འཁོན་ལན་སློག་པའི་སྦྱོར་བ་བརྩམས་པས། ཁྲེན་ཆེ་གེ་མོས་ཞུ་གཏུག་བྱས་ཤིང་། ཁྲིམས་ཁང་གིས་མི་ལུས་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་བཀའ་ཕབ།

【དབྱེ་ཞིབ】《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》ནང་གཏན་འབེབས་བྱས་དོན། དོ་བདག་ལ་ཁྱིམ་ཚང་གི་གཏུམ་སྤྱོད་ཐེབས་པའམ་ཁྱིམ་ཚང་གི་གཏུམ་སྤྱོད་ཀྱི་ཉེན་ཁ་དངོས་ལ་འཕྲད་པས། མི་དམངས་ཁྲིམས་ཁང་ལ་མི་ལུས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བཀའ་ཕབ་པའི་རེ་ཞུ་བྱས་ཚེ། མི་དམངས་ཁྲིམས་ཁང་གིས་བདག་སྤྲོད་བྱེད་དགོས།

159.མཉམ་དུ་འཚོ་བ་རོལ་བའི་དགའ་རོགས་སྐྱེས་པས་རྗེས་འདེད་དང་། ཆགས་སྲེད་སློང་བ། གཅར་རྡུང་བཅས་བྱས་ན་མི་ལུས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བཀའ་ཡིག་རེ་ཞུ་བྱས་ཆོག་གམ།

【གྱོད་དཔེ】ཝུའུ་ཆེ་གེ་མོས་མཉམ་དུ་འཚོ་བ་རོལ་བའི་དགའ་རོགས་སྐྱེས་པར་ཁ་ཁར་འགྲོ་བའི་གྲོས་གཞི་བཏོན་པ་དང་། དབྱང་ཆེ་གེ་མོ་མོས་མཐུན་བྱུང་ཡང་ཝུའུ་ཆེ་གེ་མོའི་རྗེས་དེད་པ་དང་། ཆགས་སྲེད་བསླངས་པ། གཅར་རྡུང་སོགས་བྱས་ཤིང་། ཉེན་རྟོག་པས་སློབ་གསོ་བཏང་ནས་ཐ་ཚིག་བསྒྲགས་ཀྱང་ད་དུང་གནད་དོན་ཡོ་བསྲང་མི་བྱེད་པ་མ་ཟད། སྔར་ལས་ཇེ་སྡུག་དུ་སོང་། ཝུའུ་ཆེ་གེ་མོས་ཁྲིམས་ཁང་ལ་མི་ལུས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བཀའ་ཕབ་པའི་རེ་ཞུ་བྱས། ཝུའུ་ཆེ་གེ་མོའི་གཞི་འཛིན་ས་ནི་ཅི་ཞིག་ཡིན།

【དབྱེ་ཞིབ】《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》ནང་། ཁྱིམ་ཚང་གི་ཁོངས་མིའི་བར་གྱི་གཏུམ་སྤྱོད་ལ་སྔོན་འགོག་དང་བཀག་འགོག་བྱེད་དགོས་པ་མ་ཟད། ཁྱིམ་ཚང་གི་ཁོངས་མི་ཕུད་དེ་མིན་ད་དུང་མཉམ་དུ་འཚོ་བ་རོལ་མཁན་བར་གྱི་གཏུམ་སྤྱོད་ཀྱང་ནང་དུ་འདུ། མཉམ་དུ་འཚོ་བ་རོལ་ནས་བསྡད་ཡོད་པའི་འབྲེལ་བའི་ཁྲོད་གཏུམ་སྤྱོད་ཀྱི་གནོད་འཚེ་ཕོག་མཁན་གྱི་མི་ལུས་ཁེ་དབང་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་དགོས།

160.སྨན་བཅོས་འགན་བཅོལ་ཅུའུ་ཡི་ལས་དོན་མི་སྣས་དངུལ་སྨར་མི་ལེན་པར་ཁྲིམས་འགལ་གྱི་དོགས་གཞི་ཡོད་དམ།

【གྱོད་དཔེ】 2020ལོའི་ཟླ11པའི་ཚེས23ཉིན། ཧུའུ་པེའི་དབྱི་ཁྲང་གྲོང་ཁྱེར་གྱི་བགྲེས་པོ་ཞིག་ཆར་བར་མ་འཛེམས་པར་དངུལ་སྨར་འཁྱེར་ནས་སྨན་བཅོས་འགན་བཅོལ་གྲོན་དངུལ་སྤྲོད་དུ་སོང་བར། གྲོང་ཁྱེར་སྨན་བཅོས་འགན་བཅོལ་ཅུའུ་ཡི་ལས་དོན་མི་སྣས་རྒན་པོ་དེར“དངུལ་སྨར་བསྡུ་གི་མིན། ཡང་ན་ཁྱོད་ཀྱི་གཉེན་ཉེར་ཤོད། དེ་མིན་ན་ཁྱེད་རང་ཉིད་ཀྱི་ལག་ཁྱེར་ཁ་པར་སྟེང་ནས་གཏོང་སྤྲོད་བྱོས་ཟེར"སྨན་བཅོས་འགན་བཅོལ་ཅུའུ་ཡི་ལས་དོན་མི་སྣའི་བྱེད་སྟངས་འདི་ཁྲིམས་མཐུན་ཡིན་ནམ།

【དབྱེ་ཞིབ】 ཁྲིམས་དང་མི་མཐུན།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་གོའི་མི་དམངས་དངུལ་ཁང་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་ཤོག་སྒོར་དོ་དམ་སྲོལ་ཡིག》ནང་། “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་བཀོད་དངུལ་ལོར་ནི་མི་དམངས་ཤོག་སྒོར་ཡིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཡོད་པའི་སྤྱི་དང་སྒེར་གྱི་བུ་ལོན་མཐའ་དག་མི་དམངས་ཤོག་སྒོར་གྱི་ཐོག་ནས་གཏོང་སྤྲོད་བྱ་དགོས་ལ། ལས་ཁུངས་དང་མི་སྒེར་སུ་ཡིན་ཡང་དང་ལེན་མ་བྱས་ན་མི་ཆོག"པར་གཏན་འཁེལ་བྱས་ཡོད། (མུ་འགོད)

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།